བསྟན་འཛིན་འབྱོར་ལྡན་ནི། ཕྱི་ལོ་ ༢༠༠༤ ལོར་བོད་ཀྱི་ཟློས་གར་ཚོགས་པའི་ནང་ཞུགས་པ་དང་། བྷན་དྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་སྐྱེས་ཏེ་འཚར་ལོང་བྱུང་བ་ཞིག་ཡིན། ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་ཟློས་གར་ཚོགས་པའི་བྲོ་པ་རྒན་པའི་གནས་རིམ་དུ་གནས་སྤར་ཞུས། དབྱར་སྐྱིད་ ༢༠༡༨ ཀྱི་རྐང་བྲོ་གླུ་གཞས་འགྲན་བསྡུར་ནང་ཨང་དང་པོ་ཐོབ་པའི་རྔོན་པ་རུ་ཁག་གི་ཕོ་མོའི་ཟུང་གཞས་”ནམ་མཁའི་བླ་མ་དཀོན་མཆོག”ཅེས་པ་དེ་གཏོང་གནང་མཁན་གྱི་སྐྱེས་པ་དེ་རེད།

Tenzin Jorden is in TIPA since 2004. He hails from Norgyaling Tibetan settlement, Bhandara. He was promoted to the senior artiste in September 2016. He was one of the lead singers in Yarkyi 2018 cultural dance competition and his group lifted the annual dance competition trophy.

དྲི་བ། ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།

ལན། ང་རང་སྔོན་མ་གཞི་རིམ་སློབ་གྲྭར་འགྲོ་བའི་སྐབས་ནས་ཞབས་བྲོ་འཁྲབ་རྒྱུ་དང་། གླུ་གཞས་གཏོང་རྒྱུ་སོགས་སྒྱུ་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་ཁག་ལ་ཧ་ཅང་དགའ་པོ་ཡོད། དེ་མིན་སློབ་ཚན་གཞན་ཁག་ལ་དོ་སྣང་ དེ་ཙམ་མེད་ཅིང་ནང་ལས་སོགས་ཀྱང་དུས་ཐོག་ཏུ་སྐྱེལ་མི་ཐུབ་ལ་སློབ་ཚན་གཞན་ཁག་ལ་དབྱིངས་དེ་ཙམ་མེད་ཀྱང་བོད་ཀྱི་ཟློས་གར་ཚོགས་པར་འཛུལ་རྒྱུའི་འདོད་པ་དང་ཆོད་སེམས་བརྟན་པོ་ཞེ་དྲགས་ཡོད། དེར་བརྟེན་འདི་ག་ཟློར་གར་ཚོགས་པའི་ནང་འཛུལ་ཞུགས་བྱས་པ་ཞིག་ཡིན།

Q: What inspired you to give an audition at the Tibetan Institute of Performing Arts?

Tenzin Jorden: I have an immense love for music and dance ever since my school days. Back then, I wasn’t the kind of a student who studies and does his homework on time. So, without any doubt, TIPA came naturally as my primary option.

དྲི་བ། ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།

ལན། ང་རང་ཆུང་དུས་ནས་བོད་ཀྱི་ཨ་ལྕེ་ལྷ་མོ་ལ་ཧ་ཅང་དགའ་པོ་ཡོད། དེས་མ་ཚད་ང་ཚོ་བྷན་དྷ་ནོར་རྒྱས་གླིང་གཞིས་ཆགས་སུ་ལྷ་མོ་འཁྲབ་རྒྱུ་སོགས་ཀྱི་ཐད་དར་སྲོལ་ཆེན་པོ་ཆེན་པོ་ཞེ་དྲགས་ཡོད་རེད།  བྱས་ཙང་གུས་པ་ང་རང་ལ་ཡང་དེས་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབ་འདུག ཡིན་ནའི་ཧང་སངས་དགོས་པ་ཞིག་ལ། མི་གཞན་ཁག་གཅིག་གིས་བོད་ཀྱི་ལྷ་མོའི་སྐོར་ལ་དེ་ཙམ་གྱི་དབྱིངས་དང་དོ་སྣང་མེད་པ་མ་ཟད། དེའི་སྐོར་ཤེས་རྟོགས་ཡོད་མཁན་ཡང་ཧ་ཅང་གི་དཀོན་པོ་འདུག  སྟབས་ལེགས་པ་ཞིག་ལ།  འདི་གར་སླེབས་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་ལྷ་མོའི་དགེ་རྒན་རྒན་བསོད་ནམས་ཕུན་ཚོགས་ལགས་དང་། ད་ལྟའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ལྷ་དགེ་རྒན་བསམ་གཏན་དོན་གྲུབ་མཆོག་རྣམ་གཉིས་ཀྱིས་མི་ལོ་བཅུ་ཕྲག་ལྷག་གི་རིང་ལྷ་མོའི་འཁྲབ་གཞུང་སྣ་ཚོགས་སློབ་འཁྲིད་གནང་སྟེ་ཡག་པོ་ཤེས་སོང་། ད་རང་ཉིད་ཀྱིས་ཤེས་རྟོགས་བྱུང་བ་དེ་རྣམས། འདི་ག་ཟློས་གར་ནང་གི་ལྷ་མོ་འཁྲབ་རྒྱུ་སོགས་ལ་དབྱིངས་ཡོད་མཁན་བྲོ་པ་འབྲིང་བ་དང་གཞོན་པ། དེ་བཞིན་རིག་གཞུང་ཚན་པའི་སློབ་ཕྲུག  གཞན་ཡང་སྤྱི་ཚོགས་སྟེང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་གཞོན་སྐྱེས་རྣམས་ཀྱིས་མཚོན། གཞན་དག་ལའང་ང་ཚོའི་ཕ་མེས་ཀྱི་རིག་གཞུང་རྣམས་རྒྱུན་འཛིན་ཆེད། གང་ཐུབ་ཅི་ཐུབ་ཀྱིས་སློབ་རྒྱུའི་འདོད་པ་ཆེན་པོ་ཡོད།

Q: How best do you think you could make a difference in preserving Tibetan tradition and culture?

Jorden: I have a huge interest in Tibetan Opera since childhood. Being born in Norgyaling, we have a vibrant environmental support for the Tibetan Opera tradition, but to my amazement, many were ignorant and have no interest. Therefore, I have been learning Tibetan Opera from great masters like Gen Samten and Gen Sonam for the past ten years. So that, I could pass down my knowledge to younger Tibetans who shall have more or the same thirst and interest for Tibetan Opera like me.

དྲི་བ། རིག་གཞུང་འཁྲབ་སྟོན་གྱི་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

ལན། སྤྱིར་ང་རང་རོལ་ཆ་སྦུད་པ་དང་། གཏོང་བ། དཀྲོལ་བ་སོགས་ཚང་མར་ཧ་ཅངགི་དགའ་པོཡོད། དེ་དག་གི་ནང་ནས་བོད་ཀྱི་སྒྲ་སྙན་ཁག་ལ་དེ་བས་ཀྱང་དགའ་པོ་ཞེ་དྲགས་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། ཁོར་ཡུག་དང་གནས་སྟངས་གང་འདྲ་ཞིག་ཡིན་ནའང་སྒྲ་སྙན་ནི། དཀྲོལ་ན་ལྟ་ཅི་སྨོས། འཁྱེར་བདེ་ལ་འཁྱེར་བའི་སྐབས་སུ་ཡང་ཡིད་ལ་སྤོབས་པ་དང་སྤྲོ་སྣང་ཞིག་ཀྱང་ངང་གིས་ཡོང་གི་འདུག དེར་བརྟེན། གུས་རང་སྒྲ་སྙན་ལ་དེ་བས་དགའ་པོ་ཡོད།

Q: Which performing art form, you love the most. Why?

Jorden: I have a huge interest in and passion for playing musical instruments. Tibetan lute (Damnyen) is my favourite amongst many that we play and learn at TIPA. It is easy to carry with pride and joy everywhere.

དྲི་བ། ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ཀྱི་མི་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་།

ལན། གུས་པའི་མིག་དཔེ་བཟང་ཤོས་ནི། ང་རང་གི་པ་ལགས་ཡིན། གང་ཡིན་ཟེར་ན། པ་ལགས་ཁོང་གིས་ང་ཆུང་དུས་ནས་ཨ་མ་ལགས་འདས་གྲོངས་སུ་ཕྱིན་པའི་ཕྲུ་གུ་བདུན་པོ་རྣམས་ལ་གཅེས་སྐྱོང་བྱ་རྒྱུ་གཙོ་བོར་བཟུང་བ་མ་གཏོགས་ཁོང་སྒེར་གྱི་ཁེ་ཕན་དང་། འདོད་པ་སོགས་ཡོངས་སུ་བློས་བཏང་ནས་ང་ཚོར་ཨ་མ་མེད་པའི་སྐྱོ་སྣང་མེད་པར་བཟོས་པ་མ་ཟད། ཁོང་གིས་ང་ཚོའི་སེམས་ཀྱི་འདོད་དོན་དང་དགོས་མཁོ་རྣམས་རང་ནུས་གང་ཡོད་ཀྱིས་བསྐོང་ཐུབ་པ་གནང་གི་ཡོད་སྟབས། རྗེས་སུ་ང་རང་ཡང་ཁོང་ལྟ་བུའི་མིང་དོན་མཚུངས་པའི་སྐྱེས་པ་བྱམས་སེམས་ཅན་དང་། ལྷག་བསམ་ཅན་ཞིག་བྱེད་ཐུབ་རྒྱུར་སེམས་གཏིང་ནས་ཡིད་ཆེས་དང་སྤོབས་པ་ཆེན་པོ་ཡོད།  

Q: Who is your role model and why?

Jorden: My role model is none other than my father. He has sacrificed so much for his children after the loss of my mother. I have six siblings and my mother passed away, when we were just a kid, but my father made us his first priority and sacrificed so much to give us an education. He never made us feel the absence of our mother because he gave us everything. I want to become just like my father who puts aside his need and thinks about others always.

 དྲི་བ། མ་འོངས་པར་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།

ལན། ང་རང་དགའ་ཤོས་ནི། འཛམ་གླིང་ས་ཕྱོགས་གང་སར་འཁྲབ་སྟོན་སོགས་སུ་སྐྱོད་དེ་ལུང་པ་འདྲ་མིན་གྱི་སྒྱུ་རྩལ་དང་རིག་གཞུང་རྣམས་གང་ཐུབ་ཐུབ་ཀྱིས་སྦྱངས་ཏེ་འཁྲབ་སྟོན་གྱི་ལམ་ནས་བོད་ཀྱི་རིག་གཞུང་དང་། ཁོར་ཡུག ཆབ་སྲིད་གནས་སྟངས་སོགས་ཀྱི་སྐོར་ལ་དྲིལ་བསྒྲགས་དང་ཁྱབ་སྤེལ་གང་ལེགས་ཞུས་ཏེ་གང་མགྱོགས་བོད་ལ་རང་དབང་གཙང་མ་ཞིག་ཐོབ་པ་བྱ་རྒྱུ་དེ། ངའི་མ་འོངས་པའི་དམིགས་ཡུལ་གཙོ་བོ་ཞིག་ཡིན།

Q: What is your future Goal?

Jorden: My future goal is to travel around the world and learn different forms of performing arts. With this rich artistic knowledge, I would create awareness about Tibet’s political and environmental issues.The ultimate goal is to free Tibet from China’s occupation.

 

 

 

 

 

1 Comment. Leave new

Wonderful! Wish great many success.

Reply

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu