ཉི་མ་དོན་གྲུབ་ལགས་ནི། བསིལ་ལྡན་བོད་གངས་ཅན་ལྗོངས་ཀྱི་མདོ་སྟོད་མི་ཡི་ཆོལ་ཁའི་ཁོངས་སུ་གཏོགས་པ་ཁམས་ཊེ་ཧོར་དཀར་མཛེས་ཁུལ་ནས་ཡིན་པ་དང་། ས་གནས་དེ་ནས་ཅུང་ནར་སོན་པའི་རྗེས། ཕྱི་ལོ་༢༠༠༢ ལོར་འཕགས་ཡུལ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་རིམ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་སན་སི་ཇོ་སེཧྤུ་མཐོ་སློབ་ཏུ་ལོ་གཉིས་རིང་སློབ་གཉེར་བྱས་མཚམས།ད་གཟོད་རང་ཉིད་ལ་དགའ་ཞེན་དང་དབྱིངས་ཡོད་པའི་དམིགས་བསལ་གྱི་མི་ཚེའི་མདུན་ལམ་སྟེ། གླུ་དབྱངས་ལེན་རྒྱུ་དང་། རོལ་ཆ་དཀྲོལ་གཏོང་བྱ་རྒྱུ་སོགས་ཀྱི་གོ་སྐབས་བཟང་པོ་རྙེད་སྟབས། མཐོ་སློབ་འགྲིམ་མཚམས་བཞག་ཏེ་ཕྱི་ལོ་ ༢༠༡༦ ལོར་གླུ་གཞས་རྒྱུགས་ཕུལ་ཏེ་འདེམས་སྒྲུག་བྱས་པ་བརྒྱུད། བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཕྲུག་ཏུ་འདེམས་ཐོན་བྱུང་བ་དང་། ཆ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་ལོ་རིམ་གསུམ་པའི་ཕུལ་བྱུང་གི་སློབ་ཕྲུག་ཅིག་ཡིན་ཞིང་ལོ་ངོ་དེ་དག་གི་ནང་ལྷ་མོའི་འཁྲབ་གཞུང་༼སྟོན་པའི་མཛད་རྣམ།༽ནང་གི་དོན་བྱ། འདུན་པ་ཞེས་པ་དང་། དགོད་བྲོའི་གཏམ་གླེང་། གཏམ་བརྗོད་སོགས་མང་པོ་འཁྲབ་མྱོང་ཡོད་ཅིང་། དེང་དུས་དར་ཁྱབ་ཤིན་ཏུ་ཆེ་བའི་དབྱར་སྐྱིད་ ༢༠༡༨ ནང་གི་ཕོ་མོའི་ཟུང་གཞས།  ༼བཀྲ་ཤིས་དུས་བཟང་།༽ ཞེས་པ་དེ་གཏོང་གནང་མཁན་གྱི་སྐྱེས་པ་དེ་ཡིན། གཞན་ཡང་། ཁོང་གིས་ཆེད་དུ་སྒྲིག་སློབ་གསོའི་ནང་དོན་ཧ་ཅང་ཟབ་ཅིང་མང་ཚོགས་ཀྱི་དགའ་མོས་ཤིན་ཏུ་ཆེ་བའི་གླུ་གཞས་༼ཨ་ཇོ་ལགས།༽ ཁོང་རང་ཉིད་ཀྱིས་གཞས་གདངས་གསར་རྩོམ་གནང་བའི་རྐྱང་གཞས་༼ཕ་མ་དྲན་གླུ།༽ ཞེས་པ།  དེ་བས་ཀྱང་དོན་སྙིང་ཆེ་བ་ཞིག་ནི། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་སླད། ཆེད་དུ་གསར་རྩོམ་གནང་བའི་གླུ་གཞས།༼༸སྐུ་ཚེ་བརྟན།༽ཞེས་པའི་ཆེད་སྒྲིག་གླུ་གཞས་དེ་ཉིད་༸སྐུའི་འཁྲུངས་སྐར་ཉིན་དངོས་སུ་འགྲེམ་སྤེལ་གནང་ལ་ཉེ་བ་བ་བཅས་ཁོང་གི་ལོ་རྒྱུས་སྙིང་བསྡུས་དེ་ཙམ་མོ།།

Nyima Dhondup is from Karze, Tibet and he reached India in 2002 after fleeing from Tibet. He is a second-year dropout student from St. Joseph’s College, Bangalore because, in 2016, he decided to choose his passion which is music and arts. Currently, he is in the third year of training and he has great experience of participating in many important plays such as buddha’s Autobiography as Dhuenpa, Gyoetro Tamling (comedies), etc. He has also received an opportunity to attend a workshop for the AKAMA band and Studio recordings. He is the male singer of current trending duet song from 2018 Yarkyi called Tashi Dhuesang. He has published his own songs that are being appreciated by many music lovers and songs are A Cho la, Phama Drenlu and his new song called Kutse Ten his dedicated to the His Holiness the 14th Dalai Lama and it will be released on 6th July 2019.

དྲི་བ། ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།

ཉི་མ་དོན་གྲུབ། གུས་རང་ནི། ཐོག་མ་ཉིད་ནས་གླུ་གཞས་ལ་རྒྱུན་དུ་དགའ་ཞེན་ཡོད་ཀྱང་། གླུ་གཞས་བརྒྱུད་ནས་མི་ཚེའི་མདུན་ལམ་བཟོ་རྒྱུ་དམིགས་ཡུལ་དང་ཀུན་སློང་སོགས་གང་ཡང་མེད། ང་རང་གི་བྷེ་ལ་ཀོ་སྤེལ་འཛིན་གྲོགས་རྣམས་ང་རང་གླུ་གཞས་སྐུལ་སློང་དང་རྒྱབ་སྐྱོར་གནང་ མཁན་དང་པོ་དེ་ཡིན། ཡིན་ནའི། གུས་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱ་རྒྱུར་སེམས་ཤུགས་སྤར་མཁན་ནི། སྦེང་ལོར་གྱི་མཐོ་སློབ་གནས་ཁང་གཅིག་པ་རྣམས་དང་བཞུགས་སྒར་རྡ་སའི་གྲོགས་པོ་རྣམས་ཡིན། དེར་བརྟེན། མདོར་ན། ང་རང་འདིར་འཛུལ་ཞུགས་བྱེད་རྒྱུའི་ཤུགས་རྐྱེན་སྤྲོད་མཁན་ནི། གུས་པའི་གྲོགས་ཕོ་མོ་རྒན་གཞོན་རྣམས་ཡིན།

Q: What inspired you to give an audition at the Tibetan Institute of Performing Arts?
Nyima Dhondup: I have always loved music but I never had any intention of choosing Music as my career. My classmates from Bylakuppe have a huge impact in making certain decision life regarding music because they are the first motivators and supporters but coming here was strongly encouraged by my college Hostel mates from Bangalore and some of my friends from Dharamshala. Therefore, my friends are the people who inspired me to join the Tibetan Institute of Performing Arts.

དྲི་བ། ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ ཡོད་དམ།

ཉི་མ་དོན་གྲུབ། བོད་མི་རིགས་རྣམས་ཆང་རག་དང་། ཐ་མག ཉེས་ཐ་སོགས་ལ་ངན་ལང་མ་ཤོར་བའི་ཆེད་ གུས་པས་གླུ་གཞས་བརྒྱུད་ནས་དྲན་ཤེས་བསྟེན་དགོས་པའི་བརྡ་ལན་འབུལ་གྱིན་ཡོད་ལ། ག་དུས་གླུ་གཞས་གསར་རྩོམ་ཞུས་ན་ཡང་།གལ་ཆེ་ཤོས་ནི་གཞན་ལ་ཡ་རབས་བཟང་སྤྱོད་ཐད་ཀྱི་བསླབ་ བྱས་བརྡ་ལན་འབུལ་རྒྱུ་དེ་གཞི་རྩར་འཛིན་གྱི་ཡོད། གུས་པའི་བསམ་ཚུལ་ལྟར་ན། དེ་ནི། རིག་གཞུང་སྲུང་སྐྱོབ་བྱེད་པའི་གཞི་རྩ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། རིག་གཞུང་སྲུང་སྐྱོབ་བྱེད་པར་བསམ་བློའི་རྨང་གཞི་དེ་ལྟ་བུ་ཞིག་མེད་ན། རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ལྟ་ཞོག་རང་ཉིད་ཀྱང་སྲུང་སྐྱོབ་བྱེད་མི་ཐུབ་པ་ནི། བོད་ཀྱི་ངག་རྒྱུན་དུ། མི་ཆོས་དྲི་མས་མ་གོས་ན། ལྷ་ཆོས་དྲི་མས་ག་ལ་གོས། ཞེས་པ་ལྟར་ཡིན་པས་སོ།།

Q: How best do you think you could make a difference in preserving Tibetan tradition and culture?
Nyima Dhondup: I have been making awareness among Tibetans regarding the bad effects of consuming alcohols and drugs through music. Whenever I compose any music, it’s my top-priority to send a positive and encouraging message to all the people regardless of age because I believe one cannot preserve a tradition and culture if one fails to become a virtuous first.

དྲི་བ། རིག་གཞུང་འཁྲབ་སྟོན་གྱི་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

ལན། སྒྱུ་རྩལ་དེ་དག་གི་ནང་ནས་གུས་རང་དགའ་མོས་ཆེ་ཤོས་ནི། གླུ་གཞས་གཏོང་རྒྱུ་དེ་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། གླུ་གཞས་གཏོང་རྒྱུ་དེས་གུས་རང་ལ་ཚང་མ་ཚང་བ་ལྟ་བུའི་ཚོར་སྣང་ཞིག་ངང་གིས་ཡོང་གི་འདུག སྤྱིར་བཏང་གླུ་གཞས་ཀྱི་ནང་དུ་ཚོར་བ་གཞན་ཞིག་ཡོད་རེད་བསམ་གྱི་འདུག་ལ། དེས་མ་ཚད་གཞས་རེ་རེའི་ནང་དུ་འཛམ་གླིང་མི་འདྲ་བ་རེ་ཡིབ་ནས་བསྡད་ཡོད་རེད་བསམ་གྱིན་འདུག གལ་སྲིད་སེམས་ཀྱི་གཏིང་ནས་གླུ་གཞས་བཏང་བ་ཡིན་ན། ང་ཚོ་ཡང་དེའི་ནང་འཐིམ་འགྲོ་གི་རེད་སྙམ་གྱི་འདུག  

Q: Which performing art form, you love the most. Why?
Nyima Dhondup: Singing is my passion and it is my favourite because it gives me a feeling of completeness. It has emotion in itself as there’s a world hiding behind each and every song and when you sing it by all your soul, you could completely be lost in it.

དྲི་བ། ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ཀྱི་མི་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་།

ཉི་མ་དོན་གྲུབ།  ང་རང་གི་མི་ཚེའི་ནང་མིག་དཔེ་བཟང་ཤོས་ནི། ཇོ་ལགས་བསྟན་འཛིན་འོད་ཟེར་ལགས་ཡིན། གང་ཡིན་ཟེར་ན། ཅོག་འོད་ཟེར་དང་མཉམ་དུ་སློབ་སྦྱོང་དང་ལས་ཀ་མཉམ་དུ་བྱས་པ་ནས་བཟུང་། གུས་པའི་གླུ་གཞས་གཏོང་སྟངས་སོགས་ལ་དམིགས་བསལ་གྱི་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་ང་རང་ལ་དོ་སྣང་ཆེན་པོ་སླེབས་སོང་། ཁོང་གིས་གླུ་གཞས་ལ་གོ་བ་ལེན་སྟངས་དང་། ཉམས་སུ་མྱོང་སྟངས་སོགས་ཀྱིས་གུས་པའི་སེམས་ནང་བག་ཆགས་ཧ་ཅང་གི་ཟབ་མོ་བཞག་གནང་བྱུང་ བས་སོ། །

Q: Who is your role model and why?
Nyima Dhondup: Cho Tenzin Woeser is my role model because I have observed a huge improvement in my sense of music after getting an opportunity to learn or work with him. The way he perceives and senses the music has always been so inspiring to me.

 དྲི་བ། མ་འོངས་པར་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།

ཉི་མ་དོན་གྲུབ། གུས་པས་མི་གཞན་ལ་ཡ་རབས་བཟང་སྤྱོད་ཀྱི་བསམ་བློའི་ཤུགས་རྐྱེན་སྤྲད་ཐུབ་མཁན་ཚད་ལྡན་གྱི་གཞས་པ་སྙན་གྲགས་ཅན་ཞིག་ཞིག་བྱ་རྒྱུའི་དམིགས་ཡུལ་དང་སེམས་ཤུགས་ཆེན་པོ་ཡོད  

Q: What is your future Goal?
Nyima Dhondup: My future goal is to become a singer who encourages and inspires people to become virtuous human being.

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu