སྒྱུ་རྩལ་བ་བསྟན་འཛིན་ཟླ་བ་ལགས་ནི། རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷ་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། བྱིས་དུས་ནས་རོལ་དབྱངས་སྒྱུ་རྩལ་ལས་རིགས་འདིར་ཚོར་འདུ་མི་འདྲ་བ་ཞིག་བྱུང་བའི་རྐྱེན་གྱིས། རང་ཉིད་ཀྱིས་དགའ་དད་སྤྲོ་གསུམ་སྒྱུ་རྩལ་ལམ་ཆེན་ཐོག་སྤོ་རྒྱུའི་ཆེད། ཕྱི་ལོ། ༢༠༡༦ ལོར་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་དུ་སློབ་གསར་འདེམས་སྐབས་འདེམས་སྒྲུག་བྱུང་བའི་སློབ་མ་ཞིག་ཡིན། ད་སྐབས་འདི་ག་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་གི་ལོ་རིམ་ལྔ་པའི་ནང་སློབ་གཉེར་བྱེད་མུས་ཡིན།

Tenzin Dawa is from Kollegal Tibetan settlement, South India. Since a child, there is an inborn music and instruments attachment and interest that motivated her to take a path in a music career. She got selected and has joined the Tibetan Institute of Performing Arts in the year 2016 and is currently pursuing her passion and is in a fifth-year trainee.

 ༡། ཁྱེད་ཉིད་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་དུ་འཛུལ་ཞུགས་གནང་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།

བསྟན་འཛིན་ཟླ་བ།རོལ་དབྱངས་ནི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཡ་གྱལ་སུ་གཏོགས་པའི་རིག་ཚན་གལ་འགངས་ཤིག་ཡིན་པ་དང་། ང་ལ་མཚོན་ན་བྱིས་དུས་ནས་རོལ་དབྱངས་ཀྱི་ཡིད་ལ་ཞི་བདེ་བག་ཕེབས་ཀྱི་ཚོར་བ་འདྲེས་མ་ཞིག་ཤུགས་ཀྱིས་སྦྱིན་པར་བརྟེན། རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་པའི་ལམ་ཆེན་ཐོག་གོམ་འགྲོས་བྱ་རྒྱུ་ནི་དེ་བས་གལ་གནད་དུ་འཛིན་ཏེ། བོད་ཀྱི་ཟློས་གར་སྒྱུ་རྩལ་བསྟི་གནས་ཁང་དུ་འཛུལ་ཤུགས་བྱས་པ་ཡིན། གང་ལགས་ཞེ་ན་གནས་དེ་ནས་སྒྱུ་རྩལ་དགེ་རྒན་ཚོའི་དྲུང་ནས་རིག་རྩལ་དེ་བས་མང་བ་ཞིག་སྦྱང་རྒྱུ་བྱུང་ན་སྙམ་གྱིན་ཡོད།

  1. What inspired you to give an audition at the Tibetan Institute of Performing Arts?

Tenzin Dawa: My interest in music inspired me to give an audition to the Tibetan Institute of Performing Arts.  A natural connection with music has been there since childhood. After joining the Tibetan Institute of Performing Arts, I feel more inspired by learning different arts from teachers.

༢། ཁྱེད་ཀྱི་བསམ་པར་ཇི་ལྟར་བྱས་ན་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱུ་རྒྱུའི་ཐད་ནུས་པ་དམིགས་བསལ་ཞིག་འདོན་ཐུབ་ཀྱི་རེད་དམ།

བསྟན་འཛིན་ཟླ་བ།སྒྱུ་རྩལ་ལས་རིགས་ཐོག་སློབ་གཉེར་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན། ད་བར་ངས་བོད་ཀྱི་གནའ་རབས་རིག་གཞུང་ཐད་སྦྱངས་ཟིན་པའི་ཤེས་བྱ་ནི་དེ་ཙམ་གྱི་གཏིང་ཟབ་ཅིག་མ་རེད། ད་དུང་འབད་འབུངས་ཀྱིས་ལམ་བུ་བརྒྱུད་དེ་འགྲོ་བཞིན་པའི་སློབ་མ་ཞིག་ཡིན་དུས་སྤོ་སེམས་ཆེན་པོ་སྐྱེས་ཀྱི་འདུག སླད་མར་སྦྱངས་འབྲས་གཟེང་སུ་ཐོན་ཚེ་རང་གིས་རིག་གཞུང་དེ་ཉིད་མི་རབས་གསར་པའི་གཞོན་ནུ་རྣམས་ལ་རྒྱུད་སྤེལ་བྱ་རྒྱུ་དང་། ཁོང་ཚོར་དེ་བརྒྱུད་ནས་བོད་ཀྱི་རིག་གཞུང་ལོ་རྒྱུས་སོགས་གང་ལེགས་ངོ་སྤྲོད་ཐུབ་རྒྱུའི་རེ་བ་བཅང་བཞིན་ཡོད། ཤེས་ཡོན་རྒྱུད་སྤེལ་བྱ་རྒྱུའི་བསམ་བློ་དེས་རང་རིགས་གཞོན་ནུ་གསར་སྐྱེས་རྣམས་དང་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱ་རྒྱུར་ཕན་རླབས་བསྒྲུབ་ཐུབ།

2. How best do you think you could make a difference in preserving Tibetan tradition and culture?

Tenzin Dawa: As being a trainee of the institute, I have obtained moderate knowledge of the Tibetan tradition and cultures so far. I am grateful and still learning and improving on the field. So, by sharing my knowledge of Tibetan cultures and experience to the youngster would help them understand about our histories. By sharing and teaching about our traditions and cultures to the youngster could make a difference in preserving Tibetan tradition and culture.

༣། བོད་ཀྱི་རིག་གཞུང་འཁྲབ་སྟོན་སྒྱུ་རྩལ་ནང་ནས་ཁྱེད་ཀྱི་ཆེས་དགའ་ཤོས་གང་ཡིན་ནམ། རྒྱུ་མཚན་ཅི་ཕྱིར།

བསྟན་འཛིན་ཟླ་བ།ང་རང་རོལ་ཆ་དཀྲོལ་གཏོང་བྱ་རྒྱུར་དགའ་ཤོས་ཡིན། གང་ལགས་ཞེ་ན་ངས་རོལ་དབྱངས་ཀྱི་སྒྱུ་རྩལ་ཁྲོད་ནས་འཆར་སྣང་དང་ཚོར་འདུ་འདྲ་མིན་འཚོལ་ཐུབ་ཀྱིན་འདུག་ལ། དེ་དང་ལྷན་དུ་མཉམ་འདྲེས་བྱས་ན་བདེ་ཚོར་ཞིག་སྦྱིན་བཞིན་འདུག ངས་རོལ་དབྱངས་དཀྲོལ་གཏོང་བྱེད་སྐབས་རང་ཉིད་ཁེར་རྐྱང་གི་ཚོར་བ་ལ་གྲོལ་ཐུབ་ཀྱི་འདུག

3. Which performing art form, you love the most. Why?

Tenzin Dawa: I enjoy playing instruments the most. I find escapism in music and love spending time with the music. I like playing instruments whenever I feel lonely as it heals me.

༤། ཁྱེད་ཀྱི་མིག་དཔེ་བཟང་ཤོས་འདི་སུ་ཡིན་ནམ། རྒྱུ་མཚན་གང་གི་ཐད་ནས་ཡིན་ནམ།

བསྟན་འཛིན་ཟླ་བ།སྒྱུ་རྩལ་ལས་རིགས་ཐོག་གི་དགེ་རྒན་ཐམས་ཅད་རང་ཉིད་མིག་དཔེ་འཛིན་བཞིན་ཡོད། གང་ཞིག་གིས་རོལ་དབྱངས་ལས་རིགས་དང་འཁྲབ་སྟོན་སྒྱུ་རྩལ་ཐོག་སྐུལ་ལྕགས་གནང་ཏེ་སྤོབས་སེམས་ཆེན་པོས་བློ་སྐྱེད་གནང་མཁན་ཚོ་ཡིན། ཁོང་རྣམ་པ་ཚོས་ཞིབ་ནན་གྱིས་གཞས་ཚིག་གི་ནང་དོན་དང་། རོལ་དབྱངས་ཀྱི་ཤེས་བྱ། འཁྲབ་སྟོན། དེ་བཞིན་རིག་གཞུང་ལོ་རྒྱུས་སོགས་སློབ་ཁྲིད་གནང་གིན་ཡོད།

4. Who is your role model and why?

Tenzin Dawa: The institute teachers are my role model, who inspires me daily to learn more about the instruments and performing arts. They teach me with every detail of the lyrics, knowledge on music, dance, histories and culture.

༥། ཁྱེད་ཀྱི་མ་འོངས་པའི་ཕུགས་འདུན་ནམ་དམིགས་ཡུལ་ཅི་ཞིག་ཡིན།

བསྟན་འཛིན་ཟླ་བ།ངའི་ཕུགས་བསམ་ནི། མ་འོངས་པར་སྒྱུ་རྩལ་ལས་རིགས་ཐོག་ཕུལ་བྱུང་གི་མི་སྣ་ཞིག་ཏུ་འགྱུར་སྨོན་དེ་ཡིན་ལ། རང་རྐྱ་འཕེལ་བའི་སྒྱུ་རྩལ་བ་ཞིག་བྱ་རྒྱུ་དེ་ཡིན། ངས་འདོད་མོས་གཞན་ཞིག་ནི། བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱ་རྒྱུའི་ཐད་ཀྱི་ཚབ་མཚོན་མི་སྣ་ཞིག་བྱ་རྒྱུ་དང་། རྒྱལ་སྤྱིའི་གར་སྟེགས་ཐོག་བོད་ཀྱི་རིག་གཞུང་སྒྱུ་རྩལ་དེ་ཉིད་སླེབས་རྒྱུར་འབད་འབུངས་བྱ་རྒྱུ་དེ་ཡིན། བཅའ་འདྲི་གནང་བར་བཀའ་དྲིན་ཆེ།

5.What is your future Goal?

Tenzin Dawa: My future goal is to become a successful and well-known artiste. I want to represent and promote our cultural and traditional music arts on a global platform.

 

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu