བསྟན་འཛིན་དབྱངས་སྐྱིད་ལགས་ནི། རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོ་སྤེལ་ཁུལ་གྱི་བདེ་སྐྱིད་སླར་གསོ་གཞིས་ཆགས་ནས་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ཞུགས་གནང་སྟེ་ ༢༠༡༡ ལོར་བྲོ་པ་གཞོན་པ་དང་ ༢༠༡༦ ལོར་བྲོ་པ་འབྲིང་བ། ༢༠༡༨ ཟླ་ ༨ པར་གནས་རིམ་དང་པོའི་ཐོག་བྲོ་པ་རྒན་པར་གནས་སྤར་ཞུས་ཏེ་ད་ཆ་ བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་འཁྲབ་སྟོན་གནང་མཁན་གྱི་ཕུལ་བྱུང་བྲོ་མ་ཞིག་ཡིན། ཕྱི་ལོ་ ༢༠༡༤ བཟུང་ ༢༠༡༧ ལོའི་བར་དབྱར་སྐྱིད་འགྲན་བསྡུར་སྐབས།  རྐྱང་གཞས།༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།༽ཟུང་གཞས།༼བྱམས་བརྩེའི་བདག་ཉིད་རྒྱལ་ཡུམ་མཆོག་ལ་བསྟོད་པ་༽ ཞེས་པ་སོགས་བཏང་གནང་མཁན་གྱི་གྲགས་ཅན་གཞས་མ་ཞིག་ཡིན་པ་བཅས་སོ།།

Tenzin Yangkyi is from Dekyi Larso, Bylakuppe. She joined TIPA in 2008 and became junior artiste in 2011, Intermediate artiste in 2016 and Senior artiste in 2018. She has performed a solo song dedicated to His Holiness the 14th Dalai lama, titled, my land and my people in 2014 and duet song dedicated to mother of his holiness titled Jamtsey Daknye Gyalyum Chok la Toepa. 

༡༽ ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ། 

བསྟན་འཛིན་དབྱངས་སྐྱིད།  ང་རང་ཆུང་དུས་ནས་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་འོད་སྡེར་ནང་གི་གླུ་གཞས་དང་། ཨ་ཀ་མའི་སྒྱུ་རྩལ་རོལ་དབྱངས་ཀྱི་རིག་གཞུང་འཁྲབ་སྟོན་ལ་ཉན་ནས་འཚར་ལོངས་བྱུང་བ་ ཞིག་ཡིན། དེ་འདྲ་ཡིན་ཙང་། བོད་ཀྱི་ཟློས་གར་ཚོགས་པ་ནི། ངའི་མི་ཚེའི་ནང་ཤུགས་རྐྱེན་ཆེ་ཤོས་གནང་མཁན་ཞིག་ཡིན་པས་ང་ལའང་གལ་ཆེ་ཤོས་ཤིག་ ཆགས་ཡོད།

  1. What inspired you to give an audition at the Tibetan Institute of Performing Arts?

      Tenzin Yangkyi: I grew up watching TIPA Yarkyi and Akama music videos. TIPA has played a significant role in my understanding of Tibetan music. Finally, in 2008 I gave an audition and got selected among three hundred other aspirants.  

                                                                                                         

༢༽ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པར་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།     

ལན། གླུ་གར་དང་སྒྱུ་རྩལ་རོལ་དབྱངས་ཞེས་པས་ང་ཚོའི་སྐད་རིཌ་ཀྱི་གོ་བརྡ་མ་ཕྲོད་པའི་བར་ཁྱད་ རྣམས་སེལ་ནུས་པའི་གལ་ཆེའི་ནུས་པ་ཡོད་རེད་སྙམ་གྱི་འདུག་ལ་ཡིད་ཆེས་ཀྱང་ཆེན་པོ་ཡོད། བོད་ཀྱི་གླུ་གར་རོལ་མོ་བརྒྱུད་དེ་བོད་མི་རྣམས་ཆིག་སྒྲིལ་དང་མཉམ་རུབ་བྱེད་ཐུབ་ཀྱི་འདུག་ སྙམ་བཞིན་ཡོད།

  1. How best do you think you could make a difference in preserving Tibetan tradition and culture?

Yangkyi: I believe music has the power to transcend any language barriers irrespective of whether you are living inside or outside of Tibet. Music plays an important part in uniting Tibetans all over the world.

 

༣༽ བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

ལན། གུས་མོའི་ངོས་ནས་ཞུས་ན། བོད་ཀྱི་་མོང་མ་ཡིན་པའི་ནང་མ་སྟོད་གཞས་ལ་ཧ་ཅང་དགའ་པོ་ཡོད། གང་ཡིན་ཟེར་ན། བོད་ཀྱི་ནང་མ་སྟོད་གཞས་ཀྱི་གཞས་གདངས་དང་། གཞས་ཚིག་དེ་དག་ཧ་ཅང་སྙན་པོ་འདུག

བྱས་ཙང་གུས་མོ་ནི་ནང་མ་སྟོད་གཞས་ལ་དགའ་པོ་ཞེ་དྲགས་ཡོད།

  1. Which performing art form, you love the most. Why?

Yangkyi: I like performing Nangma Toeshey (classical folk song) most because of its exquisite lyrics and melodies. 

 

༤༽ ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་སུ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

ལན། གུས་མོའི་མི་ཚེའི་ནང་དུ་མིག་དཔེ་ལྟ་ས་བཟང་ཤོས་ནི། ང་རང་གིས་གུས་ཤིང་བཀུར་བར་འོས་པའི་བཀའ་དྲིན་ཅན་གྱི་སྤོ་བོ་ལགས་ཡིན།  རྒྱུ་མཚན་ནི། སྤོ་ལགས་ཁོང་སྔོན་མ་བོད་རང་ནས་སྒྱུ་རྩལ་འཁྲབ་སྟོན་པ་ཞིག་ཡིན་ཙང་། གུས་མོར་གླུ་གར་གྱི་སྒྱུ་རྩལ་ལ་དབྱིངས་ཞུགས་འཇུག་མཁན་དང་བོད་ཀྱི་ཟློས་གར་ཚོགས་པའི་ནང་ཞུགས་རྒྱུའི་ཐད་སྐུལ་སློང་གནང་སྟེ་སེམས་ཤུགས་སྤར་གནང་མཁན། ཟློས་གར་གྱི་སྒྱུ་རྩལ་རིག་གཞུང་དང་དེའི་ཐད་ཤུགས་རྐྱེན་གནང་མཁན་དེ་ཡང་ཡིན།

  1. Who is your role model and why?

Yangkyi: My grandfather plays a prominent role in my upbringing. He was an artist from Tibet, and will always be my role idol. He is the main person who encouraged me to audition at TIPA and inspired me to pursue my dreams.

 

༥༽ འབྱུང་འགྱུར་གྱི་ལོ་ཟླའི་ནང་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།

ལན།  ངའི་མ་འོངས་པའི་དམིགས་ཡུལ་ནི། གླུ་གར་དང་སྒྱུ་རྩལ་རོལ་དབྱངས་ཀྱི་ལམ་བུ་འདི་བརྒྱུད་ནས་སྔར་བས་ཡག་ཐོག་ཡག་བརྩེགས་ཡོང་བའི་འབད་བརྩོན་ལྷོད་མེད་ཞུས་ཏེ་སྒྱུ་རྩལ་གྱི་ལམ་བཟང་འདིའི་ཐོག་ནས་མི་ཚེའི་མདུན་ལམ་ཡག་པོ་ཞིག་འཚོལ་རྒྱུའི་དམིགས་ཡུལ་དང་སེམས་ཤུགས་ཆེན་པོ་ཞེ་དྲག་ཡོད་ལགས།

  1. What is your future Goal?

     Yangkyi: My dream is to enhance musical studies, get expertise in that field and make a career in it.

2 Comments. Leave new

Very well dear🥰🥰
Love you acha😘

Reply

Love u my princess 👸

Reply

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu