Tenzin Metok is from Bir, Himachal Pradesh. She joined Tibetan Institute of performing arts in 2015 and she is currently in the fourth year of training. She has been participating with senior artists in most of the performances since 2016.
Q: What inspired you to give an audition at the Tibetan Institute of Performing Arts?
Tenzin Metok- Being a Tibetan refugee, I feel like it’s my responsibility to do something for my country even if it’s a small way and for me that I feel is Tibetan performing arts. This is the least thing that I can do for my country. That’s why, I decided to join TIPA.
བསྟན་འཛིན་མེ་ཏོག་ལགས་ནི། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ། སྦིར་བོད་མིའི་གཞིས་སྒར་སུ་ཇ་བོད་ཕྲུག་ཁྱིམ་སྡེ་ནས་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ལོར་འདི་ག་བོད་ཀྱི་ཟློས་གར་ཚོགས་པར་འཛུལ་ཞུགས་གནང་ཞིང་། ད་ཆ་ལོ་རིམ་བཞི་པའི་སྒྱུ་རྩལ་སློབ་ཕྲུག་ཞིག་ཡིན། ཕྱི་ལོ་ ༢༠༡༦ ནས་བཟུང་བོད་ཀྱི་ཟློས་གར་ཚོགས་པའི་བྲོ་པ་རྒན་པ་རྣམས་དང་མཉམ་དུ་ས་ཕྱོགས་འདྲ་མིན་ལ་འཁྲབ་སྟོན་གནང་དང་གནང་མུས་ཡིན། །
དྲི་བ། ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
བསྟན་འཛིན་མེ་ཏོག་-ང་རང་བོད་པ་སྐྱབས་བཅོལ་པ་ཞིག་ཡིན་པའི་ཆ་ནས་བོད་རྒྱལ་ཁབ་ཀྱི་དོན་དུ་ལས་དོན་སྒྲུབ་རྒྱུ་འཁྲབ་སྟོན་སོགས་ནི་ང་རང་གི་ལས་འགན་ཞིག་རེད་བསམ་གྱི་འདུག བོད་རྒྱལ་ཁབ་ཀྱི་ཆེད་དུ་བྱ་བ་ཆུང་ཚགས་འཁྲབ་སྟོན་སོགས་བྱ་བ་ཆུང་ཚགས་འདི་བྱས་ཏེ་རང་ གི་ལས་འགན་ཆུང་ངུ་ཞིག་སྒྲུབ་པའི་ཆེད་དུ་བོད་ཀྱི་ཟློས་གར་ནང་འཛུལ་ཞུགས་བྱས་པ་ཡིན།
དྲི་བ། ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།
མེ་ཏོག་ –སྒྱུ་རྩལ་རིག་གཞུང་སྲུང་སྐྱོབ་ཐད་གུས་མོས་གླུ་གཞས་འཁྲབ་སྐབས་དབྱིངས་དང་དོ་སྣང་གི་བསམ་པ་རྩེ་གཅིག་ཏུ་སྒྲིམ་ནས་འཁྲབ་སྟོན་ཐད་སྦྱང་བརྩོན་བྱས་ཏེ་འཁྲབ་ཐུབ་པ་བྱེད་ཀྱི་ཡོད་པ་དེ་ཡིན།
Q: How best do you think you could make a difference in preserving Tibetan tradition and culture?
Metok- I think, I could make a difference by performing the best I could and putting in my peak interest while learning.
དྲི་བ། རིག་གཞུང་འཁྲབ་སྟོན་གྱི་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།
མེ་ཏོག་-སྒྱུ་རྩལ་དེ་རྣམས་ཀྱི་ནང་ནས་གུས་མོའི་དགའ་མོས་ཆེ་ཤོས་ནི། འཁྲབ་གཞས་དང་། སྒྲ་སྙན་ཡིན། དེའི་ནང་ནས་ཀྱང་རོལ་ཆ་སྒྲ་སྙན་ལ་དམིགས་བསལ་གྱི་དགའ་པོ་ཡོད། གང་ཡིན་ཟེར་ན། སྒྲ་སྙན་ནི་ཐོག་མར་སྦྱང་བའི་སྐབས་ནས་བཟུང་ཤེས་འདོད་ཀྱི་བསམ་པ་ཧ་ཅང་ཆེན་པོ་ཞིག་དུག བྱས་ཙང་གུས་མོ་ཆུང་དུས་ནས་སྒྲ་སྙན་་དང་འཁྲབ་གཞས་ལ་དགའ་པོ་ཞེ་དྲགས་ཡོད།
Q: Which performing art form, you love the most. Why?
Metok – I love dancing and playing instruments especially, Dranyen because it was the first thing that I found intriguing. I have learned it when I was just a kid.
དྲི་བ། ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ཀྱི་མི་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་།
མེ་ཏོག་ –གུས་མོའི་མི་ཚེའི་ནང་མིག་དཔེ་བཟང་ཤོས་ནི། གུས་མོའི་ཨ་མ་ལགས་ཡིན། གང་ཡིན་ཟེར་ན། གུས་མོའི་ཨ་མ་ལགས་ཀྱིས་དཀའ་ངལ་དང་བར་ཆད་ག་ཚོད་ཡོད་ཀྱང་ཁྱད་དུ་བསད་ནས་གུས་ མོར་རྒྱབ་སྐྱོར་གནང་སྟེ་ངའི་དམིགས་ཡུལ་རྣམས་མངོན་དུ་འགྱུར་བ་གནང་གི་ཡོད་བྱས་ཙང་ གུས་མོས་དགའ་མོས་ཆེན་པོའི་ཐོག་ནས་མིག་དཔེ་བཟང་ཤོས་སུ་འཛིན་བཞིན་ཡོད།
Q: Who is your role model and why?
Metok- My mother is my role model because despite all the odds she has faced yet she always supported and encouraged me to make my dreams into reality.
དྲི་བ། མ་འོངས་པར་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།
མེ་ཏོག་-གུས་མོའི་མ་འོངས་པའི་དམིགས་ཡུལ་ནི། ཆེན་པོ་དེ་ཙམ་མེད་ཅིང་ཧ་ཅང་སྟབས་བདེ་བོ་ཞིག་ཡིན། ད་ལྟ་གང་བྱས་པ་དེ་རྣམས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་སྒྱུ་རྩལ་གྱི་རིག་གཞུང་དེ་རྣམས་ལ་ དབྱིངས་དང་དོ་སྣང་སོགས་ཡག་ཤོས་སྤྲོད་རྒྱུ་དེ་ཡིན། །
Q: What is your future Goal?
Metok- My future goal is very simple. It is to pursue what I have been doing sincerely and give my best in it.