Tenzin Pema is from Tibetan settlement Dekyilarso, Bylakuppe in south India and she completed her ninth grade from CST-CVP School. She joined Tibetan Institute of performing arts in 2016 after auditioning. She has played the role of an attendant of Sakya Pandita’s mother and she also has engaged in many performances that happened within India.
བསྟན་འཛིན་པདྨ་ལགས་ནི། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་སྤེལ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ས་གནས་བོད་སློབ་འཛིན་ཚོགས་( CST – C V P ) སུ་གཞིས་རིམ་འཛིན་གྲྭ་དགུ་པ་བར་སློབ་སྦྱོང་གནང་རྗེས་ཕྱི་ལོ་ ༢༠༡༦ ལོར་ངེད་ཟློས་གར་ཚོགས་པས་འདེམས་སྒྲུག་བྱས་པ་བརྒྱུད་འདི་ག་ཚོགས་པའི་ནང་འཛུལ་ཞུགས་གནང་ནས། ད་ཆ་ལོ་རིམ་གསུམ་པའི་གནའ་དེང་སྒྱུ་རྩལ་རིག་གཞུང་གི་སློབ་མ་ཞིག་ཡིན།ཕྱི་ལོ་བོད་ཀྱི་ཟློས་གར་ཚོགས་པས་གསར་དུ་རྩོམ་སྒྲིག་ཞུས་པའི་ལྷ་མོའི་འཁྲབ་གཞུང་ཆོས་རྗེ་ས་སྐྱ་པཎྜི་ཏའི་རྣམ་ཐར་ནང་ཡུམ་ཉི་ཁྲི་ལྕམ་གྱི་ཞབས་ཞལ་རྟ་མའི་དོན་བྱ་ གནང་ཏེ་བོད་མིའི་གཞིས་ཆགས་སོགས་ལ་འཁྲབ་སྟོན་ནང་མཉམ་ཞུགས་གནང་བ་བཅས་ལོ་རྒྱུས་སྙིང་བསྡུས་དེ་ཙམ་མོ།།
༡༽ ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
པདྨ། གུས་མོ་ནི་ཆུང་དུས་ནས་སྒྱུ་རྩལ་འཁྲབ་སྟོན་ལ་ཧ་ཅང་དགའ་པོ་ཡོད་པ་མ་ཟད་སློབ་གྲྭའི་ནང་གཞསས་སྣ་འཁྲབ་སྟོན་གྱི་འགྲན་བསྡུར་ཁག་ལ་ཐེངས་མང་མཉམ་ཞུགས་བྱེད་མྱོང་ཡོད་པ་དང་། གུས་མོའི་ཨ་ནེ་ལགས་ཀྱང་བོད་ཀྱི་ཟློས་གར་ཚོཌ་པའི་ ནང་འཁྲབ་སྟོན་གནང་གི་ཡོད་སྟབས། གུས་མོར་ཡང་ཤུགས་རྐྱེན་ཆེན་པོ་བྱུང་སྟེ། བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ ཞུགས་བྱེད་འདོད་ཡོད་པའི་སྐབས་དེར། སྟབས་ལེགས་པ་ཞིག་ལ་ང་ཚོའི་གཞིས་ཆགས་སུ་སྒྱུ་རྩལ་སློབ་ཕྲུག་འདེམས་སྒྲུག་གནང་བར་ཕེབས་པ་དང་སྐབས་འཁེལ་ ཏེ་ནང་མིས་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱབ་སྐྱོར་གནང་བ་བརྒྱུད་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ཞུགས་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་བྱུང་།།
Q: What inspired you to give an audition at Tibetan institute of Performing Arts?
Tenzin Pema: I love music since my childhood and I’ve participated in many performances and competition of School culture and dance. Regarding TIPA, my aunt was a performer of TIPA. So, I have gained a lot of interest and knowledge through her when I was in school. While going through that phase of my life, I remember getting news about TIPA audition for new allotment. The best part is, my family also supported my idea of joining here.
༢༽ ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།
པདྨ། སྒྱུ་རྩལ་གྱི་རིག་གཞུང་དེ་དག་གི་ནང་ནས་གུས་མོ་ནི་གཞས་བཏང་རྒྱུར་ཧ་ཅང་དགའ་པོ་ཡོད། བྱས་ཙང་། བོད་ཀྱི་སྲོལ་རྒྱུན་གྱི་གཞས་གཏོང་སྟངས་དང་།དེང་དུས་ཀྱི་གླུ་གཞས་གཏོང་སྟངས་སོགས་ལ་སློབ་སྦྱོང་གང་ལེགས་བྱས་ཏེ་དེ་དག་གི་དམིགས་བསལ་ཁྱད་ཆོས་རྣམས་ཉར་ཚཌ་བྱེད་རྒྱུ་དང་།གཞས་སྣ་ཁག་གི་འཁྲབ་ཆས་ཐོག་ལ་དོ་སྣང་གཏིང་ཟབ་བྱས་ཏེ་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་སེམས་ཤུགས་དང་སྤོབས་པ་ཆེན་པོ་ཡོད།
Q: How best do you think you could make a difference for preserving Tibetan tradition and culture?
Tenzin Pema: I don’t think I’ve any specific difference that I could express out here but I love singing every type of songs purely. So, I have a huge passion and confidence in improving my vocal. Hence, I have a plan of preserving Tibetan tradition and culture through singing songs.
༣༽ རིག་གཞུང་འཁྲབ་སྟོན་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།
པདྨ། སྒྱུ་རྩལ་གྱི་རིག་གཞུང་དེ་དག་གི་ནང་ནས་གུས་མོས་དགའ་ཤོས་ནི། གླུ་གཞས་གཏོང་རྒྱུ་དེ་ཡིན་པ་མ་ཟད། སྐད་རིགས་འདྲ་མི་འདྲ་དང་། མི་རིགས་འདྲ་མི་འདྲ་ཚང་མའི་གླུ་གཞས་ལ་དགའ་པོ་ཡོད། རྒྱུ་མཚན་ནི། གླུ་གཞས་ག་རེ་བཏང་ན་ཡང་།སེམས་ནང་སྤྲོ་སྣང་དང་བདེ་སྐྱིད་ཀྱི་ཚོར་བ་ཤུགས་ཆེན་པོ་ཡོང་གི་འདུག་པ་མཟད། རིག་གཞུང་སྲུང་སྐྱོབ་ལ་ཡང་ཞབས་འདེགས་ཞུ་ཐུབ་གི་རེད་བསམ་གྱི་འདུག
Q: Which performing art form, you love the most. Why?
Tenzin Pema: Despite any languages, I love singing the most because Singing brings happiness and solace in my heart. I believe singing a song is just like preserving our culture.
༤༽ ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ཀྱི་མི་སུ་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་།
པདྨ། གུས་མོའི་མི་ཚེའི་ནང་གི་མིག་དཔེ་བཟང་ཤོས་ནི། བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཨ་མ་ལགས་ནི་མིག་དཔེ་བཟང་ཤོས་ཡིན། གུས་མོའི་ཨ་མ་ལགས་ནི། ཐུགས་སེམས་རྒྱ་ཆེ་ཞིང་ཐུགས་བག་ཧ་ཅང་ཡངས་པོ་ཞིག་ཡིན་པ་མ་ཟད་ཐུཌ་སེམས་བཟང་པོ་ཞིག་ཡིན་ པ་མ་ཟད། དུས་རྒྱུན་དུ་ཐུགས་སེམས་སྣང་བ་སྐྱིད་ཅིང་དགོད་བྲོ་བའི་འཚོ་བར་རོལ་གནང་མཁན་གྱི་ཨ་མ་ ལགས་བཟང་པོ་ཞིག་ཡིན་ལ་གླུ་གར་རོལ་མོ་སོཌ་ལའང་ཐུགས་མཉེས་པོ་ཡོད་ཅིང་གུས་མོས་བཏང་བའི་ གཞས་དང་ཞབས་བྲོར་དེ་བས་ཀྱང་ཐུགས་མཉེས་པོ་གནང་གི་ཡོད་དང་། ལྷག་པར་དུ་དེ་སྔ་ཁྱིམ་དུ་དཀའ་ངལ་ག་ཚོད་འཕྲད་ཀྱང་དཀའ་ངལ་ལ་གདོང་ལེན་ཞུ་རྐྱང་གནང་སྟེ་ཇི་མི་སྙམ་བར་བཞུགས་གནང་གི་ཡོད་པ་དེས་གུས་མོའི་སེམས་ལ་བག་ཆགས་གཏིང་ཟབ་མོ་ཞིག་བཞག་གནང་བྱུང་། ནམ་རྒྱུན་དུ་ང་ཚོ་བུ་ཕྲུག་རྣམས་ལ་དངོས་ཡོད་གནས་ཚུལ་དང་། དྲང་པོ་དྲང་བཞག་གསུངས་གནང་བ་མ་ གཏོགས་རྫུན་དང་གཡོ་སྒྱུ་སོགས་གང་ཡང་གསུངས་གནང་གི་མེད་ལ་ཕྱག་གིས་ཉེས་བརྡུང་གཏོང་བ་སོགས་ནི་ང་ཚོ་སྤུན་མཆེད་ཚང་མར་རྩ་བ་ནས་གནང་མྱོང་མེད་སྟབས་གུས་མོས་ཀྱང་ཨ་མ་ལགས་ཞེས་འབོད་རྒྱུར་སྤོབས་པ་ཆེན་པོ་ཡོད། དེས་མ་ཚད་ཁོང་ནི་གནས་ཚུལ་ཐག་གཅོད་བྱེད་མཁས་ལ་བློ་རྩ་ཡང་ཧ་ཅང་གི་ བརྟན་པོ་དང་། བུ་ཕྲུག་གི་སློབ་སྦྱོང་དང་ལས་དོན་ལ་རྒྱབ་སྐྱོར་གནང་རྒྱུར་དེ་བས་ཀྱང་ཐུགས་མཉེས་པོ་ཡོད་པ་ཡིན་ཙང་ གུས་མོའི་མི་ཚེའི་ནང་གི་མིག་དཔེ་བཟང་ཤོས་ཤིག་ཡིན། །
Q: Who is your role model and why?
Tenzin Pema: My role model is my mother because she is very open-minded and strong-hearted. She has never complained once when we were going through some painful struggles in the past. She is someone who can face any obstacles rather than letting it escape. She has tried to fulfil every hopes and dream of her children. She has never beaten any of us while making mistakes rather changes us with a good amount of advice. She is very decisive and helpful when it comes to her children’s plan or future. She never lies because she shares everything with us. She has been so supportive of our studies and any activities.
༥༽ མ་འོངས་པར་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།
པདྨ། གུས་མོའི་མ་འོངས་པའི་དམིགས་ཡུལ་གཙོ་བོ་ནི། སེམས་བཟང་ཅན་གྱི་གླུ་གཞས་གཏོང་མཁན་གྲགས་ཅན་གཞས་མ་ཞིག་བྱེད་འདོད་ཀྱི་ཀུན་སློང་དང་དམིགས་ཡུལ་ཆེན་པོ་ཞིག་ཡོད་ལགས།།
Q: What is your future Goal?
Tenzin Pema: My future goal is to become a kind-hearted singer who inspires others especially the younger generation.