Tenzin Yangdon is from the ancient city of India, Haridwar in Uttarkhand state. She joined TIPA in the year of 2004 and appointed to senior artiste in September 2016. She was one of the two lead singers in the song ‘Jamtsey Daknyi Gyalyum Chokla Toepa’ which was dedicated to the mother of His Holiness the 14th Dalai Lama in 2017, Yarkyi Performance competition.
བསྟན་འཛིན་དབྱངས་སྒྲོལ་ལགས་ནི། རྒྱ་གར་གྱི་ཨུ་ཏར་ཁཱནྜ་སྔ་སྡེའི་ནང་ཡོད་པའི་འཕགས་ཡུལ་གྱི་གནའ་བོའི་གྲོང་ཁྱེར་ཧ་རི་དུ་ཧར་ཞེས་པ་དེ་ནས་ཡིན་པ་དང་།ཕྱི་ལོ་ ༢༠༠༤ ལོར་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ཞུགས་གནང་སྟེ། ༢༠༡༦ ཟླ་ ༩ བྲོ་མ་རྒན་པར་གནས་ སྤར་ཞུས་ཤིང་། ༢༠༡༧ ལོའི་དབྱར་སྐྱིད་འགྲན་བསྡུར་ནང་གི་ “བྱམས་བརྩེའི་བདག་ཉིད་རྒྱལ་ཡུམ་མཆོག་ལ་བསྟོད་པ་’’ ཞེས་པའི་ཟུང་གཞས་འབུལ་གནང་མཁན་གྲགས་ཅན་གྱི་གཞས་མ་ཞིག་ཡིན་པ་དང་། གླུ་གཞས་དེ་ནི། ༸སྤྱི་ནོར་༸གོང་ས་ སྐྱབས་མགོན་ཆེན་པོའི་རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་སླད། ཆེད་མངགས་འབུལ་ལམ་ ཞུས་པའི་དོན་སྙིང་ཅན་གྱི་གསུང་གཞས་ཁྱད་པར་བ་ཞིག་ཡིན་པ་བཅས་སོ།།
༡༽ ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
བསྟན་འཛིན་དབྱངས་སྒྲོལ།སྔོན་མ་ང་རང་ཆུང་དུས་ནས་བོད་ཀྱི་ཟློས་གར་ཚོགས་པའི་རིག་གཞུང་འཁྲབ་སྟོན་དང་ཆས་གོས་ཚོས་གཞི་སྣ་མིན་སྣ་ ཚོགས། གིས་ཡིད་དབང་རབ་ཏུ་འཕྲོག་ནས་ཕྱི་ལོ་ ༢༠༠༤ ལོར་བོད་ཀྱི་ཟློས་གར་ཚོགས་པས་འདེམས་སྒྲུག་གནང་བའི་ སྐབས་དེར། རྨ་བྱའི་རྣ་བར་འབྲུག་སྒྲ་གྲགས་པ་ལྟ་བུ་ཞིག་བྱུང་བས་་གོ་སྐབས་དམ་འཛིན་བྱས་ཏེ་འགྲན་ཞུགས་པ་གསུམ་ བརྒྱ་ལྷག་གི་ནང་ནས་བུ་མོ་བཅུ་གཉིས་འདེམས་ཐོན་བྱུང་སྟེ་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་བ་ཞིག་ཡིན།
Q: What inspired you to give an audition at Tibetan Institute of Performing Arts?
Tenzin Yangdon: I was so fascinated with the performance of Tibetan Institue of Performing Arts, colorful traditional costume and dresses, since my childhood. When I finally got a chance in 2004 to take part for the audition, I seized that opportunity and I was one of the twelve aspirants who got selected from 300 other contestants.
༢༽ ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།
ལན། ང་ཚོས་འཁྲབ་སྟོན་པ་གཞན་པ་ནང་བཞིན། ཟློས་གར་ཚོགས་པའི་ནང་སྦྱང་མཁན་སུ་ཡིན་ན་ཡང་ང་ཚོས་སྦྱངས་ཏེ་ གང་ཤེས་པ་དེ་རྣམས་ཚང་མ་གཞོན་སྐྱེས་མི་རབས་གསར་པ་རྣམས་ལ་མི་ཉམས་པར་བརྒྱུད་སྤྲོད་བྱེད་རྒྱུ་དེ་ཡིན། དེ་འདྲ་བྱས་ན་ང་ཚོའི་མི་རབས་སྔོན་མ་རྣམས་ཀྱིས་སྐུ་ངལ་མང་པོ་བསྐྱོན་ནས་བྱུང་བའི་བད་ཀྱི་ཟློས་གར་གྱི་རིག་གཞུང་དེ་རྣམས་འཕྲོ་བརླག་འགྲོ་གི་མ་རེད།
Q: How best do you think you could make a difference in preserving Tibetan tradition and culture?
Yangdon: Like every other artiste, who had learned and gained so much from the Tibetan Institute of Performing Arts, all we can do is to pass down the invaluable trove of knowledge that we have gained from our great masters to our next generation of the artists so that, all the hard work that our predecessors had done will not go in vain.
༣༽ བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།
ལན། གུས་མོ་ང་རང་ལ་ཆ་མཚོན་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་འཁྲབ་སྟོན་ཐད་དགའ་ཤོས་ཡིན། རྒྱུ་མཚན་ནི། བོད་ཀྱི་ཨ་ལྕེ་ལྷ་མོའི་འཁྲབ་སྟོན་ནང་མི་སྣ་སོ་སོའི་དོན་ཆ་མང་པོ་ཡོད་ཙང་། ཟླ་ཤས་སྔོན་ནས་དེར་གྲྭ་སྒྲིག་མང་པོ་བྱེད་དགོས་ཀྱི་ཡོད་པ་དང་། དོན་བྱ་སོ་སོའི་སྐད་ཆ་དང་། རྣམ་ཐར་སོགས་གྲྭ་སྒྲིག་དང་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད་ལ། གྱོན་ཆས་བཟོ་མཁན་ཚོ་ཡང་གྱོན་ཆས་གང་ལེགས་བཟོ་བའི་ཆེད་བྲེལ་འཚུབ་འཚུབ་བྱེད་ལ། རྒྱག་གྲགས་དང་། གློག་དཔོན་བཅས་ཚང་མ་དེའི་ནང་ཚུད་སྟབས་ཧ་ཅང་ཕུན་སུམ་ཚོགས་པོའི་མཉམ་ཞུགས་གནང་གི་ཡོད་པས་སོ།།
Q: Which performing art form, you love the most. Why?
Yangdon : I love “Lhamo” Tibetan Opera the most because everyone has their own role during Lhamo and we prepare months before the performance. The artistes prepare their dialogues and practice ‘Namthar, (arias), costume makers are busy designing to elaborate costumes and the props designer, sound and electrician, everyone is involved in this and jointly participate cheerfully.
༤༽ ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ཀྱི་མི་སུ་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་/
ལན། གུས་མོ་ང་རང་གི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ནི། ངའི་ཨ་མ་ལགས་ཡིན། གང་ཡིན་ཟེར་ན། ཨ་མ་ལགས་ཀྱིས་ང་རང་གི་མི་ཚེའི་ནང་ཐུགས་འཁུར་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བརྒྱ་ཆ་བརྒྱ་གནང་གི་ཡོད་ལ། ཁོང་ནི་ནུས་སྟོབས་དང་ལྡན་པའི་བུད་མེད་ཅིག་ཡིན་སྟབས། གུས་མོ་རང་ཉིད་ཀྱང་ཁོང་དང་འདྲ་བའི་བུད་མེད་ཁོག་རྒྱ་ཆེ་ཞིང་འཇོན་ཐང་ལྡན་པ་ཞིག་བྱེད་ཐུབ་པའི་འདོད་པ་ཧ་ཅང་ཆེན་པོ་ཡོད་པས་སོ།
Q: Who is your role model and why?
Yangdon: My mother is the greatest role model of my life. She has always been so supportive of everything I love and do. She is the strongest woman I know and I want to be just like my mom.
༥༽ མ་འོངས་པར་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།
ལན། གུས་མོ་ངས་གོང་དུ་ཞུས་པ་ནང་བཞིན། ང་རང་གི་དམིགས་ཡུལ་ནི། བོད་ཀྱི་ཨ་ལྕེ་ལྷ་མོ་དེ་ཉིད་བོད་མི་གཞོན་སྐྱེས་རྣམས་ལ་བརྒྱུད་སྤེལ་བྱས་ཏེ། དུས་རབས་བཅུ་བཞི་པའི་ནང་གསང་སྔགས་སྙིགས་མའི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསར་གཏོད་གནང་བའི་ལྷ་མོའི་འཁྲབ་གཞུང་འདི་ཉིད་སློབ་འཁྲིད་བརྒྱུད་སྤེལ་ཞུས་སྟེ། གཞོན་སྐྱེས་གང་མང་མང་གིས་རིག་གཞུང་དེ་ཉིད་སྦ་གསང་མེད་པར་བེད་སྤྱོད་གཏོང་ཐུབ་པ་བྱེད་རྒྱུ་དེ་ཡིན།
Q: What is your future Goal?
Yangdon :- As I have mentioned earlier, my goal is to pass down my Tibetan Opera knowledge to the younger generations. So, the tradition that was started by the 14th-century mystic Thang Tong Gyalpo will be accessible for the future generation all over the world.