Male left to right : Sonam Khafail, Ngawang Chime, Tenzin Nyendak
Female left to right: Tenzin Bhuti, Tenzin Dhonden, Tenzin Pema, Lobsang Choezom, Lobsang Choesang 
ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢-༣ བཅས་ཉིན་གྲངས་གཉིས་རིང་། བོད་ཀྱི་ཟློས་གར་སྒྱུ་རྩལ་ཁང་དུ་ས་གནས་ཁག་འདྲ་མིན་ནས་ཕེབས་པའི་སློབ་མ་རྣམས་སྒྱུ་རྩལ་སློབ་མ་གསར་འདེམས་ཀྱིས་ཡིག་རྒྱུགས་ནང་ཞུགས་ཏེ། སྒྱུ་རྩལ་ལ་དུང་ཞེན་ཆེ་བའི་བསམ་བློའི་སྟོབས་ཤུགས་མངོན་འགྱུར་གནང་ཞིང་། རང་གི་དགའ་ཕྱོགས་སུ་བློ་ཁ་གཏད་ནས་རང་ནུས་གང་ལྕོགས་ཀྱིས་ཡིག་རྒྱུགས་གང་ལེགས་ཕུལ། སྒྱུ་རྩལ་སློབ་ཁྲིད་དགེ་རྒན་ཚོས་སློབ་མ་གསར་འདེམས་ཀྱི་ཡིག་རྒྱུགས་ལེན་སྐབས། ལུས་ཀྱི་སྟངས་སྟབས་དང་། ངག་གི་འགྱུར་ཁུག དེ་བཞིན་བསམ་པའི་མྱུ་གུ་ལས་འབྱུང་བའི་ཉམས་འགྱུར་སྣ་ཚོགས་ཐད་དཔྱད་ཞིབ་རིམ་པ་གནང་སྟེ། མཐར་སྒྱུ་རྩལ་སློབ་མ་བརྒྱད་བདམས་ཐོན་བྱུང་ཡོད།
དེ་རིང་ཕྱི་ཚེས་ ༤ ཉིན་བོད་ཀྱི་ཟློས་གར་འགན་འཛིན་དབུ་བཞུགས་ཐོག་འཚམས་འདྲིའི་མཛད་སྒོ་སྟབས་བདེ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། འགན་འཛིན་མཆོག་གིས་ཚོགས་པའི་ངོ་སྤྲོད་དང་། ཟློས་གར་རིག་གནས་ཀྱི་གལ་གནད། དེ་བཞིན་སླད་ཕྱིན་སློབ་གཉེར་གནང་ཕྱོགས་ཐད་བཀའ་སློབ་གནང་བ་དང་། དྲུང་ཆེ་མཆོག་གིས་སློབ་མའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ངོ་སྤྲོད་གནང་། གཞན་ཡང་འཁྲབ་སྟོན་འགན་འཛིན་གྱིས་སྒྱུ་རྩལ་སློབ་ཁྲིད་གནང་ཕྱོགས་ཐད་བཀའ་སློབ་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་ལེགས་སྒྲུབ་བྱུང་སོང་།
After a virtual audition in the month of December following a rigorous physical audition on the 2nd and 4th March 2021, TIPA has finally selected eight students for the new batch of 2021. An orientation session was conducted on the first day of their joining; in the presence of the Director, secretary, teachers and members. We congratulate and welcome you all to the journey of development, preservation and promotion of our Tibetan performing arts!

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu