འཇམ་དབྱངས་རྒྱ་མཚོ་ལགས་ནི། ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་ཟློས་གར་ཚོགས་པའི་ནང་འདེམས་སྒྲུག་ཞུས་ཏེ་འཛུལ་ཞུགས་གནང་བའི་རོལ་ཆ་ཚན་ཁག་གི་སྒྱུ་རྩལ་སློབ་ཕྲུག་ཅིག་ཡིན་པ་དང་།  ད་ལྟའི་ཆར། ཟློས་གར་ལོ་རིམ་བཞི་པའི་སློབ་མ་བཟང་པོ་ཞིག་ཡིན་པ་བཅས་སོ། །

Jamyang Gyatso got selected at TIPA in the year 2015. Currently, he is in the fourth year and has been performing with the senior artiste in all tour.

༡༽ ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ། 

འཇམ་དབྱངས་རྒྱ་མཚོ། གུས་པ་བོད་ཀྱི་ཟློས་གར་ཚོགས་པའི་ནང་ཞུགས་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་འཛིན་གྲྭ་བཅུ་གཅིག་པ་འགྲིམས་པའི་སྐབས་སུ་སླེབས་སོང་།  ང་རང་དུས་རྒྱུན་གཞི་རིམ་སློབ་གྲྭ་འགྲིམས་པའི་སྐབས་ནས་གླུ་གཞས་དང་རོལ་མོ་ལ་དོ་སྣང་དང་དགའ་ཞེན་ཆེན་པོ་ཡོད། བྱས་ཙང་། འཛིན་རིམ་བཅུ་གཅིག་སློབ་མཐར་ཕྱིན་པའི་རྗེས་ལ། འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ཞུགས་བྱས་པ་ཞིག་ཡིན། །

  1. What inspired you to give an audition at the Tibetan Institute of Performing Arts?

I first thought of joining TIPA when I was in grade eleven. I have always and interested in music ever since I was just a kid. So, I joined TIPA right after completing my eleventh grade.

༢༽ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པར་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།   

རྒྱ་མཚོ།   གུས་པ་ང་རང་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབས་བྱེད་པར་དམིགས་བསལ་གྱི་ཁྱད་ཆོས་ནི། རང་གིས་སྦྱང་བརྩོན་བྱས་ཏེ་ཤེས་པའི་སྒྱུ་རྩལ་གྱི་རིག་གཞུང་གཞས་དང་། ཞབས་བྲོ། རོལ་ཆ་སོགས་གང་ལེགས་ཉར་ཚགས་བྱས་ཏེ་རང་ཆུང་བ་དང་ཤེས་ཚད་དམའ་བ་རྣམས་ལ་འགྲེལ་བཤད་ཡག་པོ་རྒྱབ་ཏེ་ཤེས་པ་བཟོས་ནས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན།

  1. How best do you think you could make a difference in preserving Tibetan tradition and culture?

I can make a difference in preserving Tibetan tradition and culture by preserving all the knowledge that I learn from here and passing down to the younger generation who are interested in Tibetan cultural music and dance.

༣༽ བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

རྒྱ་མཚོ། བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་ང་རང་དགའ་ཤོས་ཀྱི་སྒྱུ་རྩལ་ནི། རོལ་མོའི་སྒྱུ་རྩལ་དང་བཅས་པ་དཀྲོལ་ཏེ་འཁྲབ་སྟོན་བྱ་རྒྱུ་དེ་རྣམས་ཡིན། གང་ཡིན་ཟེར་ན། ང་རང་གཞི་རིམ་འོག་མ་དང་གོང་མའི་སློབ་གྲྭ་འགྲིམས་པའི་སྐབས་ནས་བཟུང་སྟེ་རོལ་དབྱངས་ལ་དགའ་ཞེན་དང་། དོ་སྣང་ཡང་ཆེན་པོ་ཡོད། དེས་མ་ཚད། ང་རང་སློབ་གྲྭའི་གཞས་སྣ་འགྲན་བསྡུར་སྐབས་སུ་རོལ་མོ་དཀྲོལ་མཁན་གྱི་རོལ་ཆ་བ་ཞིག་ཡིན། ད་ལྟའི་ཆར་ཡང་། བོད་ཀྱི་ཟློས་གར་ཚོགས་པའི་རརརོལ་ཆ་དཀྲོལ་གཏོང་བྱེད་མཁན་ཚན་ཁག་གི་རོལ་ཆ་བ་ཞིག་ཡིན། དེ་དང་རོལ་དབྱངས་དེ་ཤེས་ན། ལམ་སེང་གཏོང་ཐུབ་པ་དང་། ཉན་དུས་ཀྱང་རྣ་བར་སྙན་པོ་ཞེ་དྲགས་འདུག་

  1. Which performing art form, you love the most. Why?

Gyatso: I love playing instruments the most because when I was in the school junior year, I used to have huge interest in playing music despite that I was also member of  the school music band. Currently, I am one of the instrumentalists in TIPA as it is very easy for me to play right after learning and I get solace through music.

༤༽ ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་སུ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

རྒྱ་མཚོ། ངའི་མི་ཚེའི་ནང་མིག་དཔེ་ལྟ་ས་བཟང་ནི། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན། གང་ཡིན་ཟེར་ན། ༸ཁོང་ནི་ང་ཚོ་བོད་མི་རྣམས་ཀྱི་དབུ་འཁྲིད་ཅིག་དང་། བཀའ་དྲིན་ཤིན་ཏུ་ཆེ་བའི་སྙན་གྲགས་ཅན་ཞིག་ཡིན་པ་མ་ཟད། དེ་དང་ཆབས་ཅིག་༸ཁོང་ནི་འཛམ་བུ་གླིང་གི་ནང་ནས་མིག་དཔེ་བཟང་ཤོས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་ལ། འཛམ་བུའི་གླིང་གི་མི་རྣམས་འཚེ་མེད་ཞི་བའི་ལམ་ལ་འཁྲིད་གནང་མཁན་དང་། ཞི་བདེ་ལ་རྒྱབ་སྐྱོར་གནང་མཁན་རླབས་ཆེན་གྱི་གལ་ཆེའི་སྐྱེ་བོ་མཆོག་ཏུ་གྱུར་པ་ཞིག་ཡིན་ཅིང་། ༸ཁོང་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཚང་མའི་དོན་དུ་སྐུ་ངལ་འཛད་མེད་བསྐྱོན་གནང་མཁན་ཞིག་ ཡིན་ལ། ༸ཁོང་གི་གནང་སྟངས་གནང་ལུགས་ཚང་མས་གུས་པ་ང་རང་གི་ཡིད་དབང་མེད་དུ་འཕྲོག་ནས་དད་པ་ཡང་ཤིན་ཏུ་ཆེན་པོ་སླེབས་ཀྱི་འདུག  བྱས་ཙང་། ༸གོང་ས་མཆོག་ནི།  གུས་པའི་མི་ཚེའི་ཁྲོད་ཀྱི་མི་དཔེ་བཟང་ ཤོས་དེ་ཡིན་ལགས།

  1. Who is your role model and why?

My role model is none other than His Holiness the 14th Dalai Lama because firstly, he is our Leader and secondly, we are so grateful for having one of the most prominent leader who exemplify the world to follow the path of peace and non-violence and most importantly, sweat effortlessly for the benefit of the whole universe.

༥༽ འབྱུང་འགྱུར་གྱི་ལོ་ཟླའི་ནང་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།

རྒྱ་མཚོ། འབྱུང་འགྱུར་གྱི་མི་ཚེ་ཡི་ལོ་ཟླའི་ནང་། གུས་པ་ངའི་ལས་དོན་དང་མི་ཚེའི་དམིགས་ཡུལ་བཟང་ཤོས་ནི། ངས་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་རྒྱུ་དང་། རང་ཉིད་ཀྱིས་གང་ཤེས་པ་དེ་རྣམས་རང་རིགས་བོད་ཕྲུག་རྣམས་ལ་སློབ་ཐུབ་པ་དང་། འགྲེལ་བཤད་རྒྱབ་ཐུབ་པ་བྱེད་རྒྱུའི་བསམ་བློ་དང་ཆོད་སེམས་བརྟན་པོ་ཡོད། དེ་དང་ཆབས་ཅིག མ་འོངས་པའི་ལོ་ཟླ་དེ་དག་གི་ནང་། རོལ་མོའི་སྦྱོང་བརྡར་མང་ཤོས་དང་། གླུ་གཞས་གཏོང་ཡས་ལ་སོགས་པའི་སྦྱོང་བརྡར་ཡག་ཤོས་ཤིག་བྱེད་ཐུབ་པའི་ཀུན་སློང་དང་སེམས་ཤུགས་ཆེན་པོ་ཞེ་དྲགས་ཡོད་པ་བཅས་སོ། །

  1. What is your future Goal?

In the coming years, my main motive and goal is to specialise and get thorough knowledge in our culture and pass it on to the younger generation. Furthermore, Since I am fond of arts, I will work hard and make sure to excel in that area.

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu