བཀྲ་ཤིས་དབྱངས་འཛོམས་ལགས་ནི། འཕགས་ཡུལ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་གཙོ་བོ། ཤིང་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་ཞིང་། ས་གནས་དེ་གར་གཞི་རིམ་སློབ་གྲྭ་ཁག་འགྲིམ། ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཕྲུག་ཁོངས་སུ་ཐོག་མར་འཛུལ་ཞུགས་གནང་བ་དང་།  དེང་གི་ཆར་བོད་ཀྱི་ཟློས་གར་ལོ་རིམ་བཞི་པའི་སྒྱུ་རྩལ་སློབ་ཕྲུག་ཅིག་ཡིན་ལ། སློབ་གཉེར་བྱེད་པའི་ལོ་ངོ་དེ་དག་གི་ནང་ཁོང་གིས་རང་འཁྲིའི་ལས་སློབ་ལ་གཉིས་ལ་བརྩོན་པ་བྱེད་སྐབས་ལྷ་མོའི་འཁྲབ་གཞུང་སྣང་ས་འོད་འབུམ་ནང་གི་སྲས་ལྷ་བུ་དར་བུ་ཞེས་པའི་མི་སྣ་ཡང་འཁྲབ་མྱོང་ཡོད་པ་བཅས། ལོ་རྒྱུས་སྙིང་བསྡུས་དེ་ཙམ་མོ།  

Tashi Yangzom is from Shimla, Himachal Pradesh. She joined TIPA in the year 2015 and currently in the fourth year of training. She acted in Nangsa Yoe bum as a prince Lhabu Dharbu.

དྲི་བ། ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།

བཀྲ་ཤིས་དབྱངས་འཛོམས།: གུས་མོ་གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་སློབ་མཐར་ཕྱིན་རྗེས་སློབ་གྲྭ་སོགས་གང་དུ་འགྲོ་དགོས་མིན་གཏན་མ་འཁེལ་བའི་ སྐབས་སུ། པཱ་ལགས་ཀྱིས་ཟློས་གར་དུ་སྒྱུ་རྩལ་སློབ་ཕྲུག་གསར་འདེམས་བྱ་རྒྱུའི་གསལ་བསྒྲགས་ཤིག་གཟིགས་གནང་འདུག་པས། ང་རང་ཆུང་དུས་ནས་གླུ་གཞས་གཏོང་རྒྱུ་དང་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད་སྟབས། དེ་དུས་ཁོང་གིས་ལམ་སེང་གུས་མོར་དྲིས་གནང་མ་ཐག     དེ་གར་གླུ་གར་གྱི་རྒྱུགས་ཕུལ་སྟེ་འདེམས་སྒྲུག་གནང་བ་བརྒྱུད་འདི་ག་ཟློས་གར་གྱི་སྒྱུ་རྩལ་སློབ་ཕྲུག་ཁོངས་སུ་འཛུལ་ཞུགས་བྱས་པ་ཡིན་ལགས། 

Q: What inspired you to give an audition at the Tibetan Institute of Performing Arts?

Tashi Yangzom: After completing tenth grade, I was in doubt about my future.  later, father noticed an auditioning announcement from TIPA, he asked me about joining here because he always knew how much I love Tibetan traditional music.

དྲི་བ། ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ

དབྱངས་འཛོམས།:  སྤྱིར་བཏང་ང་རང་སྒྱུ་རྩལ་སླུབ་ཕྲུག་དཀྱུས་མ་ཞིག་ཡིན་པའི་ཆ་ནས་རིག་གཞུང་འཛིན་སྐྱོང་ཐད་ལ་སློབ་མ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་དང་ནུས་པ་སོགས་དེ་ཙམ་གྱི་ཆེན་པོ་ཞིག་མེད། ཡིན་ནའི་ང་རང་བོད་ཀྱི་སྲོལ་རྒྱུན་གླུ་གར་སོགས་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད། བྱས་ཙང་། ང་ཚོ་བོད་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་། གླུ་གར་དེ་ཚོའི་ནང་དོན་དང་ཡོང་ཁུངས་ག་ནས་ག་ནས་ཡིན་པ་དེ་ཚོ་ཤེས་པ་བྱས། དེ་ནས་མི་ཉམས་པ་ཉར་རྒྱུའི་སེམས་ཤུགས་དང་ལྷག་བསམ་ཆེན་པོཞིག་སེམས་ལ་ཡོད། དེ་ནི་ང་རང་གིས་རིག་གཞུང་རྒྱུན་འཛིན་བྱེད་པའི་དེང་དུས་ཀྱི་ཆ་རྐྱེན་ཡག་ཤོས་ཤིག་ཡིན་བསམ་གྱི་འདུག

Q: How best do you think you could make a difference in preserving Tibetan tradition and culture?

Tashi Yangzom: Being a normal Tibetan arts’ student, I don’t think I have anything special that I could highlight specifically but I love Tibetan traditional dance and have a huge interest for learning Tibetan traditional forms of art. So, I think having a huge interest and love for our traditional arts are one of my speciality being a twenty-first Tibetan refugee.

དྲི་བ། རིག་གཞུང་འཁྲབ་སྟོན་གྱི་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

དབྱངས་འཛོམས། འཁྲབ་སྟོན་དེ་དག་གི་ནང་ནས་གུས་མོས་དགའ་ཤོས་ནི། སྲོལ་རྒྱུན་གྱི་གླུ་གར་སོགས་གཞས་འཁྲབ་རྒྱུ་དེ་ཡིན། གང་ཡིན་ཟེར་ན་གླུ་གར་འཁྲབ་སྟོན་བྱས་པ་དེས་ང་ཚོའི་བསམ་བློའི་འཁྱེར་ཟོ་དང་། གོམས་གཤིས་མཚོན་ ཐུབ་ཀྱི་ཡོད་ཙང་གླུ་གར་གྱི་དམིགས་བསལ་ཉམས་འགྱུར་དེ་ཚོས་མི་གཞན་གྱི་ཡིད་དབང་ཚུར་འཕྲོག་ཐུབ་ཅིང་། སྒྱུ་རྩལ་འཁྲབ་སྟོན་བྱས་ན། ལོ་ན་རྒན་གཞོན་དང་། རིག་གཞུང་གང་འདྲ་ཞིག་ཡིན་ན་ཡང་། ཁོང་ཚོ་ཚང་མར་ལྟས་མོ་ཆེན་པོ་བཟོས་ཏེ་ཡིད་དབང་ཚུར་འགུག་ཐུབ་ཀྱི་ཡོད་པ་དང་། གླུ་གར་འཁྲབ་སྟོན་གྱིས་གཟུགས་པོའི་འཕྲོད་བསྟེན་ལ་ཡང་དམིགས་བསལ་གྱི་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པས་སོ། །

Q: Which performing art form, you love the most. Why?

Yangzom: I love Tibetan traditional dance the most because there is no races and cultures discrimination when it comes to dancing. Dance performance can steal anybody’s attention and get entertained as well.

དྲི་བ། ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ཀྱི་མི་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་།

དབྱངས་འཛོམས།: གུས་མོའི་མི་ཚེའི་ནང་དུ་མིག་དཔེ་བཟང་ཤོས་ནི། ང་རང་ལ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་གནང་མཁན་བཀའ་དྲིན་ཤིན་དུ་ཆེ་བའི་ཨ་མ་ལཌ་ཁོང་ཡིན།  གང་ཡིན་ཟེར་ཁོང་གིས་ཐོག་མར་ང་ལ་ཆོས་སེམས་ཆེ་བའི་་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་གནང་བ་ དང་། དེ་ནས་འཇིག་རྟེན་མི་ཡུལ་འདིའི་ཐོག་ཏུ་གུས་མོར་ཐུགས་བརྩེ་བ་ཆེན་པོས་བྱམས་སྐྱོང་གནང་སྟེ་བཀའ་དྲིན་ཆེན་པོས་ལེཌ་པར་བསྐྱངས་གནང་བ་མ་ཟད། པཱ་ལགས་དང་ཞལ་བྲལ་བའི་རྗེས་སུ་སྔར་ལས་ཀྱང་ཐུགས་ བརྩེ་བ་ཆེན་པོའི་སྒོ་ནས་གུས་མོར་བྱམས་སྙིང་རྗེ་བྱེད་དགོས་པ་དང་།  མི་ཚེའི་ནང་འཇིགས་སྣང་དངངས་ སྐྲག་གང་ཡང་མེད་པའི་སེམས་བཟང་ཅན་གྱི་མི་ཞིག་བྱེད་དགོས་པའི་ལམ་སྟོན་སློབ་གསོ་ཡང་ཡང་གནང་གི་ཡོད་ལ། ང་རང་གི་མི་ཚེའི་མདུན་ལམ་བཟང་པོ་དེའི་ཐོག་ཤུགས་རྐྱེན་དང་རྒྱབ་སྐྱོར་ཡག་ཤོས་གནང་གི་ཡོད། བྱས་ཙང་། གུས་མོའི་མི་ཚེའི་ནང་གི་མིག་དཔེ་བཟང་ཤོས་ནི།  ང་ཡི་སྙིང་ནས་བརྩེ་བའི་བཀའ་དྲིན་ཅན་གྱི་ཨ་ མ་ལགས་ཁོང་རང་རང་ཡིན།

Q: Who is your role model and why?

Yangzom: My role model is none other than my mom because she gave me the birth to a religious human being and after separating from my father, my mother has been the greatest teacher of my life, a teacher of compassion, love and fearlessness.

 དྲི་བ། མ་འོངས་པར་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།

དབྱངས་འཛོམས།  གུས་མོ་ང་རང་གི་དམིགས་ཡུལ་ཆེ་ཤོས་ནི། རྒྱ་ཆེའི་གཟིགས་མོ་བ་རྣམས་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཐུབ་མཁན་གྱི་འཁྲབ་སྟོན་པ་ཡག་པོ་ཞིག་ཆགས་ཐུབ་པ་བྱེད་རྒྱུ་དེ་ཡིན།

Q: What is your future Goal?

Yangzom: My future goal is to become an influential artist.

 

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu