སྒྱུ་རྩལ་བ་བསྟན་འཛིན་སྒྲོལ་དཀར་ལགས་ནི། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ཆུང་དུས་ནས་བོད་ཀྱི་ཨ་ཅེ་ལྷ་མོ་སྒྱུ་རྩལ་དང་ནང་སྟོད་ཞབས་བྲོ་སོགས་ལ་དུང་བ་ཟབ་པའི་དབང་གིས་རང་གི་དགའ་ཕྱོགས་གཙོ་འདོན་བྱས་ཏེ་སྒྱུ་རྩལ་ལམ་བུའི་ཐོག་ཏུ་གོམ་སྟབས་སྤོ་རྒྱུ་བློ་ཐག་བཅད།ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་གིས་སློབ་མ་གསར་འདེམས་སྐབས་ལུས་ཀྱི་སྟངས་སྟབས་དང་། ངག་གི་འགྱུར་ཁུག ཡིད་ཀྱི་ཉམས་འགྱུར་སྣ་ཚོགས་འདོན་རྒྱུར་གྲུབ་འབྲས་ཕུད་དུ་བྱུང་ནས་འདེམས་སྒྲུག་བྱུང་བའི་སྒྱུ་རྩལ་སློབ་མ་ཞིག་ཡིན། ད་སྐབས་སྒྱུ་རྩལ་ལོ་རིམ་ལྔ་པའི་ནང་སློབ་གཉེར་བྱེད་མུས་ཡིན།

Tenzin Dolkar is from Mundgod, Karnataka. Since a child, she has enjoyed watching and listening to Operas and Nangma Toeshey, which motivated her to aspire a career in Tibetan performing arts. She joined TIPA in 2016 and is currently in the fifth year.

 ༡། ཁྱེད་ཉིད་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་དུ་འཛུལ་ཞུགས་གནང་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།

བསྟན་འཛིན་སྒྲོལ་དཀར།ངས་རང་ཉིད་ཆུང་དུས་ནས་སྒྱུ་རྩལ་གྱི་ཞིང་སྐྲུན་བྱས་པའི་ཁང་ཁྱིམ་གྲུབ་བཞི་ནང་། ལུས་ཀྱི་སྟངས་སྟབས་དང་། ངག་གི་འགྱུར་ཁུག ཡིད་ཀྱི་སྒྱུ་རྩལ་གྱི་ཉམས་འགྱུར་སོགས་ལ་དང་བ་འདྲེན་པའི་བསམ་བློ་ཞིག་ཡོད་པ་ཤེས་རྟོགས་ཕྲན་བུ་བྱུང། དེ་ནས་གླུ་དབྱངས་ལེན་རྒྱུ་དང་། ཞབས་བྲོ་འཁྲབ་རྒྱུར་དགའ་ཕྱོགས་སུ་གཏད་ཅིང་དམིགས་བསལ་ལུས་ཀྱི་སྟངས་སྟབས་ཀྱིས་དབང་དུ་འགྱུར་བའི་ཞབས་བྲོའི་སྒྱུ་རྩལ་ལ་དེ་བས་སྤྲོ་བ་བརྟས། དེར་བརྟེན་རང་ཉིད་འཛིན་རིམ་དགུ་པར་སླེབས་མ་ཐག་ཏུ་བོད་ཀྱི་ཟློས་གར་ཚོགས་པས་སྒྱུ་རྩལ་སློབ་མ་གསར་འདེབས་བྱ་རྒྱུ་ཡིན་པས་གཏམ་བཟང་དེ་ཉིད་ཐོས་ཏེ། རང་ཉིད་ཀྱི་ནང་མི་སྤུན་ཉེ་ཚོགས་ལ་ཞུས་པས། ཁོང་ཚོས་ཀྱང་རྒྱབ་སྐྱོར་ཕར་མ་ཞིག་གནང་སྐབས་བློ་སྟོབས་དེ་ལ་བརྟེན་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཁང་དུ་འདེམས་སྒྲུག་གི་ལམ་ནས་ཞུགས་པ་ཡིན།

1.What inspired you to give an audition at the Tibetan Institute of Performing Arts?

Tenzin Dolkar: I have always wanted to be recognized as a performer since a child as I love dancing and singing, especially Tibetan dance forms. At ninth standard in school, when I heard of TIPA audition I told my family about my interest and willingness to go and fulfil my aspirations at TIPA. They fully supported my decision. Therefore I think these goods of motivation inspired me to give an audition in TIPA.

༢། ཁྱེད་ཀྱི་བསམ་པར་ཇི་ལྟར་བྱས་ན་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱུ་རྒྱུའི་ཐད་ནུས་པ་དམིགས་བསལ་ཞིག་འདོན་ཐུབ་ཀྱི་རེད་དམ།

བསྟན་འཛིན་སྒྲོལ་དཀར།བོད་ཀྱི་ཨ་ཅེ་ལྷ་མོའི་སྒྱུ་རྩལ་ནི་བོད་ཀྱི་རིག་གནས་གཞུང་ཆེ་ཆུང་མང་དག་ཅིག་ཡོད་པའི་ནས་དམིགས་བསལ་དང་། མི་རིགས་ཀྱི་ཁྱད་ཆོས་མངོན་སུམ་ལྡན་པའི་རིག་པའི་གཞུང་ལུགས་གལ་འགངས་ཤིག་ཡིན་ལ་ལོ་རྒྱུས་ཀྱི་དོན་སྙིང་སྣ་ཚོགས་ལྡན་ཡོད། སྐད་ཡིག་གི་གོ་རྒྱ་ཇི་ཙམ་བཟང་ན་ལྷ་གཞུང་དེའི་རྒྱབ་ལྗོངས་ཀྱི་བསླབ་བྱ་དེ་དག་རྟོགས་ཐུབ་པ་དང་། ངས་དེའི་རྒྱབ་ལྗོངས་ཀྱི་སློབ་གསོ་དང་ལེགས་ཤེས་ཀྱི་གཏམ་རྒྱུད་དེ་དག་མི་རབས་གསར་པ་ཚོར་རྒྱུད་སྤེལ་དང་། འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་ནུས་པ་བཏོན་ཐུབ།

2.How best do you think you could make a difference in preserving Tibetan tradition and culture?

Tenzin Dolkar: Opera is one of the oldest forms of art in Tibetan culture and history. The story depicted in opera has deep lesson and roots of Tibetan culture. A good understanding of the Tibetan language is significant and requisite in order to take the morality of the story. And I think, I could contribute to the preservation of our culture by sharing and imparting knowledge and wisdom about Opera to our next generation.

༣། བོད་ཀྱི་རིག་གཞུང་འཁྲབ་སྟོན་སྒྱུ་རྩལ་ནང་ནས་ཁྱེད་ཀྱི་ཆེས་དགའ་ཤོས་གང་ཡིན་ནམ། རྒྱུ་མཚན་ཅི་ཕྱིར།

བསྟན་འཛིན་སྒྲོལ་དཀར།ངས་སྒྱུ་རྩལ་ལམ་བུ་རེ་སྙེག་དང་འཚོལ་སྙེག་གི་ཕྱོགས་སུ་བསྐྱོད་སྐབས་ནང་མ་སྟོད་གཞས་ཀྱི་གཞས་སྣ་དང་། ཞབས་བྲོ་འཁྲབ་དུས་དམིགས་བསལ་གྱི་ཚོར་བ་ཞིག་སྟེར་གྱིན་འདུག ནང་སྟོད་སྒྱུ་རྩལ་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་སྒྲིག་གཞི་ཁག་ལ་སློབ་སྦྱོང་ཞུ་རྒྱུ་བྱུང་བ་དེ་ཆེས་དམིགས་བསལ་ཞིག་ཡིན་སྙམ།

3.Which performing art form, you love the most. Why?

Tenzin Dolkar: I find immense joy in learning and dancing Nangma Toeshey as it is very inquisitive to learn the backgrounds and principles of the Nangma songs.

༤། ཁྱེད་ཀྱི་མིག་དཔེ་བཟང་ཤོས་འདི་སུ་ཡིན་ནམ། རྒྱུ་མཚན་གང་གི་ཐད་ནས་ཡིན་ནམ།

བསྟན་འཛིན་སྒྲོལ་དཀར།མིའི་རིགས་ཀྱི་མི་ཚེ་ནང་བསམ་བློའི་སྟོབས་ཤུགས་སྦྱིན་མཁན་རེ་རེ་ཡོད་པ་གདོན་མི་ཟ། ང་ལ་མཚོན་ན་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་རྣམས་ནི་ངས་མིག་དཔེ་ཡར་ལྟ་བྱེད་ས་དེ་ཡིན། ཁོང་རྣམ་པ་ཚོས་བསམ་གཞིག་དང་རམ་འདེགས་འོག་གཞས་སྣ་ཁག་གི་དོན་སྙིང་དང་། སྟངས་སྟབས་བྱད་གཟུགས་འཁྱེར་ཕྱོགས་སོགས་ཀྱི་སློབ་སྟོན་ཤིན་ཏུ་བཟང་། ངས་སྦྱོང་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་རིག་གཞུང་ཁྱབ་ཁོངས་སྣ་ཚོགས་སྦྱངས་ཤིང་། ད་ལྟའང་སྒྱུ་རྩལ་ལམ་བུ་ཐོག་སློབ་སྦྱོང་བྱས་དང་བྱེད་བཞིན་པ་ཡིན།

4.Who is your role model and why?

Tenzin Dolkar: TIPA teachers are my role model because they teach and help us in understanding the detail meanings of all the songs and dance. I have obtained a lot of wisdom from their guidance and still learning in the field of Tibetan performing arts.

༥། ཁྱེད་ཀྱི་མ་འོངས་པའི་ཕུགས་འདུན་ནམ་དམིགས་ཡུལ་ཅི་ཞིག་ཡིན།

བསྟན་འཛིན་སྒྲོལ་དཀར།ཕུགས་བསམ་ཡོད་པའི་མི་ལ་ཤེས་རབ་ཀྱི་གྲོགས་བྱས་ཟེར་བ་བཞིན། ངས་ཕུགས་བསམ་ནི་བོད་ཀྱི་ཨ་ཅེ་ལྷ་མོ་སྒྱུ་རྩལ་དང་གཞས་སྣ་ཁག་རྒྱལ་སྤྱིའི་གར་སྟེགས་འདྲ་མིན་ཐོག་འཁྲབ་རྒྱུ་བྱུང་ན་བསམ་པ་དེ་ཡིན། རང་ཉིད་ཀྱིས་བསམ་གཞིག་དང་བློ་རིག་ལ་བརྟེན་ནས་མ་འོངས་པར་བོད་ཀྱི་ཟློས་གར་ནང་རོལ་དབྱངས་ཐོག་ངེས་སྟོན་པ་ཞིག་བྱ་རྒྱུ་བསམ་བློ་ཡོད་ལ། རང་གི་རིག་གཞུང་བཟང་པོ་དེ་ཉིད་རྗེས་རབས་པ་ཚོར་བརྒྱུད་སྤེལ་བྱ་རྒྱུ་ཡིན། བཅའ་འདྲི་གནང་བར་བཀའ་དྲིན་ཆེ།

5.What is your future goal?

Tenzin Dolkar: My future goal is to perform Tibetan traditional dance and opera all around the world. I foresee myself being a musical instructor of TIPA in near future and pass the wisdom to the new upcoming generations.

 

 

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu