སྒྱུ་རྩལ་བ་བསྟན་འཛིན་བྱམས་པ་ལགས་ནི། རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ཕྱི་ལོ་༢༠༡༥ ལོར་རང་གི་དགའ་ཕྱོགས་དང་ཕུགས་འདུན་འཁུར་ཏེ་བོད་ཀྱི་ཟློས་གར་སྒྱུ་རྩལ་ཁང་དུ་འཛུལ་ཞུགས་གནང་། ད་སྐབས་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་དུ་ལོ་རིམ་ལྔ་པའི་ནང་སློབ་གཉེར་བྱེད་མུས་ཡིན།

Tenzin Jampa is from Kollegal Dhondenling Tibetan Settlement, Karnataka. He loves dancing since the age of two especially Tibetan dance, that stimulated him in other music art forms and joined Tibetan Institute of Performing Arts in 2015. He is currently in the fifth year of a trainee. 

༡། ཁྱེད་ཉིད་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་དུ་འཛུལ་ཞུགས་གནང་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།

བསྟན་འཛིན་བྱམས་པ།བསམ་བློའི་སྟོབས་ཤུགས་ཀྱིས་རིག་རྩལ་ལས་སྒྱུ་རྩལ་གྱི་གྲུ་ཆར་སྣ་ཚོགས་བབས་པ་ནི་འཁོར་བའི་ཆོས་ཉིད་ཅིག་རེད། སྟོབས་ཤུགས་དེ་ལས་ས་བོན་འདྲ་མིན་བྱུང་ཞིང་། ས་བོན་གྱི་མྱུ་གུ་གཅིག་ལས་ང་རང་ཉིད་ཀྱི་དགའ་ཕྱོགས་དང་ཕུགས་འདུན་འདི་བྱུང་བ་རེད། ཤུགས་རྐྱེན་གྱིས་ང་ཚོར་བཟང་ཕྱོགས་དང་མཐུན་པའི་དགའ་ཕྱོགས་ཀྱི་ལམ་བུར་བསྐྱོད་ཀྱི་ཡོད། ང་ལ་མཚོན་ན་རང་ཉིད་ཀྱི་རིག་གཞུང་བཟང་པོ་དེ་དང་སྤུན་ཉེ། དེ་བཞིན་རང་ཉིད་ཀྱི་དགའ་དགའ་སྟེར་ཕྱོགས་ཀྱི་བསམ་བློའི་བག་ཆགས་ལས་བྱུང་སྙམ། ཤུགས་རྐྱེན་གྱིས་སྟོབས་ཤུགས་དེས་རང་ཉིད་ཀྱི་དགའ་དགའ་སྟེར་ཕྱོགས་ཀྱི་སྒྱུ་རྩལ་ལམ་བུ་དེའི་ཐོག་ཁྲིད་ནས་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱས་པ་ཡིན།

1.What inspired you to give an audition at the Tibetan Institute of Performing Arts?

Tenzin Jampa: Our inspirations are the source of our positivity, and I believe that we all have inspiration in our lives. My family and my cultures were my inspirations and sources of energy in life. They inspired and helped me follow my love for music and give audition at the Tibetan Institute of Performing Arts.

༢། ཁྱེད་ཀྱི་བསམ་པར་ཇི་ལྟར་བྱས་ན་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱུ་རྒྱུའི་ཐད་ནུས་པ་དམིགས་བསལ་ཞིག་འདོན་ཐུབ་ཀྱི་རེད་དམ།

བསྟན་འཛིན་བྱམས་པ།ཁྱེད་ཀྱིས་དྲི་བ་དེས་ང་ལ་དྲན་སྐུལ་གྱིས་ཅོང་རྡ་ཞིག་གཏོང་གི་འདུགགང་ལགས་ཞེ་ན། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་དང་མི་རིགས་ཤིག་གི་འགན་འཁྲི་ཡོད་ཅིང་། འགན་འཁྲི་འདུ་ཤེས་དེ་ལས་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་སྙིང་སྟོབས་སྤེལ་གྱིན་འདུག འདི་ནི་ང་ལ་མཚོན་ན་རྐྱེན་ངན་འགྲོགས་ཤར་ལྟར་རང་དབང་སླར་གསོའི་བསམ་པ་ཞིག་གིས་རང་ཉིད་ཀྱི་རིག་གཞུང་ཕྱུག་པོ་དེར་བཙན་བྱོལ་གྱི་ཞིང་ས་ཞིག་ནས་སློབ་སྦྱོང་བྱ་རྒྱུ་བྱུང། དཔེར་ན། འཁྲབ་གཞུང་། སྲོལ་རྒྱུན་ཞབས་བྲོ་སོགས་ལ་དེ་བས་ཀྱང་སྦྱང་ཤེས་བྱ་རྒྱུ་བྱུང་བ་རེད། བོད་ནང་རྒྱ་ནག་དམར་ཤོག་ཚོགས་པས་རང་གིས་ཆོས་དང་རིག་གཞུང་སོགས་ཉར་ཚགས་དང་བདག་སྐྱོང་བྱ་རྒྱུའི་གོ་སྐབས་མ་སྤྲད་པར། དེ་དག་རྩ་གཏོང་གཏོང་གི་ཡོད། ང་རང་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྡེ་ཚན་འདིའི་ནང་རང་གི་རིག་གཞུང་དང་སྒྱུ་རྩལ་སོགས་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་པ་ནི་དངོས་གནས་ལམ་འགྲོ་ཞིག་ཡིན་བསམ་གྱི་འདུག ངས་འདོད་པ་ནི་བོད་མིའི་ཚབ་ཞུས་ཏེ་རྒྱལ་སྤྱིའི་ནང་བོད་མིའི་རིག་གཞུང་གི་ངོ་ཚབ་ཞུ་རྒྱུ་དང་། སླད་ཕྱིན་སྒྱུ་རྩལ་པ་ཚད་ལྡན་བྱས་ཏེ་སློབ་གྲྭ་ཁག་གི་ནང་དགེ་རྒན་གྱི་ལམ་བུའི་ཐོག་ནས་སློབ་མ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། རང་གི་རིག་གཞུང་དང་སྒྱུ་རྩལ་ལ་དུང་བ་ཡོད་པའི་སྒྱུ་རྩལ་པ་རྒན་རབས་ཚོ་ནི་རིམ་པས་རྒས་པ་དང་འདས་འགྲོ་གི་རེད། དེར་བརྟེན་ང་ཚོ་ལ་དེའི་འགན་ཡོད་རེད།

2. How best do you think you could make a difference in preserving Tibetan tradition and culture?

Tenzin Jampa: The question reminds me of my responsibility as a Tibetan and gives me the freedom of my thoughts on preserving my tradition and culture. It’s my good fortune that I am a Tibetan who has the freedom to learn and practice my scripts, tradition, and rich culture in exile. In Tibet, the Chinese Communist Party is destroying our Tibetan Culture. Inside Tibet, it is difficult and dangerous to preserve Tibetan Culture. I feel fortunate for being a student of this institute and having the opportunity to learn and study on Tibetan performing arts. I want to represent the world as a cultural ambassador of Tibet and become a professional artist someday. In the future, I also want to work as a dance and music teacher in Tibetan schools in India and abroad. Many of the older artistes are getting old and passing away. I feel it is our responsibility to preserve our traditions.

༣། བོད་ཀྱི་རིག་གཞུང་འཁྲབ་སྟོན་སྒྱུ་རྩལ་ནང་ནས་ཁྱེད་ཀྱི་ཆེས་དགའ་ཤོས་གང་ཡིན་ནམ། རྒྱུ་མཚན་ཅི་ཕྱིར།

བསྟན་འཛིན་བྱམས་པ།སྒྱུ་རྩལ་གྱི་ལམ་ཕྲན་ཐོག་ནས་ངས་ཆེས་དགའ་ཤོས་ནི་འཁྲབ་སྟོན་བྱ་རྒྱུ་དེ་ཡིན། ང་རང་བྱིས་པ་ལོ་གཉིས་ཙམ་ནས་འཁྲབ་སྟོན་ལ་དགའ་པོ་ཡོད། སྤྱིར་བཏང་ང་རང་གཞས་སྣའི་རིགས་གང་འདྲ་ཞིག་ཡིན་རུང་ཚང་མར་དགའ་པོ་ཡོད། དམིགས་བསལ་བོད་གཞས་ལ་དེ་བས་དུངས་བ་ཡོད། གཞས་སྣ་འཁྲབ་སྟོན་གྱི་སྒྱུ་རྩལ་ཐོག་ནས་ངས་སྤྱི་ཚོགས་ཞབས་འདེགས་ཞུ་ཐུབ་ཀྱི་འདུག

3. Which performing art form, you love the most. Why?

Tenzin Jampa: The best art form that I enjoy is dancing. I love this since I was two years old. I love all forms of dance, especially the Tibetan dance. Through dance, I want to make a difference and contribute to our social benefit.

༤། ཁྱེད་ཀྱི་མིག་དཔེ་བཟང་ཤོས་འདི་སུ་ཡིན་ནམ། རྒྱུ་མཚན་གང་གི་ཐད་ནས་ཡིན་ནམ།

བསྟན་འཛིན་བྱམས་པ།ངས་ནང་མི་སྤུན་ཉེ་ཚོ་ནི་ངའི་རེ་འདོད་དང་སློབ་སྦྱོང་ཞུ་ས་ཡིན། ངས་ཁོང་ཚོར་མིག་ལྟས་ཡར་ལྟ་བྱས་ཏེ་རང་ཉིད་ཀྱིས་མི་ཚེར་སློབ་སྦྱོང་བྱེད་ཀྱི་ཡོད། ང་རང་གི་བློ་གཏད་སའི་སྐད་ཆ་ཞིག་ནི་”རང་ཉིད་ཀྱིས་ལམ་སྟོན་བྱེད་མཁན་ལ་ཉན་ཏེ་རང་གིས་དགའ་ཕྱོགས་དང་མཐུན་པ་བྱོས་”ཞེས་པ་དེ་ཡིན།  ངའི་རྨོ་ལགས་དེ་འདྲ་ཞིག་གསུངས་བྱུང་། ”ཁྱེད་རང་གིས་གང་ཞིག་ལ་དགའ་བ་དེ་བྱས་ཚེ། དེས་རང་ཉིད་ཀྱི་མི་ཚེ་ནང་དོན་སྙིང་ལྡན་པ་ཞིག་ཡོང་”ཞེས་པ་ལྟར། ང་རང་དགའ་ཕྱོགས་དང་ཉམས་མྱོང་ལ་བརྟེན་ནས་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱས་རྗེས་ཚོར་བ་དེ་བྱུང་།

4. Who is your role model and why?

Tenzin Jampa: My families are my inspiration. I look up to them in every aspect of my life. They are my role models as they taught me, believing in myself, listening to my gut, and do what I love. My grandmother once said; if you do what you love, you will never work a day in your life. And I experience and feel the joy after I joined TIPA.

༥། ཁྱེད་ཀྱི་མ་འོངས་པའི་ཕུགས་འདུན་ནམ་དམིགས་ཡུལ་ཅི་ཞིག་ཡིན།

བསྟན་འཛིན་བྱམས་པ།མ་འོངས་པའི་ངའི་ཕུགས་འདུན་ནི། ཆེད་ལས་ཀྱི་ངོ་བོར་གྱུར་བའི་སྒྱུ་རྩལ་པ་ཞིག་བྱས་ཏེ་རྒྱལ་སྤྱི་ནང་བོད་ཀྱི་རིག་གཞུང་དར་སྤེལ་དང་འཕེལ་རྒྱས་གཏང་སྟེ། རིག་གཞུང་ཕྱུག་པོ་དེའི་རོ་བཅུད་ལྡན་པའི་ཞབས་བྲོ་དང་། རོལ་དབྱངས་སོགས་ཡོད་པ་ཤེས་འཇུག་རྒྱུ་དེ་ཡིན། ངས་རང་ཉིད་ཀྱི་སྒྱུ་རྩལ་ལ་སྟོབས་ཤུགས་ལྡན་པའི་ནུས་པ་ཞིག་ཡོད་པའི་ཡིད་ཆེས་ཡོད། དེས་སྤུན་ཟླ་མིང་སྲིང་ཚོའི་སྙིང་གཏམ་གྱི་ངོ་ཚབ་བྱེད་ཐུབ་ཀྱི་རེད།

5. What is your future goal?

Tenzin Jampa: My future goal is to become a professional artist, and spread awareness in the world about our beautiful rich culture and tradition through my art of music and dance. I believe my art will be the voice of our Tibetan brother and sisters.

 

 

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu