བསྟན་འཛིན་སྐལ་བཟང་ལགས་ནི། རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་ཧུང་སུར་གཞིས་ཆགས་ནས་ཡིན་པ་དང་། ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་ཟློས་གར་ཚོགས་པས་འདེམས་སྒྲུག་བྱས་པ་བརྒྱུད་འདི་ག་ཚོགས་པར་འཛུལ་ཞུགས་གནང་ཞིང་། ད་ཆ་

ལོ་རིམ་གསུམ་པའི་སྒྱུ་རྩལ་སློབ་མ་ཞིག་ཡིན་པ་དང་། རང་གི་མངོན་འདོད་ལྟར་ཚོགས་པའི་ནང་ཟློས་གར་སྒྱུ་རྩལ་ཐད་སློབ་སྦྱོང་བྱེད་བཞིན་ཡོད།

Tenzin Kalsang is from Hunsur, Karnataka. He joined Tibetan Institute of performing Arts in 2016. He is currently in the third year of training and pursuing his passion and dream in Tibetan Institute of Performing Arts.

༡༽ ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།

བསྟན་འཛིན་སྐལ་བཟང་། གུས་རང་ཆུང་དུས་ནས་ཟློས་གར་གྱི་སྒྱུ་རྩལ་གཞས་དང་ཞབས་བྲོ་སོགས་ལ་ཧ་ཅང་དགའ་དྲགས་པའི་དབང་གིས་ལུས་ སེམས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་པ་ལ་བརྟེན། བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ཞུགས་བྱ་རྒྱུའི་ཀུན་སློང་ ཞིག་བྱུང་སྟེ་འདི་གར་འཛུལ་ཞུགས་བྱས་པ་ཡིན། ནམ་རྒྱུན་གུས་རང་གླུ་གཞས་ཉན་སྐབས་སེམས་ནང་བདེ་བ་ཆེན་པོ་ ཞིག་ཡོང་གི་འདུག་ལ། གླུ་གཞས་ཉན་པ་ལ་བརྟེན་ནས་མི་ཆ་ཚང་པོ་ཞིག་ཡིན་པའི་ཚོར་བ་ཞིག་ངང་གིས་ཤར་གྱི་འདུག ངའི་མི་ཚེའི་ནང་དགའ་སྡུག་གི་འཚོ་བ་ག་རེ་བྱུང་ན་ཡང་། གླུ་གཞས་ཉན་རྒྱུ་དེ་ནི་ངའི་གྲོགས་པོ་ཡག་ཤོས་ཤིག་ཡིན། དེར་མ་ཟད། སྔོན་མ་གཞི་རིམ་སློབ་གྲྭ་འགྲིམ་སྐབས་ཀྱང་རིག་གཞུང་གཞས་སྣ་འཁྲབ་སྟོན་ནང་འཛུལ་ཞུགས་བྱས་ཏེ་ང་ཚོ་ བོད་ཀྱི་སྒྱུ་རྩལ་རིག་གཞུང་དེ་དག་སྲུང་སྐྱོབ་བྱེད་ཀྱི་ཡོད།

Q: What inspired you to give an audition at Tibetan institute of Performing Arts?

Tenzin Kalsang: My passion and love for music has inspired me to give an audition at Tibetan Institute of Performing Arts. There is a sense of peace and happiness whenever I listen to the music. It makes me feel so complete and has been my greatest company in every thick and thin phrases of my life. Moreover, I used to grab every opportunity to sing and dance in school, leading a keen curiosity to learn more of our culture, because of which I gave an audition at Tibetan Institute of Performing Arts.

༢༽ ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།

སྐལ་བཟང་། གུས་པ་ནི། བོད་ཀྱི་སྒྱུ་རྩལ་རིག་གཞུང་དེ་དག་གི་ནང་ནས་སྤྱིར་རོལ་ཆ་ལ་དཀྲོལ་གཏོང་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། དེའི་ནང་ནས་ཀྱང་སྒྲ་སྙན་དང་རྒྱུད་མང་ཡང་ཇིང་དཀྲོལ་གཏོང་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། ད་ཆ་ངའི་བསམ་བློའི་ནང་། ཐོག་མར་རོལ་ཆའི་སྒྱུ་རྩལ་དེ་དག་ལེགས་པར་བྱང་ཆུབ་པ་ཞིག་སྦྱང་ནས་འཛམ་བུ་གླིང་ལ་འགྲེམ་སྤེལ་བྱས་ཏེ་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཡུལ་དང་སེམས་ཤུགས་ཆེན་པོ་ཡོད།།

Q: How best do you think you could make a difference for preserving Tibetan tradition and culture?

Tenzin Kalsang: I love playing instrument, specifically, Tibetan lute and hammered dulcimer. My current plan is to work more in learning those skills and spread awareness about our culture to the world.

 ༣༽ བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

སྐལ་བཟང་། གུས་རང་བོད་ཀྱི་སྒྱུ་རྩལ་རིག་གཞུང་དེ་དག་གི་ནང་ནས་རོལ་ཆ་དཀྲོལ་གཏོང་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། རང་ཉིད་ཀྱིས་གདངས་སྒྲིག་ནས་དཀྲོལ་གཏོང་བྱ་རྒྱུར་དེ་བས་ཀྱང་དགའ་པོ་ཡོད། དེར་བརྟེན་གུས་རང་ནམ་རྒྱུན་དུས་ཚོད་གཏོང་པ་ཡོད་པའི་སྐབས་སུ་རོལ་ཆ་དེ་དག་དཀྲོལ་གཏོང་བྱས་ཏེ་འཁྲབ་སྟོན་སྦྱོང་ བརྡར་སོགས་བྱེད་ཀྱི་ཡོད།

Q: Which performing art form, you love the most. Why?

Tenzin Kalsang: – I love listening different forms of instrument and do some playing on my own creation. During leisure time, I dance and play instrument.

 ༤༽ ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ཀྱི་མི་སུ་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་།

སྐལ་བཟང་། ང་རང་གི་སྒྱུ་རྩལ་ལམ་བུའི་ཐོག་མིག་དཔེ་བཟང་ཤོས་ནི། ང་ཚོ་བོད་ཀྱི་ཟློས་གར་ཚོགས་པའི་ཕུལ་བྱུང་གི་བྲོ་པ་རྒན་པ་དགེ་ཚབ་བསྟན་འཛིན་ཆོས་ཉིད་ལགས་ཡིན།  གང་ཡིན་ཟེར་ན། ཁོང་གིས་སྒྱུ་རྩལ་འཁྲབ་སྟོན་གནང་སྐབས། གསུང་སྐད་སྙན་ལ་འཁྲབ་རྩལ་ཆེ་བ། དོན་བྱ་གང་ཞིག་དོན་ན་ཡང་། བབ་ཆགས་ཤིང་འཁྲབ་སྟངས་ལེགས་པ་ཙམ་དུ་མ་ཟད་ཐུགས་སེམས་ཀྱང་ཧ་ཅང་བཟང་པོ་ ཡོད་པས། གུས་པ་ཡང་ཁོང་ལྟ་བུ་ཞིག་ཆགས་འདོད་ཆེན་པོ་ཡོད།

Q: Who is your role model and why?

Tenzin Kalsang: My role model is our Music Instructor Gen Choenyi la because for me he is someone I look up to as a great artist. He is an extremely talented dancer and moreover a great human being who is so great in understanding and kind in nature. I admire his quality that I look up to.

 ༥༽ མ་འོངས་པར་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།

སྐལ་བཟང་། མ་འོངས་པའི་ལོ་ཟླའི་ནང་གུས་རང་གི་སྦྱང་ཚར་བའི་གླུ་གཞས་རྣམས་གཞན་དག་སུ་ཞིག་གིས་སྦྱོང་འདོད་ཡོད་ན་ཡང་ གཞན་ལ་ཕར་བསླབ་རྒྱུའི་དམིགས་ཡུལ་དང་། རེ་བ། ཡིད་ཆེས་བཅས་བརྟན་པོ་ཡོད།

Q: What is your future Goal?

Tenzin kalsang My future goal is to share all my knowledge to all the interested person who wants to learn Tibetan tradition and music.

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu