སྒྱུ་རྩལ་བ་བསྟན་འཛིན་དཔལ་བཟང་ལགས་ནི། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བདེའི་གླིང་བོད་མིའི་གཞིས་ཆགས་ནས་ཡིན་ཞིང་། ཕྱི་ལོ་༢༠༡༦ལོར་བོད་ཀྱི་གླུ་གར་རིག་པའི་སྒྱུ་རྩལ་དང་ལྷ་གཞུང་སོགས་ལ་དུང་བ་ཟབ་པའི་དབང་གིས། རང་གི་དགའ་དང་མཐུན་པའི་ལམ་བུ་དེའི་ཕྱོགས་སུ་བསྐྱོད་ཆེད། བོད་ཀྱི་ཟློས་གར་སྒྱུ་རྩལ་བསྟི་གནས་ཁང་དུ་ཡིག་རྒྱུགས་ཀྱིས་ལམ་ནས་འཛུལ་བཞུགས་བྱས་པ་ཞིག་ཡིན། ད་བར་མི་ལྔ་ཙམ་སོང་ཞིང་སྒྱུ་རྩལ་ལོ་རིམ་ལྔ་པའི་ནང་སློབ་གཉེར་བྱེད་མུས་ཡིན།

Tenzin Passang is from Bylakuppe, Karnataka. She joined Tibetan Institute of Performing Arts in May 31st 2016 and she is currently in the fifth year of a trainee.

༡། ཁྱེད་ཉིད་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་དུ་འཛུལ་ཞུགས་གནང་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།

བསྟན་འཛིན་དཔལ་བཟང་།སེམས་ཀྱི་འཆར་སྒོ་འདྲ་མིན་ལ་བརྟེན་ནས་རྣམ་རྟོག་སྣ་ཚོགས་བྱུང་ཞིང་། སྒྱུ་རྩལ་ཡང་རྣམ་རྟོག་གིས་སྙིང་བཅུད་འདྲ་མིན་ལེགས་བསྒྲིགས་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད་སྙམ། དྲང་པོ་ཞུས་ན་ང་རང་སྒྱུ་རྩལ་གྱི་ཁྲོད་དུ་འཚོ་ཞིང་སྒྱུ་རྩལ་གྱིས་བདེ་བ་སྣ་ཚོགས་སྦྱིན་དུས། རོལ་དབྱངས་ཀྱིས་ཤུགས་མ་ཉིད་དུ་བསམ་བློའི་ཤུགས་རྐྱེན་སྣ་ཚོགས་སྦྱིན་ཏེ་ལམ་བུ་དེའི་ཐོག་ཏུ་ཕྱོགས་པ་ཡིན།

1. What inspired you to give an audition at the Tibetan Institute of Performing Arts?

Tenzin Passang: Honestly, I consider my bravery and motivation towards love for music inspired me to give an audition in TIPA.

༢། ཁྱེད་ཀྱི་བསམ་པར་ཇི་ལྟར་བྱས་ན་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱུ་རྒྱུའི་ཐད་ནུས་པ་དམིགས་བསལ་ཞིག་འདོན་ཐུབ་ཀྱི་རེད་དམ།

བསྟན་འཛིན་དཔལ་བཟང་།ད་ལྟའི་ཆར་རང་ཉིད་སྦྱོར་བདར་བྱེད་མཁན་ནམ་སློབ་མ་ཞིག་ཡིན་དུས། མནོ་བསམ་དེ་ཙམ་ཞིབ་མོ་གཏོང་བའི་བློ་སྤོབས་མེད། འོན་ཏེ་རིག་གཞུང་འཕེལ་རྒྱས་ཀྱིས་ཕྱོགས་སུ་བསྐྱོད་དགོས་ན་རིག་ཚན་གང་རུང་ཞིག་གི་ནང་དུ་བཞུགས་ནས་དེའི་ཐོག་སློབ་སྦྱོང་བྱེད་དགོས། དེ་ལྟར་བྱས་ན་རིག་གཞུང་འཕེལ་རྒྱས་དང་བརྒྱུད་སྤེལ་བྱེད་ཐུབ་ཀྱི་རེད།2.How best do you think you could make a difference in preserving Tibetan tradition and culture?

Tenzin Passang: At the moment, being a trainee, the best thing I could impart on preserving our own culture is by learning and developing Tibetan performing arts skills in the institute so that I could pass my knowledge to the next generation.

༣། བོད་ཀྱི་རིག་གཞུང་འཁྲབ་སྟོན་སྒྱུ་རྩལ་ནང་ནས་ཁྱེད་ཀྱི་ཆེས་དགའ་ཤོས་གང་ཡིན་ནམ། རྒྱུ་མཚན་ཅི་ཕྱིར།

བསྟན་འཛིན་དཔལ་བཟང་།སྒྱུ་རྩལ་ནི་ངའི་དགའ་ཕྱོགས་ཡིན། དེའི་ནང་ནས་ཞབས་བྲོ་དང་གླུ་གཞས་གཏོང་རྒྱུར་དེ་བས་དགའ་བ་ཡིན། དེས་རང་ཉིད་ཀྱི་སྒྱུ་རྩལ་གྱིས་སྟོབས་ཤུགས་མངོན་ཐུབ་པ་དང་། མཛེས་དཔྱོད་ཀྱི་བསམ་བློ་མཚོན་ཐུབ་ཀྱི་རེད། གླུ་གཞས་གཏོང་བ་ནི་སྒྱུ་རྩལ་པ་ཞིག་གིས་རང་ཉིད་ཀྱི་ཚོར་འདུ་མཚོན་ཐུབ་པ་བྱས་པ་དང་། རྒྱུན་ལྡན་སྐད་ཆ་བཤད་སྐབས་ཤོད་མི་ཐུབ་པའི་སྙིང་གཏམ་ཡང་གླུ་གཞས་ཀྱི་ལམ་ནས་མཚོན་ཐུབ་པ་བྱེད་ཀྱི་ཡོད།

3.Which performing art form, you love the most. Why?

Tenzin Passang: I love dancing and singing the most. Dancing makes me feel elegant. And singing makes me calm as it expresses our feelings, which we aren’t able to say in words.

༤། ཁྱེད་ཀྱི་མིག་དཔེ་བཟང་ཤོས་འདི་སུ་ཡིན་ནམ། རྒྱུ་མཚན་གང་གི་ཐད་ནས་ཡིན་ནམ།

བསྟན་འཛིན་དཔལ་བཟང་།གནའ་བོའི་བོད་ཀྱི་གཏམ་དཔེ་ལ། གང་ཞིག་གསེར་གྱི་རི་ལ་སྔས་བྱས་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར་ཞེས་པའི་དཔེ་ལྟར། ངས་རང་ཉིད་ཀྱི་མིག་ལྟས་ཡར་ལྟ་བྱེད་ས་ནི་རང་ཉིད་ཀྱི་ཨ་མ་ལགས་ཡིན། ཁོང་གིས་རྟག་ཏུ་རང་ཉིད་ཀྱིས་བུ་མོར་ལམ་སྟོན་བཟང་པོ་གནང་བ་དང་། ཁོང་གི་ལྷན་སྐྱེས་རོལ་མོ་ལས་བྱུང་བའི་ངག་རོ་སྙན་མོ་དེས་ང་ལ་ཤུགས་རྐྱེན་དང་བག་ཆགས་མི་ཉུང་བ་ཞིག་བྱུང་བ་རེད། མི་ཚོས་མ་བརྒྱུད་མོ་ལ་ཁྲིད་ཟེར་བ་བཞིན་ཨ་མ་ལགས་ཀྱི་གསུང་སྙན་གྱི་བརྒྱུད་དེ་བུ་མོ་ལའང་ཁྲིད་འདུག་ཅེས་བརྗོད་ཀྱི་རེད། ངས་ཁོང་གི་བཀའ་དྲིན་ཡིག་ངག་གཉིས་ནས་བརྗོད་མི་ཐུབ་ཅིང་བསམ་པའི་ངོགས་སུ་རྟག་ཏུ་ཚོར་གྱིན་ཡོད་ལ། རང་ཉིད་ལ་རྟག་ཏུ་སྟོབས་ཤུགས་སྦྱིན་པ་དང་། མི་བཟང་པོ་ཞིག་བྱ་དགོས་པའི་བཀའ་སློབ་དེ་དག་གུས་མོས་རྟག་ཏུ་སྙིང་བཅངས་ཞུ་བཞིན་ཡོད།

4.Who is your role model and why?

Tenzin Passang: My role model is my mother. She has been the best advisor and has got a pleasant voice. Everybody says I inherited this talent from her. I can’t articulate how thankful I am for all the things she has been doing for me. She taught me a lot of things in life, how to be strong when I wanted to be weak. And always reminds me of our morality and being a good human being.

༥། ཁྱེད་ཀྱི་མ་འོངས་པའི་ཕུགས་འདུན་ནམ་དམིགས་ཡུལ་ཅི་ཞིག་ཡིན།

བསྟན་འཛིན་དཔལ་བཟང་།ཕུགས་བསམ་ནི་མི་རང་ཉིད་ཀྱི་སྟོབས་ཤུགས་ཡིན་ཞིང་། ངས་རང་ཉིད་ཀྱི་ཕུགས་བསམ་དེ་ལ་བརྟེན་ནས་མ་འོངས་པར་གཞས་མ་ཞིག་བྱ་འདོད་ཀྱི་བསམ་པ་ཡོད། འདི་ནི་ངའི་ཕུགས་བསམ་ཡིན་ལ་ངའི་བློ་སྟོབས་ཀྱང་དེ་བས་ཡིན། བཅའ་འདྲི་གནང་བར་བཀའ་དྲིན་ཆེ།

5.What is your future goal?

Tenzin Passang: My future goal is to become a singer.

 

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu