བསྟན་འཛིན་མཚོ་མོ་ལགས་ནི། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལྕགས་སྐུ་གཞིས་ཆགས་ནས་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ཞུགས་གནང་སྟེ་ ༢༠༡༡ ལོར་བྲོ་པ་གཞོན་པ་དང་ ༢༠༡༦ ལོར་བྲོ་པ་འབྲིང་བ། ༢༠༡༨ ཟླ་ ༨ པར་གནས་རིམ་དང་པོའི་ཐོག་བྲོ་པ་རྒན་པར་གནས་སྤར་ཞུས་ ཏེ་ད་ཆ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་འཁྲབ་སྟོན་གནང་མཁན་གྱི་ཕུལ་བྱུང་བྲོ་མ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༩ ཡི་བོད་ཀྱི་ཟློས་གར་ཚོགས་པའི་འགན་བདག་གནང་མུས་ཡིན།

Tenzin Tsomo is from Chowkor, Dekyi Larso, Bylakuppe. She joined TIPA in 2008 and became junior artiste in 2011, Intermediate artiste in 2016 and Senior artiste in August 2018. She is one of the best female artist in TIPA currently and has been appointed girls’ captain in the Institute from this new year 2019.

༡༽ ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ། 

བསྟན་འཛིན་མཚོ་མོ།  ང་རང་ཆུང་དུས་གཞི་རིམ་སློབ་གྲྭ་འགྲིམ་པའི་སྐབས་ནས་གླུ་གཞས་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད་ཀྱང་། སློབ་གྲྭའི་ནང་ལོ་རེའི་ཁང་ཚན་གྱི་གཞས་སྣ་འགྲན་བསྡུར་སྐབས་ལ་མ་གཏོགས་ གླུ་གར་སོགས་འཁྲབ་རྒྱུའི་གོ་སྐབས་རག་གི་མེད་སྟབས། ང་རང་འདོད་པ་ཁེངས་ཀྱི་མེད་ཙང་ སྤུན་མཆེད་རྣམ་པས་ངོ་སྤྲོད་དང་རྒྱབ་སྐྱོར་གནང་བ་བརྒྱུད།   བོད་ཀྱི་ཟློས་གར་ཚོགས་པའི་ དབྱར་སྐྱིད་གླུ་གཞས་དང་། སྒྱུ་རྩལ་རོལ་དབྱངས་སྐོར་གྱི་རིག་གཞུང་འཁྲབ་སྟོན་ལ་ཉན་པའི་ ཤུགས་རྐྱེན་སོགས་ལ་བརྟེན་ནས་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ཞུགས་བྱས་པ་ཡིན།

 

1) What inspired you to give an audition at the Tibetan Institute of Performing Arts?

I was interested in Performing arts since childhood and in our school, we didn’t have that much as opportunity except for a few annual dance and music competition and I wasn’t satisfied with that and through my elders and relative I have heard about TIPA and the platform that it provide to Tibetan like me who are interested in performing arts 

༢༽ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པར་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།     

ལན། གུས་མོའི་བསམ་ཚུལ་ལྟར་ན། ང་ཚོའི་བོད་ཀྱི་སྒྱུ་རྩལ་རིག་གཞུང་སྤྱི་དང་ལྷག་པར་ཨ་ལྕེ་ལྷ་མོའི་ཐུན་མོང་མ་ཡིན་པའི་རིག་ གཞུང་འདི་ཉིད་བསྲེ་ལྷད་མེད་པར་གནས་ཐུབ་རྒྱུར་གཉེན་འཕྲང་ཅན་གྱི་དུས་ཚོད་འདིའི་ནང་མི་རབས་རྒན་པ་རྣམ་པ་ཚོས་སྐུ་ངལ་འཛེམས་མེད་བསྐྱོན་ཏེ་ང་ཚོར་རྩིས་སྤྲོད་གནང་སྟེ་མཛད་རྗེས་རླབས་པོ་ཆེ་བཞག་གནང་བ་བཞིན། ང་ཚོས་ཀྱང་ཁོང་རྣམ་པའི་དྲུང་ནས་དེ་དག་ཡག་པོ་ སྦྱང་ནས་གཞོན་སྐྱེས་མི་རབས་རྗེས་མ་ཚོར་དོ་སྣང་སླེབས་ཐུབ་པ་བཟོས་ཏེ་ཆ་ཚང་རྩིས་སྤྲོད་ བྱེད་ཐུབ་པ་བྱེད་རྒྱུའི་ཐད་དམིགས་བསལ་གྱི་སེམས་ཤུཌ་དང་འགན་འཁུར་ལེན་བཞིན་ཡོད།

2) How best do you think you could make a difference in preserving Tibetan tradition and culture?

In my opinion, the Tibetan Opera or the Ache Lhamo tradition is facing the hardest challenge in terms of attracting the younger generation or in preserving it or performing it in an undiluted form. The Tibetan Institute Of performing arts and some of the early opera master had played an instrumental role in preserving the tradition in exile and now it is up to us, the present generation who has learnt from those masters to not only preserve it but to pass it to next generation of Tibetans and to make it mass appeal.

 

༣༽ བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

ལན། སྒྱུ་རྩལ་གྱི་རིག་གཞུང་ཚང་མའི་ནང་ནས་བོད་ཀྱི་ཨ་ལྕེ་ལྷ་མོ་དང་ནང་མ་སྟོད་གཞས་གཉིས་ལ་ དགའ་ཤོས་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། ནང་མ་སྟོད་གཞས་ཞེས་པ་དེ་ནི། རོལ་ཆ་ཕུན་སུམ་ཚོགས་ཤིང་གཞས་ཚིག་སྙན་ལ་ཧ་ཅང་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པ་དང་། ལག་གི་གར་སྟབས།  རྐང་པའི་རྡོག་སྒྲ་སོགས་བརྗིད་ཉམས་ལྡན་ཞིང་ཡིད་དུ་འོང་བ་ཞིག་ཡོད་ པ་དང་། ཨ་ལྕེ་ལྷ་མོ་ནི།  ང་ཚོ་བོད་ལ་རང་ཆས་སུ་ཡོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་ ཞིག་ཡིན་པ་ཆོས་ཉིད་ཅིག་ཡིན་སྟབས།  ལྷ་མོའི་འཁྲབ་གཞུང་ནང་ནི་རྣམ་ཐར་གཏོང་སྟངས་ དེ་ནི། གཞན་དང་མི་འདྲ་ཞིང་ཤིན་ཏུ་དཀོན་ལ་མཚུངས་ཟླ་མ་མཆིས་པའི་བོད་ཀྱི་རིག་གཞུང་ ཁྱད་པར་ཅན་གྱི་ངོ་བོ་མཚོན་ཐུབ་པ་ཞིག་ཡིན་པས་སོ།།

3) Which performing art form, you love the most. Why?

Out of all the Tibetan art form, I love Nangma Toshey and Tibetan Opera the most, Nangma Toshey because of its exquisite lyrics and elegant choreography and Lhamo (Tibetan Opera) Because it is intrinsic to Tibetan way of life, beliefs and heritage and especially the Namthar part which is unique only to Tibet

༤༽ ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་སུ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

ལན། གུས་མོའི་མི་ཚེའི་ནང་གི་མིག་དཔེ་བཟང་ཤོས་ནི། འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན། གང་ཡིན་ཟེར་ན། ༸གོང་ས་མཆོག་གིས་སྔར་ནས་ད་བར་སྐུ་ངལ་འཛེམ་མེད་ཐོག་བོད་ཀྱི་ ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་མཛད་རྗེས་གཟེངས་སུ་ཐོན་པ་ བཞག་གནང་ཡོད་པ་སྟེ། དུས་ནས་དུས་སུ་གལ་ཆེའི་བཀའ་སློབ་ལམ་སྟོན་ཙམ་མ་ཡིན་པར། ང་ཚོ་བོད་ཀྱི་ཟློས་གར་ཚོགས་པ་སོགས་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་བསྟི་གནས་མང་པོ་ཞིག་ཆེད་འཛུགས་གནང་ཡོད་སྟབས། ང་ཚོ་ཟློས་གར་ཚོཌ་པའི་འཁྲབ་སྟོན་པ་ཚང་མར་སྒྱུ་ རྩལ་རིག་གཞུང་གི་སྡིངས་ཆ་དང་གོ་སྐབས་བཟང་པོ་དེ་དག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པས་ས།

4) Who is your role model and why?

My role model is none other than His Holiness the Dalai Lama because of his tireless effort to preserve Tibetan Culture and heritage. He was the Founder of the very Institute that had trained and gave a platform to me and thousands of artists before me.

 

༥༽ འབྱུང་འགྱུར་གྱི་ལོ་ཟླའི་ནང་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།

ལན། གུས་མོའི་མ་འོངས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོའི་འཁྲབ་སྟོན་སོགས་སྒྱུ་རྩལ་རིག་གཞུང་དེ་ཉིད་མི་ཉམས་ རྒྱུན་འཛིན་ཐུབ་པ་ཞུས་ཏེ། གཞོན་སྐྱེས་རྗེས་རབས་རྣམ་པས་སྤྱང་འདོད་དང་དོ་སྣང་གནང་ སྐབས་སྟབས་བདེ་པོ་ཡོང་ཆེད། ལྷད་མེད་ཀྱི་རིག་གཞུང་དེ་རྣམས་ཁོང་རྣམ་པར་རྩིས་སྤྲོད་བྱེད་ ཐུབ་པ་བྱ་རྒྱུ་དེ་ཡིན་ལགས།།

5) What is your future Goal?

My Goal is to Learn all form of Tibetan Opera and actively take part in various art activities in order to preserve the heritage of Ache Lhamo and our distinguishing Tibetan tradition and culture. As, it will be accessible and easier for the next generation to learn, preserve and share with the peers.

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu