རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་བྷེལ་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་གཞིས་གྲོང་ལྔ་པ་ནས་ཡིན་པ་དང་། ས་གནས་དེ་གར་གཞི་རིམ་སློབ་གྲྭ་བོད་སློབ་འཛིན་ཚོགས།( C S T – C V P )འཛིན་རིམ་བརྒྱད་པ་བར་འགྲིམས། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༩ པར་བོད་ཀྱི་ཟློས་གར་ཚོགས་པས་འདེམས་སྒྲུག་བྱས་པ་བརྒྱུད་འདི་ག་ཚོགས་པར་འཛུལ་ ཞུགས་གནང་ཞིང་། ད་ཆ་ལོ་རིམ་གསུམ་པའི་སྒྱུ་རྩལ་སློབ་མ་ཞིག་ཡིན་པ་དང་། བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་སྟོན་ གནང་བའི་འཁྲབ་གཞུང་རྒྱ་བཟའ་བལ་བཟའི་ནང་དུ་གེ་སར་དམག་གི་རྒྱལ་པོའི་བློན་པོ་འཁྲབ་མྱོང་ཡོད་ལ། དེ་བཞིན་ལྷ་མོའི་འཁྲབ་གཞུང་གསར་པ་ཆོས་རྗེ་ས་སྐྱ་པཎྜིའི་རྣམ་ཐར་ནང་དུ་རྨི་ལམ་ཁྲོད་ཀྱི་སློབ་དཔོན་དབྱིག་གཉེན་འཁྲབ་མྱོང་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་དེ་ཙམ་མོ།།

Tenzin Yeshi is from Bylakuppe. He joined Tibetan Institute of Performing Arts in November 2015 after completing eighth grade from CST – CVP Bylakuppe. He is currently in the third year of training. He has experience of playing great roles from the plays. He played a role of war cabinet’s minister in the Play called Gyalsa Beysa (a Story on 33rd King of Tibet Songtsen Gampo’ two wives, one from Nepal, another from China). Recently, he played the role of Lopon Yiknyen in Tibetan opera called Sakya Pandita.

༡༽ ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།

བསྟན་འཛིན་ཡེ་ཤེས། གུས་པ་དེ་སྔ་ཆུང་དུས་གཞི་རིམ་སློབ་གྲྭ་འགྲིམ་པའི་སྐབས་སུ་གླུ་གཞས་ལ་དགའ་པོ་ཞེས་དྲག་ཡོད་པ་དང་། སློབ་གྲྭའི་ནང་གཞས་སྣ་འཁྲབ་སྟོན་བྱེད་བཞིན་ཡོད་ཀྱང་མུ་མཐུད་དེ་སློབ་གྲྭར་མུ་མཐུད་བསྡད་ན་སློབ་གྲྭ་ཐོན་རྗེས་རང་ཉིད་ལ་དམིགས་བསལ་གྱི་ཁྱད་ཆོས་སྟོན་རྒྱུ་ཞིག་ཡོང་ས་མ་རེད་སྙམ་ནས་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ ཞུགས་བྱེད་འདོད་ཀྱི་བསམ་བློའི་ཤུགས་རྐྱེན་ཞིག་སླེབས་པ་ཞིག་ཡིན།

Q: What inspired you to give an audition at the Tibetan Institute of Performing Arts?

Tenzin Yeshi: I loved music performances and competitions from school days but I thought, if I continue to stay in school that way then I won’t have any skill that could help in the future. Hence, that is how the idea of joining here came into my mind.

 

༢༽ ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།

ཡེ་ཤེས།  གུས་པ་ནི། བོད་ཀྱི་རིག་གཞུང་དེ་དག་གི་ནང་ནས་ཨ་ལྕེ་ལྷ་མོ་འཁྲབ་རྒྱུ་དེ་དང་། གཞས་སྣ་འཁྲབ་སྟོན་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། དེའི་ནང་ནས་ཀྱང་འཁྲབ་རྒྱུར་དེ་བས་དགའ་པོ་ཡོད་སྟབས་རིག་གཞུང་འཁྲབ་སྟོན་ལ་བརྟེན་ནས་བོད་ཀྱི་རག་གནས་སྲུང་སྐྱོབ་བྱ་རྒྱུའི་འདུན་པ་སེམས་ཤུགས་ཆེན་པོ་ཡོད། །

Q: How best do you think you could make a difference in preserving Tibetan tradition and culture?

Tenzin Yeshi: I have immense love and interest in Tibetan Opera especially, playing different roles. So, by performing our innate traditional performing Arts, I can bring more awareness and interest to our Tibetan people or foreigner about our Tibetan tradition and culture.

 ༣༽ བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།

ཡེ་ཤེས། གུས་རང་བོད་ཀྱི་སྒྱུ་རྩལ་རིག་གཞུང་དེ་དག་གི་ནང་ནས་རོལ་ཆ་དཀྲོལ་གཏོང་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། རོལ་ཆ་དེ་དག་གི་ནང་ནས་མངའ་རིས་ཀྱི་སྒྲ་སྙན་རྒོད་པོ་དཀྲོལ་གཏོང་བྱ་ས་ནས་འཁྲབ་རྒྱུར་དེ་བས་ཀྱ་དགའ་པོ་ཡོད། གང་ཡིན་ཟེར་ན། མངའ་རིས་སྒྲ་སྙན་གཏོང་སྐབས་རྩལ་ཚང་མ་ལག་པ་གཡོན་མས་གཙོ་བོར་སྟོན་དགོས་ཀྱི་འདུག་སྟབས། གུས་པ་ནི་ལས་གཡོན་མས་ཐེབས་རྩག་རྒྱག་རྒྱུ་ཅུང་ཙམ་བདེ་པོ་དང་མགྱོགས་པོ་ཞིག་ཡོང་གི་འདུག་པས་སོ།།

Q: Which performing art form, you love the most. Why?

Tenzin Yeshi : I love playing instruments, especially Ngari (western Tibet) lute the most because I am more comfortable playing with my left hand. So, in Ngari lute, the left hand has so much more role than the right hand and you have to play rapidly as well.

 ༤༽ ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ཀྱི་མི་སུ་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་།

ཡེ་ཤེས། གུས་པའི་མི་ཚེའི་ནང་མིག་དཔེ་བཟང་ཤོས་ནི། བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་འཁྲིད་དང་འཁྲབ་སྟོན་འགན་འཛིན་ལྷ་དགེ་བསམ་གཏན་དོན་གྱུབ་ལགས་དང་། རྒན་བསྟན་འཛིན་འོད་ཟེར་ལགས་རྣམ་གཉིས་ཡིན། རྒྱུ་མཚན་ནི། གུས་རང་གཙོ་བོ་ལྷ་མོ་འཁྲབ་རྒྱུར་དགའ་པོ་ཡོད་ཙང་ཁོང་རྣམ་གཉིས་ཀྱི་ལྷ་མོའི་ནང་གི་དོན་ཆའམ་མི་སྣའི་སོ་སོའི་འཁྲབ་སྟངས་ལེགས་ཤིང་། རྣམ་ཐར་གྱི་མགྲིན་འགུགས་དང་། གསུང་སྐད་ཀྱང་ཧ་ཅང་སྙན་པོ་འདུག་བྱས་ཙང་གུས་པའི་ཡིད་དབང་རབ་ཏུ་འཕྲོག་སོང་། དེར་བརྟེན། ཁོང་རྣམ་གཉིས་ནི། གུས་པའི་སྒྱུ་རྩལ་གྱི་ལམ་བུའི་ཐོག་གི་མིག་དཔེ་བཟང་ཤོས་དེ་ཆགས་སོང་ལགས།།     

Q: Who is your role model and why?

Tenzin Yeshi : My role model is our Artistic Director Samten Dhondup and Asst. Instructor Tenzin Woeser because I have always been inspired by the way they go into any character while performing Opera and their voice while singing arias amaze me so much.

Q: What is your future Goal?

Tenzin Yeshi : My future goal and hope are to become good and inspiring lute master.

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.

Menu