34th Anniversary of His Holiness the 14th Dalai Lama receiving the Nobel Peace Prize

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༠ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་སྟེ་ལོ་ངོ་ཧྲིལ་པོ་སོ་བཞི་འཁོར་བའི་དུས་དྲན་བརྩི་ཞུ་སྐབས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་སྐུ་མདུན་དུ་རང་ཅག་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་ཁག་ཅིག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ། ནོ་སྦེལ་སྟོད་དབྱངས་འབུལ་བ་དང་། དེ་བཞིན་གུས་བརྩི་ལྡན་པའི་སྐུ་མགྲོན་དང་མི་མང་བརྒྱ་ཕྲག་མང་པོའི་མདུན་སར་བོད་ཀྱི་གནའ་བོའི་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་། ཁྲིམས་ཞིབ་པ་གཞན་གྱིས་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་ཀྱི་མཐེབ་སྡེར་དབུ་འབྱེད་གནང་། ཉིན་རྒྱབ་ཏུ་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་དུས་དྲན་སྲུང་བརྩི་ཞུ་སླད་ཧི་མ་ལ་ཡའི་དུས་སྟོན་ཐེངས་ཉེར་བདུན་པ་ཉིན་གཉིས་རིང་མུ་མཐུད་ཚོགས་པ་དང་། མཛད་སྒོའི་ཐོག་དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཧི་མ་ཅལ་མངའ་སྡེའི་འགྲིམ་འགྲུད་བལྟི་གནས་ཀྱི་བཀའ་བློན་རིམ་པ་མཐོ་ཤོས་ཡིན་པའི་སྐུ་ཞབས་ཤྲཱིར་རཱ་བྷིར་དང་། སྐུ་མགྲོན་ནི་ནཱ་རོ་ཏཱ་ཡི་ཁྲིམས་ལུགས་ལྷན་ཚོགས་ཀྱི་འཐུས་མི་དང་། སྐུ་མགྲོན་གཙོ་བོ་ནི་དྷ་རམ་ས་ལའི་གྲོང་ཁྱེར་ལས་ཁུངས་ཀྱི་སྤྱི་ཁྱབ་བློན་ཆེན་ནེ་ནུའུ་ཤར་མ་བཅས་ཡིན། གཞུང་འབྲེལ་མཛད་སྒོ་དེའི་ནང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་སྐུ་མགྲོན་རྣམས་ལ་དགའ་བསུའི་འཚམས་འདྲི་ཞུས་ཤིང་། འགན་འཛིནས་གྱིས་སྐུ་མགྲོན་གཙོ་བོ་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་བོད་ཀྱི་ལྷ་མོའི་སྲོལ་འབྱེད་གྲུབ་ཆེན་ཐང་སྟོང་རྒྱལ་པའི་ཐང་ཀའི་སྐུ་བརྙན་ཞིག་ཕུལ། མཛད་སྒོའི་ཉིན་མཐའ་མའི་སྐུ་མགྲོན་གཙོ་བོ་ནི་བཀུར་འོས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕེབས། རིག་གཞུང་གི་དུས་སྟོན་འདིས་ཞི་བདེའི་ལས་འགུལ་གྱི་མཚོན་བྱེད་ཅིག་ཡིན་པ་དང་། ས་གནས་རྒྱ་གར་དང་བོད་པ་ཚོས་དབར་འབྲེལ་ལམ་དང་མཛའ་གཅུགས་ཀྱིས་ཟམ་ལམ་སྤེལ་བར་མཚོན་ཞིང་། རིག་གཞུང་གི་རྒྱབ་ལྗོངས་འདྲ་མིན་ནས་ཡོང་བའི་སྒྱུ་རྩལ་པ་ཚོས་ཀྱང་རང་གི་ཁྱད་དུ་འཕགས་པའི་འཁྲབ་སྟོན་ལ་བཞུགས་ཏེ་ཉིན་གཉིས་ཀྱི་ཧི་མ་ལ་ཡའི་དུས་ཆེན་ལམ་ལྷོངས་ཡོང་བར་ནུས་པ་བྱུང་ཡོད། On December 10, 2023, the CTA celebrated the 34th…

The 88th birthday celebration of His Holiness the Dalai Lama

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ ཉིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཡི་འཁྲུངས་སྐར་གྱི་འཁྲུངས་ལྷ་ཡར་གསོལ་དང་བསྟུན། ཕྱི་ཚེས་ ༦ ཉིན་གྱི་དགོང་མོ་ཕྱག་ཚོད་ ༦།༠༠ ཐོག་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་རྟེན་འབྲེལ་དགའ་སྟོན་བསྲུ་བརྩི་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེ་གཞུང་འབྲེལ་དཔོན་རིགས་གཙོས་མི་གྲངས་ཉིས་བརྒྱ་ལྷག་མཉམ་འཛོམས་ཀྱིས་༸རྒྱལ་བའི་༸སྐུ་ཡི་འཁྲུངས་ལྷ་ཡར་གསོལ་སྲུང་བརྩི་གནང་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྐང་བྲོ་གླུ་གཞས་འཁྲབ་སྟོན་གཟབ་རྒྱས་ཞུས་པ་དང་གསོལ་སྟོན་རྒྱས་པ་ཞིག་འདེགས་འབུལ་ཞུས། On the 88th birthday celebration of His Holiness the Dalai Lama, the Central Tibetan Administration hosted a…