Norbu Samphel is a well-known singer and artist in the Tibetan music industry and is the recipient of best singer award in Tibetan Music Award 2013. His notable singles include Om Ma Ni Ped Me Hung, Jha dhi Trung Trung Karmo, Serchen Metok and many more. Apart from his passion for music, he also indulges in making Dranyen( Lute) during his spare time. Norbu Samphel joined Tibetan Institute of Performing Arts in 2004 and is currently a senior artist and one of the main vocalist of the institute.
ཁོང་གི་མཚན་ལ་ནོར་བུ་བསམ་འཕེལ་ཞུ་གི་ཡོད་ཅིང་། ཕ་ཡུལ་བོད་སྟོད་ཁུལ་གྱི་དིང་རི་ནས་ཡིན་པ་དང་། ཕྱི་ལོ་ ༢༠༠༤ ལོར་འདི་ག་བཞུགས་སྒར་རྡ་རམ་ས་ལར་བརྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཆེད་ལས་རོལ་ཆ་བའི་ཁོངས་ཀྱི་གཞས་པ་ཡག་ཤོས་ཤིག་ཡིན། དེ་སྔ་ ༢༠༡༣ ལོར་བོད་ཀྱི་རོལ་དབྱངས་གཟེངས་རྟགས་ཞེས་པའི་གླུ་གཞས་འགྲན་བསྡུར་ནང་། ཕུལ་བྱུང་གི་རོལ་དབྱངས་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་ཅིང་། ཁོང་གིས་བཏང་གནང་བའི་གླུ་གཞས་<<བྱ་དེ་ཁྲུང་ཁྲུང་དཀར་མོ།>>ཞེས་པ་དང་། <<ཨོཾ་མ་ཎི་པདྨེ་ཧཱུྃ། >>ཞེས་པ་<<སེར་ཆེན་མེ་ཏོག>>སོགས་གླུ་གཞས་མང་པོ་བརྒྱུད་ནས་རྒྱ་ཆེའི་གཟིགས་མོ་བ་དང་། གསན་པ་པོ་མང་པོ་ཞིག་གིས་དགའ་བསུ་དང་རྒྱུས་མངའ་ཆེན་པོ་བྱུང་ཡོད། དེང་སྐབས་ཁོང་གི་དགའ་མོས་ཆེ་ཤོས་ནི། ངལ་གསོའི་དུས་ཚོད་སོགས་དུས་ཁོམ་ནམ་བྱུང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རོལ་ཆ་སྒྲ་སྙན་དང་རོལ་དབྱངས་སྣ་ཚོགས་བཟོ་སྐྲུན་གནང་གི་ཡོད་པ་བཅས་སོ།
༡༽ ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
ནོར་བུ་བསམ་འཕེལ། ང་རང་ཆུང་དུས་ནས་གཞས་ལ་དགའ་བོ་ཡོད། ཕ་མ་གཉིས་ཀ་ཡང་གླུ་གཞས་གཏང་གནང་རྒྱུར་དགའ་པོ་ཞེ་དྲགས་ཡོད། ཡིན་ནའི་ང་རང་འདི་ག་ཟློས་གར་དུ་འཛུལ་ཞུགས་བྱེད་པའི་ཤུགས་རྐྱེན་དེ། ལོ་གསུམ་རིང་ཟློས་དགེ་འོས་སྦྱོང་གི་སྐབས་སུ་ཉམས་མྱོང་བསགས་པའི་དབང་གིས་འདི་གར་འཛུལ་ཞུགས་བྱས་པ་ཞིག་ཡིན།
1)What inspired you to give an audition at the Tibetan Institute of Performing Arts?
Norbu Samphel: I love music since my childhood from Tibet and both of my parents are very good at singing but what inspired me to give an audition here is my own three-year experience of Teacher Training Course here in TIPA. I found solace here in those past three years of TTC and wanted to achieve more because I knew this is the right place for me.
༢༽ ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པར་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།
ནོར་བུ་བསམ་འཕེལ། གུས་པས་རྒྱ་ཆེའི་མི་དམངས་རྣམས་ལ་གླུ་གཞས་བརྒྱུད་དེ་གོ་བརྡ་སྤྲད་ནས་བོད་ཀྱི་རང་དབང་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཆེད་གོ་རྟོགས་སྤེལ་གྱི་ཡོད། ནམ་རྒྱུན་ང་རང་གི་བསམ་པར། བཀའ་སློབ་དང་གཏམ་བཤད་ལས་གླུ་གཞས་དང་རོལ་དབྱངས་བརྒྱུད་ནས་མི་མང་ལ་ཚོར་བ་དང་། སེམས་ཤུགས། གོ་རྟོགས་བཅས་མང་བ་སྤེལ་ཐུབ་ཀྱི་ཡོད་པར་ཡིད་ཆེས་རྟིང་ཟབ་པ་བྱེད་ཀྱི་ཡོད།
2) How best do you think you could make a difference in preserving Tibetan tradition and culture?
Norbu Samphel: The only difference I could make is by spreading messages to our people through my songs. I want to highlight the plight and hardship of Tibetan people through my music and therfore most of my songs are regarding freedom and rights.
༣༽ བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།
ནོར་བུ་བསམ་འཕེལ། ང་རང་རོལ་ཆ་སྤྱི་དང་ལྷག་པར་བོད་ཀྱི་སྒྲ་སྙན་ལ་ཧ་ཅང་དགའ་པོ་ཡོད། རྒྱུ་མཚན་ནི། རོལ་དབྱངས་ཞེས་པ་དེ་མིའི་རྣམ་འགྱུར་དང་གཅིག་པ་ཡིན་སྟབས། མིའི་ལུས་སེམས་ཀྱི་སྡུག་བསྔལ་མེད་པ་བཟོ་ཐུབ་ཅིང་། སེམས་ནང་ཡིད་ཆེས་དང་། སྤོབས་པ་སླེབས་ཐུབ་ཀྱི་འདུག་ཅིང་། དེས་གྲུབ་འབྲས་ཡོང་གི་ཡོད་པའི་ཚོར་བ་ཡང་ཡོང་གི་འདུག་ལ། རོལ་དབྱངས་དཀྲོལ་གཏོང་སོགས་ཀྱི་རིག་པ་འདི་དག་བརྒྱུད་ནས་མི་ཚང་མ་ལ་ང་རང་གི་ཚོར་བ་སོགས་མི་གཞན་ལ་སྟོན་ཐུབ་ཀྱི་འདུག
3) Which performing art form, you love the most. Why?
Norbu Samphel: I love music especially, the melody of Dranyen because I believe music is an expression of a person and it helps me bring down my stress and build my confidence. It gives me a sense of achievement while playing and I love the idea of how I can communicate with different people and express my feelings through music.
༤༽ ཁྱེད་ཀྱི་མི་ཚེའི་ནང་མིག་དཔེ་བཟང་ཤོས་ཀྱི་མི་སུ་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་།
ནོར་བུ་བསམ་འཕེལ། ང་རང་སྔོན་མ་ནས་བོད་ཀྱི་ཟློས་གར་ཟུར་པ་ཇོ་ལགས་འཇམ་དབྱངས་ཆོས་ལྡན་ལགས་ཀྱི་གླུ་གཞས་གཏོང་སྟངས་དང་དབྱིངས་དེ་ལ་བརྟེན་ནས་ཤུགས་རྐྱེན་ཐེབ་ཏེ་མིག་དཔེ་བཟང་ཤོས་སུ་བལྟ་ཡི་ཡོད། ཅོག་འཇམ་དབྱངས་ལྡན་ཁོང་གིས་གླུ་གཞས་དང་རོལ་ཆ་དེ་ཚོ་ནས་བདེ་སྐྱིད་ལ་ལོངས་སུ་སྤྱོད་སྟངས་དེས་གུས་པ་ང་རང་ཧང་སངས་ཏེ་སེམས་འགུལ་དང་སྤོབས་པ་སྐྱེས་བྱུང་།
4) Who is your role model and why?
Norbu Samphel: I have always been inspired by Cho Jamyang Chondhen (Jack) since the very beginning of my career. I love the passion he has for music and singing. I learnt from him how to allow oneself to fully enjoy and feel the pleasure The way he allows himself to enjoy and feel the pleasure of music.
༥༽ མ་འོངས་པར་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།
ནོར་བུ་བསམ་འཕེལ། ད་ལྟའི་ཆར་ངའི་དམིགས་ཡུལ་ནི། སྒྱུ་རྩལ་གྱི་ཐོག་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་ཡིན། དེ་ཡང་གཙོ་བོ་བོད་པའི་རང་དབང་དོན་དུ་གླུ་གཞས་གང་ལེགས་བཟོས་ཏེ་གཞས་ཀྱི་སྤུས་ཚད་སོགས་སྔར་བས་ཡར་རྒྱས་བཏང་ནས་མི་གཞན་པ་དང་།འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་ཐུབ་པ་བྱེད་རྒྱུའི་དམིགས་ཡུལ་དང་། ཆོད་སེམས་སོགས་ཀྱང་ཧ་ཅང་བརྟན་པོ་ཡོད།
5) What is your future Goal?
Norbu Samphel: My future goal, for now, is to serve my community through music, I want to better my music so that, the messages of the Tibetan people could reach more people.