Pema Dolma is from Manali, Himachal Pradesh. She joined Tibetan Institute of Performing Arts in 2015 and she is currently in fourth year of trainee.
What inspired you to give an audition at the Tibetan Institute of Performing Arts?
Pema Dolma: I was never interested in anything back in school except, music. My parents are my inspiration because they’ve always been very supportive of my plans and dreams. They gave me an idea about joining TIPA because they knew how much I love music, especially Tibetan cultural performing arts.
པདྨ་སྒྲོལ་མ་ལགས་ནི། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མ་ནཱ་ལི་ས་ཁུལ་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ཞུགས་གནང་ཞིང་། ད་ཆ་ལོ་རིམ་བཞི་པའི་སྒྱུ་རྩལ་སློབ་ཕྲུག་ཅིག་ཡིན།
༡༽ ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
སྒྲོལ་མ།: གུས་མོ་ཆུང་དུས་གཞིས་རིམ་སློབ་གྲྭ་འགྲིམ་པའི་སྐབས། གཞས་དང་ཞབས་བྲོ་མ་གཏོགས་རིག་གནས་གཞན་ལ་དབྱིངས་དང་དོ་སྣང་གང་ཡང་མེད། གུས་མོའི་ཕ་མ་རྣམ་གཉིས་ནི། ང་ལ་སེམས་ཤུགས་དང་སྐུལ་བཅགས་གནང་མཁན་གཙོ་བོ་དེ་ཡིན། ཁོང་རྣམ་གཉིས་ཀྱིས་ངའི་མི་ཚེའི་དམིགས་ཡུལ་དང་མདུན་ལམ་ལ་དགོངས་པ་བཞེས་ཏེ་བོད་ཀྱི་ཟློས་གར་ ཚོགས་པར་འཛུལ་ཞུགས་བྱེད་དགོས་པའི་བསམ་བློའི་ཤུགས་རྐྱེན་དང་སྐུལ་སློང་གནང་བྱུང་། གང་ཡིན་ཟེར་ན།ཁོང་རྣམ་གཉིས་ཀྱིས་གུས་མོ་ང་རང་གླུ་གཞས་དང་སྒྱུ་རྩལ་གྱི་རིཌ་ལ་དོ་སྣང་ཆེན་པོ་དང་། ཧ་ཅང་དགའ་པོ་ཡོད་པ་དེ་གསལ་པོ་མཁྱེན་རྟོགས་ཡོད་པ་ཡིན་ཙང་དེ་ལྟར་གནང་བ་རེད།
༢༽ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པར་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།
སྒྲོལ་མ།: བོད་ཀྱི་ཟློས་གར་ཚོགས་པ་བཙུགས་དགོས་དོན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་བྱ་ ཆེད་དུ་བཙུགས་པ་ཞིག་ཡིན་སྟབས། གུས་མོ་ང་རང་ལྷ་མོའི་ནང་གི་རྣམ་ཐར་ལ་དགའ་པོ་ཞེ་དྲགས་ཡོད་པས་ད་བར་ལྷ་མོའི་རྣམ་ཐར་སྦྱོང་བརྡར་གཏིང་ཟབ་ཞུས་ཏེ་རྣམ་ཐར་སྐོར་ལ་སྦྱངས་བརྩོན་ལྷོད་མེད་བྱས་ནས་ཡག་པོ་ཞིག་ཤེས་རྟོགས་ཡོང་བ་བྱས་ཏེ་ སློབ་ཕྲུག་་རྣམས་ལ་དེའི་སྐོར་བརྒྱུད་སྤེལ་རྩིས་སྤྲོད་ཞུ་ཐུབ་བྱ་རྒྱུ་དེ་ཡིན། གང་ཡིན་ཟེར་ན། ང་རང་གིས་སྦྱངས་ཟིན་པའི་སློབ་སྦྱོང་དེ་དག་གཞན་རྣམས་ལ་སྤུས་དག་པོ་ཞིག་སློབ་ཐུབ་པའི་ཆེད་དུ་ཡིན་པས་སོ།
2. How best do you think you could make a difference in preserving Tibetan tradition and culture?
Pema: The main purpose of inventing Tibetan Institute of performing arts is to preserve and promote our Tibetan Tradition and culture. Since, I love arias (Namdar) very much, I have been putting effort in excelling in arias (Namdar) field. So that, I could pass down my knowledge to the younger artistes.
༣༽ བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།
སྒྲོལ་མ།: བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་གུས་མོས་དགའ་ཤོས་ཀྱི་སྒྱུ་རྩལ་རིག་གཞུང་ནི། ལྷ་མོའི་རྣམ་ཐར་སྐོར་ལ་ཡིན། གང་ཡིན་ཟེར་ན། ལྷ་མོའི་རྣམ་ཐར་གྱི་ནང་དོན་ཚང་མ་ཕུན་སུམ་ཚོགས་ཤིང་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་གཞན་ལ་ བརྒྱུད་སྤེལ་བྱེད་པའི་ཆེད་དུ་གསར་བཟོ་ཞུས་པ་ཞིག་ཡིན་པས། དེ་ཡང་། མི་རྣམས་བྱམས་བརྩེ་དང་ལྡན་པའི་མི་བཟང་པོ་ཞིག་ཏུ་གསོ་སྐྱོང་བྱེད་པའི་ཆེད་དུ་ཡིན་ཙང་། ང་རང་ལྷ་མོའི་རྣམ་ཐར་གཏོང་བའི་སྐབས་སུ་སློབ་སྦྱོང་དང་། ཤེས་བྱ་མང་པོ་ཞིག་རག་གི་འདུག
3. Which performing art form, you love the most. Why?
Pema: I love arias (Namdar) the most because arias are initially created in intention to spread histories about Tibetan religion and culture which is mostly related to transform into better being with love and kindness. Whenever I perform Namdar and Opera, I receive an ample amount of wisdom that is to be a better person and compassionate being.
༤༽ ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་སུ་ཡིན་ནམ། རྒྱུ་མཚན་གང་དང་ཅི།
སྒྲོལ་མ།: ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། གུས་མོའི་མི་ཚེའི་ལམ་བུའི་ཐོག་སེམས་གཏིང་གི་མིག་དཔེ་བཟང་ཤོས་ཤིག་ཡིན། གང་ཡིན་ཟེར་ན། ནམ་རྒྱུན་༸གོང་ས་མཆོག་གིས་མི་མང་ལ་བཀའ་སློབ་དང་ལམ་སྟོན་གནང་བའི་སྐབས་སུ་གུས་མོའི་སེམས་ནང་ཞི་བདེ་དང་དྲོ་སྐྱིད་ཆེན་པོ་ཞིག་ཡོང་གི་འདུག་བྱས་ཙང་། ང་རང་མི་སེམས་པོ་ཞིག་ཆཌ་རྒྱུའི་སྐུལ་བཅཌ་ཆེན་པོ་ཞིག་ཐེབས་ཀྱི་འདུག བྱས་ཙང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། ངརང་གི་མི་ཚེའི་ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཞུས་ཀྱང་། མིག་དཔེ་བཟང་ཤོས་དེ་ཡིན་ལགས།
5. Who is your role model and why?
Pema: His Holiness the 14th Dalai Lama is my role model because I always receive tremendous amount of peace whenever I listen to his talk and speech that leads me into being more religious and compassionate person.
༥༽ འབྱུང་འགྱུར་གྱི་ལོ་ཟླའི་ནང་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།
སྒྲོལ་མ།: གུས་མོའི་མ་འོངས་པའི་དམིགས་ཡུལ་ནི། ལྷ་རབ་བྱུང་ན། ཕ་མ་རྣམ་གཉིས་ལ་ཕན་ཐོགས་རྒྱ་ཆེན་པོ་སྒྲུབ་ཐུབ་པ་བྱེད་རྒྱུ་དང་། གལ་སྲིད་ཕན་ཐོགས་དེ་ཙམ་སྒྲུབ་མ་ཐུབ་པ་ཡིན་ནའི་ཁོང་རྣམ་གཉིས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཞུས་ཏེ་ཐུགས་སེམས་སྤྲོ་བོ་ཡོང་བ་ཞུ་རྒྱུ་དེ་ཡིན་པ་བཅས་སོ།
What is your future Goal?
Pema: My future goal is to support my parents.