Tenzin Tsetan is from Mundgod, Karnataka. He joined Tibetan Institute of Performing Arts in 2015 and he is currently in the fifth year of a trainee.
What inspired you to give an audition at the Tibetan Institute of Performing Arts?
My families are my inspiration. They love listening to various genres of music, especially Yarkyi, which is released by TIPA every year.སྒྱུ་རྩལ་བ་བསྟན་འཛིན་ཚེ་བརྟན་ལགས་ནི། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ཆུང་དུས་ནས་ནང་མ་སྟོད་གཞས་སྒྱུ་རྩལ་ལས་རིགས་ཐོག་དོ་དབྱིངས་རབ་ཏུ་ཆེ་བས་ནར་སོན་རྗེས་རང་ཉིད་ཀྱིས་དུང་ཞེན་དཀར་པའི་སྒྱུ་རྩལ་ལམ་བུ་ཐོག་བསྐྱོད་རྒྱུའི་ཆེད། ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་གིས་སློབ་མ་གསར་འདེམས་སྐབས། འདེམས་སྒྲུག་བྱུང་བའི་སློབ་མ་ཞིག་ཡིན། ད་སྐབས་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་དུ་ལོ་རིམ་ལྔ་པའི་ནང་སློབ་གཉེར་བྱེད་མུས་ཡིན།
༡། ཁྱེད་ཉིད་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་དུ་འཛུལ་ཞུགས་གནང་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
བསྟན་འཛིན་ཚེ་བརྟན།སྒྱུ་རྩལ་ནི་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་གྱི་མྱུ་གུ་ལས་བྱུང་ཞིང་། རིག་སྟོབས་ཀྱི་བློ་རིག་འདྲ་མིན་ལ་བརྟེན་ནས་འཕེལ་རྒྱས་སུ་སོང་གིན་ཡོད་སྟབས། ང་ལ་མཚོན་ན་སྒྱུ་རྩལ་གྱི་ཤན་ཤུགས་སམ་སྟོབས་ཤུགས་དེ་ཉིད་རང་ཉིད་ཀྱི་ཁྱིམ་རྭ་ནས་བྱུང་བ་ཞིག་རེད། ཁང་ཁྱིམ་གྲུབ་བཞིའི་ནང་གི་སྤུན་ཉེ་ཚོས་གླུ་དབྱངས་དང་རོལ་དབྱངས་ལ་དུང་བ་ཟབ་པའི་དབང་གིས། རང་ཅག་བོད་ཀྱི་ཟློས་གར་སྒྱུ་རྩལ་ཁང་གི་དབྱར་སྐྱིད་འོད་སྡེར་ཚང་མ་རྟག་ཏུ་ལྟ་གིན་ཡོད། དེས་ང་ལ་ཤུགས་རྐྱེན་ཇི་སྙེད་ཅིག་འཕྲད་བྱུང་།
༢། ཁྱེད་ཀྱི་བསམ་པར་ཇི་ལྟར་བྱས་ན་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱུ་རྒྱུའི་ཐད་ནུས་པ་དམིགས་བསལ་ཞིག་འདོན་ཐུབ་ཀྱི་རེད་དམ།
བསྟན་འཛིན་ཚེ་བརྟན།ང་ལ་མཚོན་ན་གླུ་གར་རིག་པའི་སྐོར་གྱི་ཤེས་བྱར་བྱང་ཆ་ཏོག་ཙམ་ཡོད་སྙམ། དམིགས་བསལ་གྱི་སྲོལ་རྒྱུན་ནང་མ་སྟོད་གཞས་ལ་དེ་བས་དོ་དབྱིངས་ཆེ་བ་ཡོད། ནང་སྟོད་ཞབས་བྲོ་འདི་ནི་སྔ་མོ་བོད་ཀྱི་གཞུང་འབྲེལ་མཛད་སྒོ་ཁག་དང་རླབས་ཆེན་གྱི་མི་སྣ་ཚོས་གམ་དུ་གཟིགས་འབུལ་ཞུ་བ་མ་ཟད། མང་ཚོགས་ཀྱིས་ཧ་ཅང་མཉེས་པོ་གནང་གི་ཡོད། ངས་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་སྲོལ་རྒྱུན་ནང་མ་སྟོད་གཞས་འདི་ཉིད་འཕེལ་རྒྱས་དང་རྒྱུན་འཛིན་གང་ཐུབ་བྱ་རྒྱུའི་བསམ་བློ་ཡོད།
2. How best do you think you could make a difference in preserving Tibetan tradition and culture?
I have moderate knowledge and interest specifically in ‘Nangma Toeshey’ which is a classical Tibetan dance music performed during festivals and occasions in Tibet. I can make a difference by spreading awareness of ‘Nangma Toeshey’.
༣། བོད་ཀྱི་རིག་གཞུང་འཁྲབ་སྟོན་སྒྱུ་རྩལ་ནང་ནས་ཁྱེད་ཀྱི་ཆེས་དགའ་ཤོས་གང་ཡིན་ནམ། རྒྱུ་མཚན་ཅི་ཕྱིར།
བསྟན་འཛིན་ཚེ་བརྟན།ང་རང་ཆེས་དགའ་ས་ནི་བོད་ཀྱི་སྲོལ་རྒྱུན་ནང་མ་སྟོད་གཞས་སྒྱུ་རྩལ་དེ་ཡིན། ཆུང་དུས་ནས་སྒྱུ་རྩལ་དེ་ཉིད་ལོངས་སྤྱོད་བྱ་རྒྱུར་ཤིན་ཏུ་སྤྲོ་བས་དེ་ལྟའང་དེ་བས་དོ་དབྱིངས་ཆེ་བ་ཡོད། འོན་ཀྱང་མང་ཚོགས་ཀྱི་ཁྲོད་དུ་ནང་མ་སྟོད་གཞས་སྒྱུ་རྩལ་སྐོར་དེ་ཙམ་ཤེས་རྟོགས་མེད་པ་གདོན་མི་ཟ།ནང་མ་སྟོད་གཞས་གཏོང་སྟངས་ལ་འགྱུར་ཁུགས་ཀྱི་ཁྱད་པར་ཆེན་པོ་ཞིག་ཕྱིན་ཡོད་པ་ནི། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་<<རོལ་མོ་བསྟན་བཅོས་>>ལས། དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར། །གཙང་པ་འཚེར་ཞིང་གསལ་བ་ཡིན། །བཙིར་ཞིང་མདུད་པ་མངའ་རིས་པ། །ཁམས་པ་རྣམས་ནི་བརྗིད་ཅིང་གྱོང་། །ཞེས་འགྱུར་འགྲོས་ཀྱི་རྣམ་པ་དེ་ལྟར་འཁོད་ཡོད།
3. Which performing art form, you love the most. Why?
‘Nangma Toeshey’ is one of my best performing art forms. Since a child, I enjoyed listening to Nangma, and these days’ people are not much aware of Nangma arts and culture. After joining in TIPA, I learned and developed more interest in ‘Nangma Toeshey’.
༤། ཁྱེད་ཀྱི་མིག་དཔེ་བཟང་ཤོས་འདི་སུ་ཡིན་ནམ། རྒྱུ་མཚན་གང་གི་ཐད་ནས་ཡིན་ནམ།
བསྟན་འཛིན་ཚེ་བརྟན།མིའི་རིགས་ཀྱི་འོད་སྟོང་འབར་བའི་ལམ་བུའི་ཁྲོད་སྐུལ་ལྕགས་སྦྱིན་མཁན་གྱི་མི་རེ་ཡོད་ལ། ཉམས་རྒུད་དང་འཇིགས་ཞུམ་གྱི་ལམ་བུར་ལྷུང་བར་ངན་སེམས་བཅངས་མཁན་གྱི་མི་རེ་ཡོད་ངེས། ང་ལ་མཚོན་ན་སྟོབས་ཤུགས་དང་སྐུལ་ལྕགས་གནང་མཁན་ནི་ངའི་བྱམས་བརྩེ་ལྡན་པའི་ཡུམ་ཆེན་མཆོག་ཡིན། ཁོང་གིས་ཧུར་བརྩོན་དང་ལྷད་མེད་དྭངས་གཙང་གི་སྟོབས་ཤུགས་ལས་བདག་ལ་སྦྱིན་པ་ནི། དྲང་ཚུགས་ལྡན་པའི་མི་ཞིག་བྱ་རྒྱུ་དེ་ཡིན།
4.Who is your role model and why?
My mother is my role model. I have seen her working hard and have always inspired me to become a good and responsible person.
༥། ཁྱེད་ཀྱི་མ་འོངས་པའི་ཕུགས་འདུན་ནམ་དམིགས་ཡུལ་ཅི་ཞིག་ཡིན།
བསྟན་འཛིན་ཚེ་བརྟན།མིའི་རིགས་ལ་ཕུགས་བསམ་ཡོད་ན་གཞི་ནས་རང་ཉིད་འཚོ་གནས་ཐུབ་པའི་གནས་ལུགས་ཤིག་ཡོད་ངེས། བདག་ལ་མཚོན་ན་མ་འོངས་པའི་ཕུགས་བསམ་ནི་དགེ་རྒན་ཞིག་བྱ་རྒྱུ་དེ་ཡིན། ངས་ལམ་བུ་དེའི་ཐོག་ནས་བསམ་གཞིགས་དང་འཚོལ་སྙེག་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་ནང་སྟོད་ཞབས་བྲོའི་ཐད་ཉམས་ཞིབ་བྱུ་རྒྱུའི་བསམ་པ་མི་དམན་པ་ཞིག་ཡོད། དེས་ང་ལ་འོད་སྟོང་འབར་བའི་ལམ་ཕྲན་ཞིག་སྟོན་པའི་ཡིད་ཆེས་ཡོད།བཅའ་འདྲི་གནང་བར་བཀའ་དྲིན་ཆེ།
5. What is your future Goal?
I want to become a teacher. I have been learning and researching a lot on Nangma studies, and I want to excel in a particular area.