༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༠༨ ཚེས་ ༡༡ རེས་གཟའ་པ་སངས་ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༤ འཁོར་བའི་དུས་དྲན་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྟེ་རྔོན་པ་རུ་ཁག་ལ་ཐེངས་འདིའི་རྐང་བྲོ་གླུ་གཞས་ཀྱི་རྒྱལ་ཁ་ཐོབ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇིཊ་ནེ་རི་ཡ་མཆོག ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག ལས་བྱེད་འདེམས་ལྷན་དང་དབུས་འོས་བསྡུ་ལས་ཁུངས་ཀྱི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་ལགས། བོད་མི་མང་སྤྱི་འཐུས་ཁག་ཅིག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བཞུགས་སྒར་ཁུལ་གྱི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། ཟློས་ཟུར་ཚོགས་མི་རྣམ་པ། གཟུ་དཔང་སོགས་ལྷན་འཛོམས་ཀྱིས་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་དང་། སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ལས་རོགས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་གཟུ་དཔང་རྣམས་ངོ་སྤྲོད་གནང་རྗེས་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐྱང་གཞས་དང་། འཁྲབ་གཞས། འབྲས་དཀར། དགོད་བྲོའི་གཏམ་གླེང་བཅས་འགྲན་བསྡུར་གནང་མཐར་རྔོན་པ་རུ་ཁག་གིས་རྒྱལ་ཁ་བླངས་སོང་།
དེ་ནས་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇིཊ་ནེ་རི་ཡ་མཆོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་ཟླ་བ་གཅིག་རིང་དབྱར་ཁའི་དགུང་སེང་དང་བསྟུན་ཟླ་གཅིག་རིང་བོད་ཀྱི་ཟློས་གར་ཚོགས་པ་ནས་སྒྱུ་རྩལ་སྦྱོང་བརྡར་སྤྲོད་དེ་དག་ལ་ཕྱག་འཁྱེར་གནང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལོ་ངོ་ཉི་ཤུ་ཧྲིལ་པོ་འཁོར་བའི་ལས་བྱེད་གཅིག་དང་། བོད་ཀྱི་ཟློས་གར་ཚོགས་པར་ལོ་ངོ་ཉི་ཤུའི་རིང་གཞས་ཚིག་རྩོམ་བྲི་སོགས་ལ་རྒྱབ་སྐྱོར་གནང་མཁན་གཉིས་ལ་ལེགས་གསོལ་ཕྱག་རྟགས། བསླབ་པ་མཐར་སོན་པའི་བྲོ་པ་གཞོན་པ་རྣམས་ལ་ཕྱོག་འཁྱེར་གནང་རྗེས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྤྱི་དང་། ཡང་སྒོས་ཟློས་གར་རིག་པ་མི་ཉམས་རྒྱུན་འཛིན་གནང་སླད་གསར་འཛུགས་གནང་ཞིང་།
དེ་རྗེས་མི་རབས་རྒན་པ་རིམ་བྱོན་གྱིས་བོད་ཀྱི་ཟློས་གར་ཚོགས་པ་ཡར་རྒྱས་གོང་འཕེལ་གཏོང་བར་ཞབས་འདེགས་ཞུས་ཡོད་པས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་མི་རབས་རྒན་པ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་དགོས་པའི་སྐོར་གཞེན་སྐུལ་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པའི་ནང་བོད་ཀྱི་རྐང་བྲོ་གླུ་གཞས་ཐོག་སྦྱངས་རྩོན་གནང་རྗེས་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ཟློས་ཟུར་རྣམ་པས་གནས་ཡུལ་ས་གནས་སོ་སོར་བོད་ཀྱི་ཟློས་གར་རིག་གཞུང་སློབ་ཁྲིད་ཀྱིས་རྒྱུན་འཛིན་གནང་བཞིན་པར་བསྔགས་བརྗོད་དང་། ཟློས་ཟུར་རྣམས་ནས་ཀྱང་བོད་ཀྱི་ཟློས་གར་ཚོགས་པར་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འདི་ལོ་ཕྱི་རྒྱལ་ནས་སློབ་མ་བརྒྱད་དབྱར་དུས་ཀྱི་གུང་སེང་དང་བསྟུན་བོད་ཀྱི་ཟློས་གར་ཚོགས་པར་རྐང་བྲོ་གླུ་གཞས་སྦྱོང་བར་ཕེབས་པ་རྣམས་ལ་ལེགས་གསོལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག ཕྱི་རྒྱལ་ནང་ཡོད་པའི་བོད་ཕྲུག་རྣམས་ནས་བོད་ཀྱི་རྐང་བྲོ་གླུ་གཞས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད་པས་གོ་སྐབས་དམ་འཛིན་གནང་གལ་ཆེ་བ་མ་ཟད། འདི་ལོར་དབྱར་དུས་ཕྱི་རྒྱལ་ནང་གི་བོད་ཕྲུག་མང་དག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་བོད་ཀྱི་རིག་གཞུང་དང་། བོད་དོན་འཐབ་རྩོད་སྐོར་ཉམས་མྱོང་རྒྱུས་ལོན་གང་ལེགས་ལེན་ཐུབ་པ་བྱུང་ཡོད་ལ། ལྷག་པར་དུ་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་སྟེ་བོད་མི་གཞོན་སྐྱེས་བརྒྱ་ལྷག་མཉམ་ཞུགས་ཀྱིས་བོད་དོན་ཞུ་གཏུག་གནང་ཕྱོགས་སྐོར་གྲོས་བསྡུར་གནང་ཡོད་སྐོར་གསུངས། དེ་དང་འབྲེལ་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་མི་རབས་གཞོན་པ་རྣམས་བོད་ཀྱི་མ་འོངས་འཐབ་རྩོད་རྒྱུན་སྐྱོང་བྱེད་མཁན་ཡིན་སྟབས་འགན་ཁུར་ཐུབ་མཁན་གྱི་གཞོན་སྐྱེས་གསོ་སྐྱོང་བྱ་རྒྱུ་དེ་འགན་ཁྲི་ཆེན་པོར་བརྩིས་ཏེ་ལོ་ལྟར་གཞོན་སྐྱེས་བརྒྱ་ལྷག་མཉམ་ཞུགས་ཀྱིས་ཚོགས་བསྡུ་བསྐོང་ཚོགས་གནང་འཆར་ཡོད་ལ། དེ་བརྒྱུད་ལོ་བཅུའི་ནང་གཞོན་སྐྱེས་སྟོང་ཕྲག་གཅིག་ཙམ་བོད་ཀྱི་འཐབ་རྩོད་ཐོག་འགན་ཁུར་ཐུབ་མཁན་ཆགས་རེ་ཡོད་སྐོར་གསུངས།
གཞན་ཡང་སྲིད་སྐྱོང་མཆོག་གིས་བཀའ་ཤག་ངོས་ནས་ཆབ་སྲིད་ཁོ་ན་མིན་པར་རིག་གཞུང་དང་། རྩེད་རིགས། སྒྱུ་རྩལ་སོགས་བརྒྱུད་བོད་དོན་གོ་རྟོགས་སྤེལ་རྒྱུར་གལ་གནད་ཆེན་པོ་བརྩི་བཞིན་ཡོད་སྐོར་གསུངས་རྗེས་མཐར་བོད་ཀྱི་ཟློས་གར་ཚོགས་པའི་འགོ་ལས་ཡོངས་ནས་བོད་ཀྱི་རིག་གཞུང་རྒྱུན་འཛིན་ཐད་ཞབས་འདེགས་སྒྲུབ་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།
The Tibetan Institute of Performing Arts marked its 64 th anniversary with a vibrant
cultural performance competition held in Dharamsala. The event featured two
competing groups, Ngonpa and Gyalu, with Ngonpa sweeping all four categories.
Sikyong Penpa Tsering graced the occasion as the chief guest, accompanied by Ajit
Nehria, President of ITFA, who attended as a special guest. The event saw the
presence of dignitaries from the CTA, various schools, NGOs, and numerous Tibetan
individuals. TIPA Director Dhondup Tsering provided insights into the history of
Yarkyi, while Tenzin Phuntsok, assistant Artistic Director, later introduced the
competition judges.
During the ceremony, Ajit Nehria distributed certificates to participants of the cultural
immersion summer course. SikyongPenpa Tsering extended honours to a
longstanding staff member, acknowledged contributors who had aided TIPA in
crafting lyrics and editing opera texts over the past two decades, recognized
graduates of the five-year diploma program, and applauded the victors of Yarkyi
2023.
Sikyong Penpa Tsering emphasized the Tibetan Institute of Performing Arts’
profound significance as a crucial cultural institution established by the 14th Dalai
Lama. He underscored the dedication of the preceding generation and urged
members to express gratitude to His Holiness and those instrumental in building the
institute. He also requested past institute affiliates working in similar sectors to
support their Alma mater.
Sikyong praised participants of the cultural immersion summer course, highlighting
the importance of such opportunities for young Tibetans residing abroad. Many
young Tibetans visited India this year to study their heritage and gain insights into
the Tibetan struggle, particularly those involved in the international youth forum
organized by the Department of Information and International Relations, CTA. The
16th Kashag recognized the significance of nurturing future leaders to sustain the
freedom struggle. The exile government plans to organize an annual forum for 100
youths, with the aim of fostering 1,000 responsible young leaders over a decade to
carry forward the cause of freedom.
Furthermore, the 16 th Kashag considers both art and sports as crucial mediums for
disseminating information about Tibet.