བོད་ཀྱི་ཟློས་གར་ཚོོགས་པའི་མ་བྱན་ཆེན་མོ་བསོད་ནམས་དབང་འདུས་ལགས་དགོངས་པ་རྫོགས་ནས་ཞག་ཞེ་དགུ་འཁོར་བའི་ཉིན་དང་བསྟུན་ཁོང་གི་ནང་མི་ཡོངས་ནས་རེ་འདུན་ཇི་བཞིན་ཚོགས་པའི་ངོས་ནས་འདོན་སྤེལ་ཞུས

ང་ཚོའི་བརྩེ་བའི་ཕ་དམ་པ་བསོད་ནམས་དབང་འདུས་སམ་ཡོངས་གྲགས་སུ་མ་བྱན་ཆེན་མོ་ལགས་ཞེས་འབོད་པ་འདས་གྲོངས་སུ་སོང་ནས་ཞག་ ༤༩ འཁོར་བའི་དྲན་གསོ་ཞུ་བཞིན་ཡོད། ང་ཚོའི་ནང་མིར་སེམས་གསོ་དང་རྒྱབ་སྐྱོར། འདས་པོའི་རྣམ་ཤེས་ལ་སྨོན་ལམ་གནང་མཁན་ཚང་མར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་མཚུངས་ང་ཚོས་མི་སྒེར་བ་དང་གྲོགས་པོ། གཉེན་ཉེ། རྣམ་སྲས་གླིང་ནང་མི། ཟློས་གར་ཚོགས་པ། དགོན་པ་ཁག་བཅས་ཡོངས་ཀྱི་སེམས་བཟང་དང་སྙིང་རྗེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། ཟློས་གར་ཚོགས་པའི་འཛིན་སྐྱོང་གིས་ཕུང་པོ་ཞུགས་འབུལ་སོགས་ལ་རོགས་རམ་གནང་བར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   ཡང་རྒྱུད་སྟོད་དགོན་པས་གཤིན་ཆོས་གྱི་གོ་སྒྲིག་གནང་བ་དང་ཟློས་གར་ཚོགས་མི་ཚོས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ང་ཚོས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། པཱ་ལགས་ཀྱིས་ཚོགས་པ་འདིའི་ནང་དུ་ལོ་མང་པོར་ཕྱག་ལས་གནང་བས་མི་མང་པོར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་ཤེས་རྟོགས་བྱུང་བས། ང་ཚོའི་ནང་མི་ཚོ་སེམས་འགུལ་ཆེན་པོ་ཐེབས་བྱུང་།  པཱ་ལགས་ཀྱིས་རང་གི་མི་ཚེའི་སྐོར་ལ་ཕྱིར་དྲན་གནང་སྐབས། རྩ་ཆེ་ཤོས་བརྩི་བཞིན་པའི་ཕྱིར་དྲན་ནི་ཕྱི་ལོ་༡༩༦༠ ནང་༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་ཆེན་པོ་མཆོག་གློ་བུར་དུ་སྤྱི་ཐབ་ཏུ་ཕེབས་པ་དེ་ཡིན། པཱ་ལགས་ཀྱིས་མཇལ་འཕྲད་དེའི་སྐོར་ཕྱིར་དྲན་གནང་བཞིན་འདི་ལྟར་གསུངས། སྐབས་རེར་༸གོང་ས་མཆོག་ཟློས་གར་ཚོགས་པར་སྔོན་བརྡ་མེད་པའི་ངང་གློ་བུར་ཕེབས་ཀྱི་ཡོད། ༸གོང་ས་མཆོག་ཐབ་ཚང་ལ་གཟིགས་ཞིབ་གནང་བར་ཐེངས་གཉིས་ཕེབས་མྱོང་བ་ལས། ཐེངས་ཤིག་ཁོང་གིས་གུས་འབངས་ལ་ཁྱེད་རང་མ་བྱན་ཡིན་ནམ་ཞེས་བཀའ་འདྲི་གནང་སོང་། ངས་ཡིན་ཞེས་ལན་ཕུལ་བ་ཡིན།  དེ་ནས་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ངས་ཤེས་ཀྱི་ཡོད། ཁྱེད་རང་ཁོ་ཚོའི་སྨན་པ་རེད། ཅེས་ཁ་སྣོན་གནང་བྱུང་། བསོད་ནམས་ཆེན་པོ་དེ་འདྲ། ཞེས་ཡང་ཡང་གསུང་མྱོང་།   པཱ་ལགས་ཀྱིས་རང་གི་དམ་བཅའ་ལ་འགྱུར་བ་མེད་པར་རྒས་ཡོལ་ལ་མ་ཕེབས་བར་དུ་རང་ཉིད་དགའ་སའི་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབས་ཤིང་། མི་ཚེ་ཧྲིལ་པོར་༸གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པར་བཞུགས་ཡོད། ༸གོང་ས་མཆོག་གིས་ཀྱང་པཱ་ལགས་དང་ཁོང་གི་ལྷ་མོའི་འཁྲབ་གཞུང་ནང་གི་བཞད་བགད་འཁྲབ་སྟོན་ལ་ཐུགས་མཉེས་པོ་གནང་མྱོང་། ང་ཚོའི་པཱ་ལགས་ཀྱིས་ལོ་ངོ་…