Sonam Dolma is from Doeguling Tibetan settlement, Mundgod, Karnataka. She joined TIPA in 2016 and is currently in the fifth year.
1.What inspired you to give an audition at the Tibetan Institute of Performing Arts?
Sonam Dolma: My families are my inspiration because they lead and advise me in all aspects of life. Moreover, I have gained an ample amount of knowledge from my dad; he was a former member of the Tibetan Institute of Performing Arts. Since a child, I have seen him perform Tibetan dances in many platforms. I remember asking a lot of questions about related songs and dances to my dad. Gradually I realize my interest in Tibetan arts as I was an active cultural art performer at school. Therefore I decided to give an audition in 2016 at TIPA and asked my family on my decision to pursue further studies at TIPA, and they all supported my choice.
སྒྱུ་རྩལ་པ་བསོད་ནམས་སྒྲོལ་མ་ལགས་ནི། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་ཕེབས་པ་དང་། བྱིས་དུས་ནས་སྒྱུ་རྩལ་ལ་དུང་ཟབ་པའི་དབང་གིས། རང་ཉིད་ཀྱིས་དད་མོས་ཡོད་ཚད་ཟློས་གར་རིག་གནས་ལ་བཅོལ་ཏེ་ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་མ་འདེམས་སྒྲུག་གནང་སྐབས་འདེམས་ཐོན་བྱུང་བའི་སློབ་མ་ཞིག་རེད། ད་བར་མི་ལོ་ལྔ་ཙམ་རིང་སྒྱུ་རྩལ་ཆེད་ལས་ཐོག་སློབ་གཉེར་གནང་བ་དང་ད་སྐབས་སྒྱུ་རྩལ་ལོ་རིམ་ལྔ་པའི་ནང་སློབ་ལ་བརྩོན་མུས་ཡིན།
༡། ཁྱེད་ཉིད་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་དུ་འཛུལ་ཞུགས་གནང་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
བསོད་ནམས་སྒྲོལ་མ།བསམ་བློའི་སྟོབས་ཤུགས་ལས་བྱུང་བའི་རིག་རྩལ་ནི་སྒྱུ་རྩལ་གྱི་སྙིང་བཅུད་ཡིན་པ་དང་། དེ་ལས་བྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉམས་འགྱུར་དང་སྟངས་སྟབས་དེ་དག་གིས་མིའི་རིགས་ལ་འཕྲུལ་སྣང་གི་ཞིང་ཁམས་ཤིག་བསྐྲུན་གྱི་ཡོད་པ་རེད། ང་ལ་མཚོན་ན་རང་གི་ཁྱིམ་གཞི་ཆུང་ཆུང་དེ་ནས་བསམ་བློའི་ནུས་རྩལ་འཕེལ་རྒྱས་བྱུང་ཞིང། ཕ་མ་སྤུན་ཉེ་ཚོས་བསམ་བློར་གཡས་གཞོགས་གཡོན་འདེགས་བྱས་པར་བརྟེན་རང་ཉིད་ཀྱི་མི་ཚེའི་ལམ་བུར་གལ་འགངས་ཆེ་ཆུང་འཛིན་ཕྱོགས་ཐད་ཕན་རླབས་ཆེན་པོ་བྱུང་། ང་ལ་ཆུང་དུས་ནས་རིག་རྩལ་ཤེས་བྱའི་ཐོག་བློ་བསྐྱེད་སྦྱིན་མཁན་ནི་ངའི་པ་ལགས་རེད། ཁོང་ནི་ཆུང་དུས་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཁང་ནས་རིག་རྩལ་སོགས་སློབ་གཉེར་གནང་ནས་བསླབ་པ་ཐོན་པ་ཞིག་ཡིན་སྟབས། ཁོང་གིས་ས་ཕྱོགས་འདྲ་མིན་དུ་འཁྲབ་སྟོན་གནང་བའི་བརྙན་པར་སོགས་མཇལ་དུས་སེམས་ལ་ཡི་རངས་ཧ་ཅང་སྐྱེས། སྐབས་རེ་ངས་ཁོང་ལ་བོད་ཀྱི་དམངས་ཁྲོད་གཞས་སྣ་དང་ཞབས་བྲོ་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པ་ལས། དེ་ཕྱོགས་སུ་སྤྲོ་སྣང་དང་རེ་བ་གསར་པ་ཞིག་ཡོད་པ་ངོས་འཛིན་ཐུབ་ནས་ཕྱི་ལོ་ ༢༠༡༦ ལོར་རང་གིས་དགའ་ཕྱོགས་རྒྱབ་ཏུ་འཁུར་ནས་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱས་པ་ཡིན།
༢། ཁྱེད་ཀྱི་བསམ་པར་ཇི་ལྟར་བྱས་ན་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱུ་རྒྱུའི་ཐད་ནུས་པ་དམིགས་བསལ་ཞིག་འདོན་ཐུབ་ཀྱི་རེད་དམ།
བསོད་ནམས་སྒྲོལ་མ།སྤྱིར་བཏང་བསམ་བློ་ཡག་པོ་ཞིག་བཏང་ན་རྒྱལ་ཁབ་ཀྱི་ལས་དབང་ནི་སྐད་ཡིག་དང་རིག་གཞུང་ལ་ཁ་ཕྱོགས་པ་དང་། གལ་ཏེ་དེ་ཉིད་ཉམས་རྒུད་དུསོང་ན་རྒྱལ་ཁབ་དེའང་རང་བཞིན་གྱིས་འཇིགས་པར་གདོན་མི་ཟ། རིག་གཞུང་སྲུང་སྐྱོབ་གནང་ཕྱོགས་ཐད་ལམ་བུ་འདྲ་མིན་ཡོད་ཅིང་གལ་ཏེ་ང་ཚོས་སྲོལ་རྒྱུན་རིག་གཞུང་དེ་དག་མི་རབས་གསར་པར་བརྒྱུད་སྤྲོད་བྱས་པའི་བརྒྱུད་རིམ་ནང་ཞིབ་ཚགས་དང་དོན་སྙིང་ལྡན་པའི་ཐོག་སློབ་ཁྲིད་སོགས་གནང་ཚེ་ཕན་རླབས་ཆེན་པོ་ཡོད། ངས་དགེ་རྒན་བགྲེས་པ་དང་ལས་བྱེད་ཚོས་གམ་ནས་ཞེ་དྲགས་སྦྱངས་པ་ཡིན། གང་ལགས་ཞེ་ན་རིག་གཞུང་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུའི་ཆེད་ཡིན།
2.How best do you think you could make a difference in preserving Tibetan tradition and culture?
Sonam Dolma: There are many ways on how one can preserve Tibetan tradition and culture. I think one’s culture and traditions are conserved when the younger generations get taught and trained well in a particular field. I have learned a lot from our senior teacher and staff, and I wanted to preserve our tradition bypassing and sharing the same onto the new generation.
༣། བོད་ཀྱི་རིག་གཞུང་འཁྲབ་སྟོན་སྒྱུ་རྩལ་ནང་ནས་ཁྱེད་ཀྱི་ཆེས་དགའ་ཤོས་གང་ཡིན་ནམ། རྒྱུ་མཚན་ཅི་ཕྱིར།
བསོད་ནམས་སྒྲོལ་མ།ང་རང་སྒྱུ་རྩལ་ལས་རིགས་ནང་ནས་དམིགས་བསལ་བོད་ཀྱི་ཨ་ཅེ་ལྷ་མོའི་སྒྱུ་རྩལ་ལ་དགའ་པོ་ཡོད། དེས་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་དང་སྒྲུང་གཏམ་རེ་རེའི་ང་ཚོའི་མི་ཚེར་དོན་དམ་པའི་བློ་བསྐྱེད་ཞེ་དྲགས་རག་གི་འདུག དེར་བརྟེན་ང་རང་ཨ་ཅེ་ལྷ་མོའི་སྒྱུ་རྩལ་ལ་དེ་བས་དགའ་པོ་ཡོད།
3.Which performing art form, you love the most. Why?
Sonam Dolma: Tibetan Opera’ is one of my best performing art forms because the story in Opera has a deep lesson and I enjoy listening to the stories.
༤། ཁྱེད་ཀྱི་མིག་དཔེ་བཟང་ཤོས་འདི་སུ་ཡིན་ནམ། རྒྱུ་མཚན་གང་གི་ཐད་ནས་ཡིན་ནམ།
བསོད་ནམས་སྒྲོལ་མ།གུས་མོའི་པ་ལགས་ནི་ངའི་མི་ཚེ་ནང་གི་མིག་དཔེ་འོས་ཤོས་དེ་ཡིན། ཁོང་ནི་ངའི་མི་ཚེའི་ལམ་བུའི་ཐོག་གི་སྒྲོན་མེ་ཞིག་དང་ཁྱད་པར་མེད། ང་ལ་ལམ་སྟོན་དང་སྐུལ་ལྕག་གནང་སྟེ་ངའི་དགའ་ཕྱོགས་ལ་རྒྱབ་སྐྱོར་ལྷད་མེད་ཅིག་གནང་བ་ལ་བརྟེན་དེ་རིང་གྱི་སྒྱུ་རྩལ་གྱིས་བཞེངས་པའི་འཁོར་འདི་བྱུང་བ་རེད།
4.Who is your role model and why?
Sonam Dolma: My role model is my father. He has always supported my career choice and motivates me to chase after my dreams and pursue what interest and intrigues me the most, knowing the risks on the wheel.
༥། ཁྱེད་ཀྱི་མ་འོངས་པའི་ཕུགས་འདུན་ནམ་དམིགས་ཡུལ་ཅི་ཞིག་ཡིན།
བསོད་ནམས་སྒྲོལ་མ།ཕུགས་བསམ་ནི་རེ་བ་ཞིག་རེད་ལ་རེ་བ་ནི་རྟེན་ས་ཤིག་ཡིན་པ་ནི་འཚོ་བའི་གནས་ལུགས་རེད། ངའི་ཕུགས་བསམ་ནི་མ་འོངས་པར་སྒྱུ་རྩལ་ལས་རིགས་ཐོག་གྲུབ་འབྲས་ཕུལ་དུ་བྱུང་བའི་རིག་རྩལ་པ་ཞིག་བྱ་རྒྱུ་དེ་ཡིན།སྐུ་ཉིད་ནས་བཀའ་འདྲི་གནང་བར་བཀའ་དྲིན་ཆེ།
5.What is your future goal?
Sonam Dolma: My future goal is to become a professional artist.