Tenzin Jangchup is from Tibetan Settlement Bylakuppe, Karnataka. He joined TIPA in 2004, became junior artiste in 2008, inter-mediate artiste in 2012 and senior artiste in 2016. He was a leader (Rupon) in Yarkyi Cultural Dance Competition for the year 20017 & 2018.
བསྟན་འཛིན་བྱང་ཆུབ་ལགས་ནི། རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོ་སྤེལ་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ཕྱི་ལོ་ ༢༠༠༤ ལོར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཕྲུག་གི་ཁོངས་སུ་འཛུལ་ཞུགས་གནང་སྟེ་རིམ་པ་བཞིན། ༢༠༠༨ ལོར་བྲོ་པ་གཞོན་པ་དང་། ༢༠༡༢ ལོར་བྲོ་པ་འབྲིང་བ། ༢༠༡༦ ལོར་བྲོ་པ་རྒན་པར་གནས་སྤར་ཞུས་རྗེས། ཕྱི་ལོ ༢༠༡༧ དང་། ༢༠༡༨ ལོའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་སྐབས་རྒྱ་ལུ་རུ་ཁག་གི་རུ་དཔོན་བསྟུད་མར་ལོ་གཉིས་གནང་བ་བཅས་སོ།
དྲི་བ། ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
བསྟན་འཛིན་བྱང་ཆུབ། ང་རང་ཆུང་དུས་ནས་གླུ་གར་དང་རོལ་མོ་སོགས་ཀྱིས་སེམས་འགུལ་ཐེབས་ནས་ཡིད་དབང་འཕྲོག་པར་བྱས། ལྷག་པར་གཞི་རིམ་སློབ་གྲྭ་འགྲིམ་པའི་སྐབས་སུ་ཉིན་རེའི་སློབ་ཚན་གཞན་ཁག་གི་འཛིན་གྲྭ་ནས་་གཡོལ་ཏེ་གཡས་གཡོན་གྱི་གླུ་གཞས་འཛིན་གྲྭ་སོགས་ལ་ཕྱིན་པ་དེ་དག་ཀྱང་ཡིད་ལ་དྲན་ཡོང་གི་འདུག སྟབས་ལེགས་པ་ཤིག་ལ། དེའི་རྗེས་ཙམ་ལ་བོད་ཀྱིི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ང་ཚོའི་གཞིས་ཆགས་ཁུལ་དུ་དངོས་སུ་འཁྲབ་སྟོན་གནང་རྗེས་ང་རང་བོད་ཀྱི་ཟློས་གར་ཚོགས་པར་འཛུལ་འདོད་ཀྱི་ཀུན་སློང་ལ་ཤུགས་རྐྱེན་ཟབ་མོ་ཐེབ་ཏེ་ལེགས་ཉེས་གང་ཡོང་མིན་ལ་ཐེ་ཚོམ་མེད་པར་འདི་གར་འཛུལ་ཞུགས་བྱས་པ་ཞིག་ཡིན་ལགས། །
Q: What inspired you to give an audition at Tibetan institute of Performing Arts?
Tenzin Jangchup: Music and dance have been inspiring me ever since my childhood. I remember skipping my routine classes back in school just to attend the nearby class that was having a music class. After witnessing a live show of TIPA in Bylakupee, at that very moment, I came to a decision that I am going to join TIPA regardless of anything.
དྲི་བ། ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ
ལན། ང་རང་འདིར་འཛུལ་ཞུགས་བྱས་པའི་ཉིན་དང་པོ་ནས་བཟུང་ང་ཚོ་དགེ་ལས་སློབ་ཕྲུག་རྣམས་ཕྱ་རུ་མཉམ་སྡེབ་ཀྱི་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོན་རྒྱུན་གྱི་རིག་གཞུང་སྤྱི་དང་ཟློས་གར་སྒྱུ་རྩལ་གྱི་རིག་གཞུང་འདི་ཉིད་སྲུང་སྐྱོབས་བྱེད་འགོ་བཙུགས་ཟིན་པ་རེད་སྙམ་གྱི་འདུག འཁྲབ་སྟོན་པ་ཞིག་ཡིན་པའི་ཆ་ནས་ང་ཚོ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ལོ་ལྟར་དཀའ་སྤྱད་དང་དུ་བླང་། ངལ་བ་ཁྱད་དུ་བསད་ནས་གནའ་རབས་དང་ཉེ་རབས་ཀྱི་གཞས་སྣ་སྤུས་ལེགས་དེ་དག་འཚོལ་བསྡུ་དང་ལེགས་སྒྲིག་ཞུས་དང་ཞུ་བཞིན་ཡོད་ཅིང་། ང་རང་འདིར་སླེབས་པ་ནས་ལོ་ ༡༤ ཡི་ཉམས་མྱོང་གི་ཐོག་ནས་ཞུས་ན། ང་ཚོས་ཚོགས་པའི་སྒྲིག་ལམ་ལ་སྲུང་བརྩི་གང་ལེགས་ཞུས་ཏེ་རང་རང་གི་ལས་སློབ་གང་ཅིར་འབད་བརྩོན་བྱས་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་བྱས་པ་ཞིག་ཡིན་པས་སླད་མུ་མཐུད་དེ་ལྟར་འཛིན་སྐྱོང་བྱ་རྒྱའི་འབད་བརྩོན་ཞུ་རྒྱུ་ཡིན།།
Q: How best do you think you could make a difference for preserving Tibetan tradition and culture?
Jangchup: I believe that every artists and staffs here have been working collectively for preserving Tibetan tradition and Culture from the day one and as an artist, we work so hard unitedly to produce better and meaningful Tibetan Classical music and folk-dance choreographies every year despite of any circumstances. From my fourteen years of experience here, one thing that I’ve realized is that we all are already preserving our tradition and culture just by following the respective schedule, and learning everything sincerely and obediently.
དྲི་བ། རིག་གཞུང་འཁྲབ་སྟོན་གྱི་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ།རྒྱུ་མཚན་གང་དང་ཅི།
ལན། སྒྱུ་རྩལ་དེ་དག་གི་ནང་ནས་གུས་རང་དགའ་མོས་ཆེ་ཤོས་ནི། གླུ་གཞས་འཁྲབ་སྟོན་བྱ་རྒྱུ་དེ་ཡིན། གང་ཡིན་ཟེར་ན་ཟློས་གར་འཁྲབ་སྟོན་བྱས་པ་དེས་གཞན་གྱི་ཡིད་དབང་མེད་དུ་འཕྲོག་ཐུབ་ཅིང་། དེ་ལ་ལོ་ན་རྒན་གཞོན་དང་སྐད་རིགས་འདྲ་མིན། རིག་གཞུང་འདྲ་མིན་སོགས་སྐྱེ་བོ་གང་འདྲ་ཞིག་ཡིན་ན་ཡང་། དེ་དག་ཚང་མར་ལྟས་མོ་ཆེན་པོ་བཟོས་ཏེ་ཡིད་དབང་ཚུར་འགུག་ཐུབ་ཀྱི་ཡོད་པ་དང་། གླུ་གར་འཁྲབ་སྟོན་གྱིས་གཟུགས་པོའི་འཕྲོད་བསྟེན་ལ་ཡང་དམིགས་བསལ་གྱི་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པས་སོ། །
Q: Which performing art form, you love the most. Why?
Jangchup: I love dancing part the most because through dancing you can entertain any audience regardless of the age, language and culture. It is brilliant for the physical wellbeing as well.
དྲི་བ། ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ཀྱི་མི་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་།
ལན། ང་རང་ལ་དམིགས་བསལ་གྱི་མིག་དཔེ་བཟང་ཤོས་དེ་འདྲ་ཞིག་ཞུ་ཡས་མེད་ཀྱང་། བོད་ཀྱི་ཟློས་གར་ཚོགས་པའི་རྒན་ལགས་རྣམ་པ་དང་། ལས་བྱེད་རྣམ་པ་ནི་ངའི་མི་ཚེའི་ནང་གི་མིག་དཔེར་འཛིན་བཞིན་ཡོད། གུས་རང་ཆུང་དུས་ནས་འདིར་འཛུལ་ཞུགས་བྱས་པ་ཡིན་ཙང་ཁོང་རྣམ་པས་གུས་པར་མིག་དཔེ་བཟང་པོ་སྟོན་ནས་འཁྲབ་སྟོན་པ་མ་ཆགས་བར་དུ་གསོ་སྐྱོང་གནང་བ་དང་། ལྷག་པར་བོད་ཀྱི་ཟློས་གར་ཚོགས་པས་གུས་རང་ཆུང་དུས་ནས་དྲིན་གྱིས་བསྐྱངས་ཏེ་འཚར་ལོང་བྱུང་བ་ཞིག་ཡིན་པ་མ་ཟད། ད་བར་རང་ཉིད་ལ་གྲུབ་འབྲས་བཟང་པོ་གང་བྱུང་བ་དེ་དག་ཚང་མ་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཤ་སྟགས་ཡིན་པས་སོ། །
Q: Who is your role model and why?
Jangchup: Specifically, I don’t have any role model to be honest, every staff and teacher here at the institute are my role model in some way. I joined TIPA at the very young age and many of the staff and teachers have shown me the way to be a better person and a better artist. This Institute has nurtured me and played a big role in taking me where I am today.
དྲི་བ། མ་འོངས་པར་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།
ལན། ང་ཡང་འཁྲབ་སྟོན་པ་གཞན་དང་འདྲ་བར། ད་བར་རང་གིས་སྦྱང་བརྩོན་བྱས་ནས་གང་ཤེས་པ་ཚང་མ་འཛམ་གླིང་གི་གར་སྟེགས་ཐོག་ཏུ་འདོན་སྤེལ་དང་འཁྲབ་སྟོན་བྱེད་ཐུབ་པའི་འབད་བརྩོན་གང་ལེགས་ཞུ་རྒྱུའི་དམིགས་ཡུལ་ཆེན་པོ་ཡོད།
Q: What is your future Goal?
Jangcup: Like every artist here, my goal is to take what I have learned here and showcase it to the world.