Tenzin Monlam is from Hunsur, Karnataka. She joined Tibetan Institute of Performing Arts in 2016 and she is currently in the fifth year of a trainee.
1 .What inspired you to give an audition at the Tibetan Institute of Performing Arts?
Tenzin Monlam: My inspiration is my grandmother. Since childhood, I have seen her dance and sing in every functional occasion and I was awed in her elegancy. These examples influenced and develop my interest in performing arts; specifically in dance.
སྒྱུ་རྩལ་བ་བསྟན་འཛིན་སྨོན་ལམ་ལགས་ནི། རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ཆུང་དུས་ནས་སྒྱུ་རྩལ་ལས་རིགས་ཐོག་དོ་དབྱིངས་ཆེ་སྟབས། ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་སློབ་མ་གསར་འདེམས་སྐབས་འདེམས་སྒྲུག་གནང་བའི་སློབ་མ་ཞིག་ཡིན། ད་སྐབས་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་གི་ལོ་རིམ་ལྔ་པའི་ནང་སློབ་གཉེར་བྱེད་མུས་ཡིན།
༡། ཁྱེད་ཉིད་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་དུ་འཛུལ་ཞུགས་གནང་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
བསྟན་འཛིན་སྨོན་ལམ། སྤྱིར་བཏང་སྒྱུ་རྩལ་ནི་བསམ་བློའི་བཟོ་སྒོ་ཞིག་དང་ལད་ཟློས་ལས་བྱུང་བ་ཡིན་སྟབས། ང་ལ་མཚོན་ན་དད་མོས་དེ་ཉིད་རང་གི་རྨོ་ལགས་དྲུང་ནས་བྱུང་བ་རེད། གང་ལགས་ཞེ་ན་ང་རང་ཆུང་ངུའི་དུས་ནས་ཁོང་གིས་ཐུགས་སྤྲོ་དང་སྤྲོ་སྐྱིད་སོགས་འདུ་འཛོམས་གནང་སར་གླུ་དབྱངས་ལེན་པ་དང་ཞབས་བྲོ་འཁྲབ་པའི་མཛེས་ཉམས་ལས་བག་ཆགས་ཟབ་མོ་དེ་ལྟར་བྱུང་བས།རང་ཉིད་ཀྱི་ཁ་ཕྱོགས་དེའང་སྒྱུ་རྩལ་ལམ་བུའི་ཐོག་ཏུ་སྤོས་པ་ཡིན། དམིགས་བསལ་ཞབས་བྲོ་ལ་དེ་བས་དོ་དབྱིངས་ཆེ་བ་ཡོད།
༢། ཁྱེད་ཀྱི་བསམ་པར་ཇི་ལྟར་བྱས་ན་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱུ་རྒྱུའི་ཐད་ནུས་པ་དམིགས་བསལ་ཞིག་འདོན་ཐུབ་ཀྱི་རེད་དམ།
བསྟན་འཛིན་སྨོན་ལམ།ངས་བསམ་པར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཉར་ཚགས་བྱ་རྒྱུའི་ཐད་ནུས་པ་ལྡན་པའི་ཡིད་ཆེས་ནི། དང་ཐོག་ང་ཚོས་བོད་ཀྱི་རིག་གནས་ལོ་རྒྱུས་དང་རིག་གཞུང་སོགས་ལ་སློབ་སྦྱོང་ཞུ་དགོས་ཀྱི་རེད། རིག་གཞུང་ལོ་རྒྱུས་ནང་བོད་ཀྱི་གནའ་དེང་ཟུང་འབྲེལ་གྱི་རྒྱན་གོས་ལོ་རྒྱུས་སོགས་ཚུད་ཡོད། ང་ཚོས་ཇི་ལྟར་བྱས་ཏེ་རྒྱན་གོས་རྣམས་གྱོན་དགོས་པ་དང་། ཡུལ་ལུང་སོ་སོའི་རྒྱན་གོས་ཀྱི་ཁྱད་ཆོས་གང་ཡིན་སློབ་སྦྱོང་ཞུས་ན། དེས་ང་ཚོའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་ཀྱི་བྱ་གཞག་ཐད་ནུས་པ་ལྡན་པའི་ལས་དོན་འགྲུབ་ཐུབ། གཞན་ཡང་བོད་ཀྱི་གནའ་རབས་ཞབས་བྲོ་དང་དམངས་གཞས། ལྷ་མོའི་གཞུང་། གཞས་སྣ་ཁག་སོགས་ཚུད་ཡོད།
2. How best do you think you could make a difference in preserving Tibetan tradition and culture?
Tenzin Monlam: I firmly believe in preserving our Tibetan culture by first learning about our traditions and histories. Tibetan clothes and dress has a deep rich history. Learning on those and being able to wear and showcase the culture in one form of the dress gives me a sense of pride and happiness. Therefore I feel that I can contribute to preserving and spreading the wisdom about our culture by identification of our ancient histories of folk dance, songs, operas and Tibetan dress/clothes.
༣། བོད་ཀྱི་རིག་གཞུང་འཁྲབ་སྟོན་སྒྱུ་རྩལ་ནང་ནས་ཁྱེད་ཀྱི་ཆེས་དགའ་ཤོས་གང་ཡིན་ནམ། རྒྱུ་མཚན་ཅི་ཕྱིར།
བསྟན་འཛིན་སྨོན་ལམ།ང་རང་སློབ་གྲྭའི་དུས་ནས་ཆེས་དགའ་ས་ནི་ཞབས་བྲོ་འཁྲབ་རྒྱུ་དེ་ཡིན། དུས་ཆེན་ཉིན་གོ་སྐབས་ནམ་བྱུང་ལ་དེའི་ནང་མཉམ་ཞུགས་བྱས་ཏེ་ཞབས་གཞས་དང་། འཁྲབ་སྟོན་སོགས་འདྲ་མིན་ནང་མཉམ་སྤྱོད་བྱེད་ཀྱི་ཡོད། དེས་ང་ལ་སྤྲོ་སྣང་གི་ཚོར་འདུ་ཧ་ཅང་མང་པོ་སྦྱིན་གྱིན་འདུག
3. Which performing art form, you love the most. Why?
Tenzin Monlam: I enjoy dancing the most. Since school, whenever an opportunity is given, I participate in small functions and various performing activities. I find a lot of joy in dancing and playing instruments.
༤། ཁྱེད་ཀྱི་མིག་དཔེ་བཟང་ཤོས་འདི་སུ་ཡིན་ནམ། རྒྱུ་མཚན་གང་གི་ཐད་ནས་ཡིན་ནམ།
བསྟན་འཛིན་སྨོན་ལམ། ངའི་མི་ཚེའི་ལམ་བུའི་ཁྲོད་དུ་མིག་ལྟས་ཡར་ལྟ་བྱེད་ས་ནི་ངའི་སྤོ་ལགས་ཁོང་རེད། ཁོང་ལ་འགོ་ཁྲིད་སྐྱེད་སྲིང་བྱ་རྒྱུའི་ནུས་པ་བཟང་པོ་ལྡན་པ་དང་དྲང་བདེན་གཙོ་བཟུང་ཐོག་གཞན་ལ་སྣེ་འདྲེན་པའི་སྙིང་སྟོབས་ཡོད། ང་ཚོའི་གྲོང་སྡེའི་མི་མང་ཚོས་ཁོང་གི་རྗེས་སུ་བསྙེགས་ཏེ་དགའ་ཚོར་ཆེན་པོ་གནང་གི་རེད། ང་རང་ཁོང་གི་ཚ་མོ་ཡིན་པའི་ཆ་ནས་ཁོང་གིས་ཡུལ་མི་རྣམས་ཀྱི་བདེ་སྡུག་ཆེད་སྐུ་ལས་སྐྱོན་པ་མཐོང་དུས་གུས་བརྩི་དཔག་མེད་སྐྱེས་ཤིང་། སླད་མར་ཁོང་ལྟ་བུའི་མི་བུ་བཟང་པོ་ཞིག་བྱ་འདོད་ཡོད།
4. Who is your role model and why?
Tenzin Monlam: My grandfather is the one whom I look up to and refer as a role model in my life. He has leadership qualities and leads people in a good way of being kind, honest, energetic and brave. Every people in my village follows and love my grandfather, I being his granddaughter have seen him work so hard for the betterment of people in the village and I respect and try to become like him.
༥། ཁྱེད་ཀྱི་མ་འོངས་པའི་ཕུགས་འདུན་ནམ་དམིགས་ཡུལ་ཅི་ཞིག་ཡིན།
བསྟན་འཛིན་སྨོན་ལམ། ངའི་རེ་སྙེག་གམ་ཕུགས་འདུན་ནི་མ་འོངས་པར་སྒྱུ་རྩལ་ལམ་བུའི་ཐོག་ཆེད་ལས་གཟེངས་ཐོན་ཡོང་རྒྱུ་འབད་འབུངས་ཞུ་རྒྱུ་དེ་ཡིན། ངས་བོད་ཀྱི་འོད་སྟོང་འབར་བའི་སྒྱུ་རྩལ་གྱི་སྙིང་བཅུད་དེ་དང་མི་རིགས་གཞན་གྱི་སྒྱུ་རྩལ་གྱི་ཉིང་ཁུ་གཉིས་ཟུང་འབྲེལ་བྱས་ཏེ་གསར་གཏོད་ལྡན་པའི་ཕུགས་རེ་ཞིག་བཅང་བཞིན་ཡོད། འདི་ནི་ངའི་ཕུགས་རེ་དང་རེ་སྙེག་ཡིན་པས། ངས་ནམ་ཡང་བློས་གཏོང་མི་བྱས་པར་རང་གི་རྒྱལ་ཁབ་དང་སྤུན་ཉེ་ཚོས་ཆེད་དུ་བསྒྲུབ་རྒྱུ་ཡིན། བཅའ་འདྲི་གནང་བར་བཀའ་དྲིན་ཆེ།
5. What is your future Goal?
Tenzin Monlam: My goal is to become a specialized artiste. I have many fantasies of collaborating Tibetan arts with western and other cultural arts. I want to set glory on my work and make the country and my family proud of me. This is my goal.