Tenzin Yonten is from Norgeyling Tibetan settlement (Bhandra). She joined TIPA in 2004 and currently holds the post of senior artiste, Yarkyi group leader (Rupon) and she has been in charge of costume section for Seven Years now. Her responsibilities include teaching all kinds of art form to the junior artistes and most importantly, following the respective schedule of ‘Tibetan Institute of Performing Arts’. She is one of three remaining female artistes that joined TIPA back in 2004. She expresses that her parents are the main supporter as they cherish and respect the decision of her serving here at TIPA.
བསྟན་འཛིན་ཡོན་ཏན་ནི། བྷན་དྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་ཡིན། ཕྱི་ལོ་ ༢༠༠༤ ལོར་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ཞུགས་གནང་སྟེ་ད་ཆ་བྲོ་པ་རྒན་པའི་གནས་རིམ་ཐོག་འཁྲབ་སྟོན་པའི་ངོ་བོར་གནས་མུས་ཡིན་ལ་འདི་ག་ཚོགས་པས་ལས་འགན་གང་གནང་བ་རྣམས་དང་བས་བླངས་ཏེ་ལོ་བཅུའི་རིང་ཚོགས་པའི་འཁྲབ་ཆས་དོ་དམ་པའི་ལས་འཁུར་གང་ལེགས་ཞུས། ལོ་རེའི་དབྱར་སྐྱིད་སྒྱུ་རྩལ་འགྲན་བསྡུར་སྐབས་སྟུད་མར་རྒྱ་ལུ་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་ཞུས་པ་དང་། ལྷག་པར་སྒྱུ་རྩལ་འཁྲབ་སྟོན་གྱི་ཐད་རང་གིས་གང་ཤེས་པ་རྣམས་བྲོ་པ་གཞོན་པས་མཚོན་སློབ་ཕྲུག་ཆུང་བ་རྣམས་ལ་སློབ་ཁྲིད་གནང་བཞིན་ཡོད། གཞན་ཡང་ད་དུང་དམིགས་བསལ་གྱིས་ཞུ་འདོད་པ་ཞིག་ལ། ཕྱི་ལོ་ ༢༠༠༤ ལོར་ཁོང་དང་དུས་མཉམ་དུ་ཟློས་གར་ནང་འཛུལ་ཞུགས་བྱས་པའི་་སློབ་ཕྲུག་ཉི་ཤུའི་ཁྲོད་ད་ཡོད་བུ་མོ་གསུམ་གྱི་ནང་ནས་གཅིག་ཡིན་པ་དང་། སྦྱངས་ཟིན་པའི་སྒྱུ་རྩལ་གྱི་ཆེད་ལས་ཐོག་མུ་མཐུད་དེ་གནས་རྒྱུའི་བདམ་གའམ་ཐག་གཅོད་དེ་ལ་ཕ་མ་གཉིས་ནས་ཀྱང་བརྩི་མཐོང་དང་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་ཅེས་ཁོང་གི་སྒྱུ་རྩལ་ལམ་བུ་དེའི་ཐོག་ཡིད་ཆེས་དང་། སྤོབས་སེམས། སྤྲོ་སྣང་སོགས་ཀྱིས་ཁེངས་བཞིན་འདུག་པ་བཅས་སོ།།
༡༽ ཁྱེད་རང་བོད་ཀྱི་ཟློས་གར་དུ་འཛུལ་ཞུགས་བྱེད་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
བསྟན་འཛིན་ཡོན་ཏན། གུས་མོའི་ཁྱིམ་གྱི་རྒྱབ་ལྗོངས་ཕ་མ་གཉིས་ཀ་ལྷ་མོའི་སྒྱུ་རྩལ་འཁྲབ་སྟོན་པ་ཞིག་ཡིན་པ་དང་། ལྷག་པར་གུས་མོ་ནི་ཆུང་བྱིས་པའི་དུས་ནས་བོད་ཀྱི་ལྷ་མོ་འཁྲབ་སྟོན་དང་རོལ་དབྱངས་ཐད་པ་ལགས་ཀྱིས་སྒྱུ་རྩལ་འཁྲབ་སྟོན་ནང་འཛུལ་ཞུགས་བྱེད་དགོས་པའི་སྐུལ་སློང་ཡང་ཡང་གནང་བྱུང་བས། བོད་ཀྱི་ཟློས་གར་ལ་མ་སླེབས་གོང་ནས་འཁྲབ་སྟོན་གྱི་དོན་བྱའི་ནང་འཛུལ་ཞུགས་བྱེད་ཡས་ལ་ཧ་ཅང་དགའ་པོ་ཡོད། དེའི་རྗེས་འགྲན་ཞུགས་པ་གསུམ་བརྒྱ་དྲུག་བཅུའི་ནང་ནས་ང་ཚོ་སློབ་ཕྲུག་བཅུ་གཉིས་འདེམས་སྒྲུག་བྱུང་སྟེ་འདི་ག་ཟློས་གར་སླེབས་པ་ཞིག་ཡིན།
1)What inspired you to give an audition at Tibetan institute of Performing Arts?
Tenzin Yonten:- I belong to an artistic family since my parents have been part of Tibetan Opera troupe in Bhandara. But I have primarily drawn interest in music through my father who inspired me to take a part in Tibetan music and opera ever since childhood days. I loved playing roles in Opera plays before joining TIPA. So, at the age of seventeenth, I got an opportunity to appear for an audition and was selected from 360 aspirants.
༢༽ ཁྱེད་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ།
མི་ལོ་བཅོ་ལྔ་ལྷག་ཙམ་གྱི་རིང་གུས་མོར་གྲགས་ཅན་གྱི་ལྷ་མོའི་འཁྲབ་སྟོན་པའི་དྲུང་ནས་སྒྱུ་རྩལ་སློབ་འཁྲིད་གང་ལེཌ་ཐོབ་པ་དང་ཐོབ་མུས་སུ་ཡོད་ཅིང་། བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རིག་གཞུང་དེ་དག་གཞོན་སྐྱེས་མི་རབས་གསར་པ་རྣམས་ལ་བརྒྱུད་སྤེལ་རྩིས་འབུལ་བྱེད་རྒྱུའི་འདུན་པ་ཆེན་པོ་ཡོད། ལོ་ངོ་དེ་དག་གི་རིང་ལྷ་དགེ་བསམ་གཏན་དོན་གྲུབ་མཆོག་དང་། ལྷ་དགེ་ནོར་བུ་ཚེ་རིང་ལགས་རྣམ་གཉིས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་དྭངས་གཙང་ལྷད་མེད་ཀྱི་རིག་གཞུང་སློབ་འཁྲིད་གང་ཐོབ་པ་དེ་དག་མ་འོངས་མི་རབས་གསར་པ་རྣམས་ལ་བརྒྱུད་སླེལ་སློབ་འཁྲིད་བྱེད་རྒྱུའི་ཕུགས་བསམ་ཡང་ཧ་ཅང་བརྟན་པོ་ཞིག་བཅངས་བཞིན་གནས་མུས་ཡིན།
2)How best do you think you could make a difference for preserving Tibetan tradition and culture?
Tenzin Yonten:- I have been getting trained from the great Opera masters Like (Late) Gen Norbu Tsering La, Gen Samten la and Gen Sonam La for the past fifteen years and I am sure I could transmit the unfiltered and pure traditional Cultural knowledge that I have inherited from these great opera masters to the next generation of aspiring artiste.
༣༽ བོད་ཀྱི་རིག་གཞུང་འཁྲབ་སྟོན་ནང་ནས་ཁྱེད་རང་དགའ་ཤོས་སྒྱུ་རྩལ་གང་གི་ཐད་ལ་ཡིན་ནམ། རྒྱུ་མཚན་གང་དང་ཅི།
ཐོག་མར་གུས་མོ་རོལ་དབྱངས་ཀྱི་སྒྱུ་རྩལ་ཐད་དགའ་མོས་ཧ་ཅང་ཆེན་པོ་ཡོད། གང་ཡིན་ཟེར་ན་རོལ་དབྱངས་སྒྱུ་རྩལ་གྱིས་ངག་ནས་དངོས་སུ་ཚིག་གཅིག་མ་བརྗོད་ཀྱང་སེམས་ཀྱི་ཚོར་བ་དང་འདུ་ཤེས་ཀྱི་རྣམ་འགྱུར་རྣམས་ཚོར་བར་བྱེད་ཐུབ་ཅིང་། གླུ་གཞས་ཀྱི་སྙན་ཆ་དང་ཚོར་བ་རྣམས་གང་ལེགས་སུ་གཏོང་ཐུབ་ཀྱི་ཡོད་པའི་རྒྱུ་མཚན་སོགས་ཀྱིས་ཡིན།
3)Which performing art form, you love the most. Why?
Tenzin Yonten:- My primary interest was in playing traditional instruments because I love music. Music never fails to amaze me as it can express so many emotions without actually having to speak a word and it never fails to enhance the melodies and emotions we are trying to express through the song.
༤༽ ཁྱེད་ཀྱི་མི་ཚེའི་ཁྲོད་དུ་མིག་དཔེ་བཟང་ཤོས་ཀྱི་མི་སུ་སུ་ཡིན་ནམ། རྒྱུ་མཚན་གང་དང་གང་།
ང་རང་གི་མི་ཚེའི་གནས་སྟངས་མི་འདྲ་བའི་ནང་མིག་དཔེ་ལྟ་ས་ཡང་མི་འདྲ་བ་རེ་ཡོད། ཡིན་ནའི་སྒྱུ་རྩལ་འཁྲབ་སྟོན་སོགས་ཀྱི་ཐད་མིག་དཔེ་ལྟ་ས་ནི། སྒྱུ་རྩལ་སློབ་འཁྲིད་འགན་འཛིན་ལྷ་དགེ་བསམ་གཏན་དོན་གྲུབ་མཆོག་ཡིན། གང་ཡིན་ཟེར་ན།ད་བར་མི་ལོ་བཅོ་ལྔའི་རིང་ལ་ཁོང་གིས་ག་དུས་ཡིན་ན་ཡང་། གང་ཅིའི་ཐད་ལམ་སྟོན་བཀའ་སློབ་ནན་པོ་གནང་གི་ཡོད་པ་སྟེ།ང་ཚོར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པ་ལ་འགན་ཇི་ཙམ་ཡོད་མེད་སོགས་ཀྱི་ལམ་སྟོན་བཀའ་སློབ་དང་། དེའི་ཐད་དཀའ་སྤྱད་འབད་བརྩོན་དང་། ལྷག་བསམ་རྣམ་དག་བཅས་བྱེད་དགོས་པའི་འབོད་སྐུལ་གྱིས་དྲན་གསོ་ཡང་ཡང་གནང་གི་ཡོད་པས་སོ།
4) Who is your role model and why?
Tenzin Yonten:- I have different role models for different aspects of my life but here, Gen Samten La is someone I always look up to because he is the one who has guided and shaped me for the past fifteen years. He never fails to inspire me to keep working hard and also always reminds us of the magnitude of responsibility that we have, in preserving the traditional performing art forms of Tibet.
༥༽ མ་འོངས་པར་ཁྱེད་ལས་དོན་གང་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ཡོད་དམ།
གུས་མོའི་མ་འོངས་པའི་དམིགས་ཡུན་ནི། ད་དུང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིག་གཞུང་འདི་དག་མུ་མཐུད་གང་ལེགས་པར་སྦྱངས་ནས་སྤུས་དག་པོ་ཞིག་པོ་ཞིག་ཤེས་པར་བྱས་ཏེ། ང་ཚོ་བོད་ཀྱི་མི་རབས་རྗེས་མ་རྣམས་ལ་གྲ་མི་ཉམས་གྲུ་མ་ཆག་པའི་ལྷད་མེད་དྭངས་གཙང་ཞིག་རྩིས་སྤྲོད་བྱེད་རྒྱུའི་སེམས་ཤུགས་དང་ཆོད་སེམས་བརྟན་པོ་ཡོད་པ་བཅས་སོ།
5)What is your future Goal?
Tenzin Yonten:- My future goal is to learn and excel in every aspects of Tibetan performing arts and help in not only preserving it but passing down to the next generation.