ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༢ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རག་སུ་ཡོད་པའི་གྲོས་ཚོགས་ཀྱི་མཛེས་སྡུག་དང་ལོ་རྒྱུས་ལྡན་པའི་ལྡུམ་རའི་ནང་སྐུ་མགྲོན་གཙོ་བོ་ཅེག་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ Jitka Seitlova མཆོག་གིས་གཙོས་པའི་ཅེག་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུར་སྦྲེལ་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ Premysal Rabas, དང་། གྲོང་ཁྱེར་སྤྱི་ཁྱབ་ལྕམ་སྐུ་ Mrs. Iveta, Mayor of Blatono, གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གི་དྲུང་ཡིག་ Mr. Matyas Barotek, རྒྱ་ནག་ཐད་ཐབས་བྱུས་ཞིབ་འཇུག་ལྟེ་གནས་ཁང་གི་གཙོ་འཛིན་ Prof. Ranade, རྒྱ་ནག་ཉམས་ཞིབ་ལས་ཁང་གི་(director of sinopsis.cz) འགན་འཛིན་ Prof. Martin Hala མཆོག་གིས་གཙོས་པའི་་གཞན་ཡང་གནད་ཡོད་སྐུ་མགྲོན་དང་མང་ཚོགས་བཅས་སྐུ་མགྲོན་མང་དག་ཅིག་ཕེབས་ཡོད་པ་རྣམས་ལ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུུ་རྩལ་བ་རྣམས་ནས་བོད་ཀྱི་ཟློས་གར་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་ཡོད།དེ་ཡང་གཞས་སྣ་གཟིགས་འབུལ་གྱི་སྔོན་འགྲོར་སྐུ་མགྲོན་གཙོ་བོ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཇི་ཌི་ལོ་ཝ་མཆོག་ནས་ད་རེས་སུད་སི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་བོད་ཀྱི་ཟློས་གར་ཚོགས་པ་ཅེག་རྒྱལ་ས་པེ་རག་ཏུ་རིག་གཞུང་འཁྲབ་སྟོན་ཆེད་བཅར་གནང་བ་ལ་དགའ་བསུ་དང་ཅེག་གི་སྲིད་གཞུང་དང་མི་མང་ནས་༸གོང་ས་མཆོག་ལ་དད་གུས་དང་བོད་མིའི་རྩ་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ཡོད་ལུགས་གསུངས།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ནས་གསུང་དོན་དུ་ད་ལན་དུས་ཚོད་ཐུང་ཐུང་ཞིག་གི་ནང་བོད་ཀྱི་ཟློས་གར་ཚོགས་པས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རག་ཏུ་སྐོར་སྐྱོད་འཁྲབ་སྟོན་ཞུ་ཐུབ་པ་དེ་བཀུར་འོས་ཅེག་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་ཇི་ཊི་ཀ་སེ་ཊི་ལོ་བ་དང་། སི་ནོ་པི་སིས། དེ་བཞིན་སུད་སི་དོན་ཁང་མཉམ་འབྲེལ་གྱིས་སྒོ་ནས་གོ་སྒྲིག་དང་མཐུན་འགྱུར་ཞུས་པ་ལས་བྱུང་བ་ཞིག་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་དང་། ཆོས་ལུགས། སྐད་ཡིག རིག་གཞུང་བཅས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་སྐབས་འདིར།
འདི་ནི་སྒྱུ་རྩལ་འགྲེམས་སྟོན་ཙམ་ལས་ལྷག་པའི་དོན་སྙིང་ཆེན་པོ་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། ཡང་ཁོང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝ་ཙལ་ཧ་ཝེལ་དམ་པ་མཆོག་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གཉིས་ཀྱིས་བདེན་པ་དང་། དམངས་གཙོ། སྙིང་རྗེ། དེ་བཞིན་ཀུན་སྤྱོད་ཀྱི་གཟི་བརྗིད་བཅས་ལ་དམ་བཅའ་ཟབ་མོ་བཞག་སྟེ་མཛའ་བརྩེའི་འབྲེལ་བ་བཙུགས་ཡོད་པ་དང་། དེ་བཞིན་ཅེག་སྲིད་འཛིན་ལས་ཐོགས་སྐུ་ཞབས་ པེཊར་པཱ་ཝེལ་མཆོག་གིས་རྒྱ་གར་དུ་ཆེད་བཅར་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་ལྷན་དུ་མཇལ་འཕྲད་གནང་བ་དེས་བོད་མི་རྣམས་ལ་མཛའ་བརྩེ་དང་། བརྩི་འཇོག དེ་བཞིན་གདུང་སེམས་མཉམ་སྐྱེད་ཀྱི་བརྡ་ལན་གསལ་པོ་ཞིག་བཏང་ཡོད་ལ། འདི་ནི་ཅེག་གི་དབུ་ཁྲིད་ཅིག་གིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བ་ཐེངས་དང་པོ་དེ་ཆགས་ཡོད་པ་ཡང་གསལ་བཤད་གནང་ཡོད།



གྲོས་ཚོགས་འོག་མའི་ལྡུམ་རའི་ནང་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱས་པ་དེས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་བསྐྱར་དུ་བརྟན་པོ་བཟོས་ཡོད། འཁྲབ་སྟོན་འདི་ནི་པེ་ཅིང་གིས་བོད་ཀྱི་རིག་གནས་མེད་པ་བཟོ་ཐབས་བྱེད་པ་དང་། ཡང་ན་དེ་རྒྱ་ནག་གི་རིག་གནས་ཀྱི་ཆ་ཤས་ཤིག་ཏུ་རྫུན་བཟོ་བྱེད་པའི་ལོ་རྒྱུས་ལ་ངོ་རྒོལ་ཤུགས་ཆེན་ཞིག་ཆགས་ཡོད། དེའི་ཚབ་ཏུ་འདི་ག་དངོས་སུ་བཙན་བྱོལ་དུ་གཏན་གཞི་ཆགས་པའི་བོད་ཀྱི་ཟློས་གར་ཚོགས་པ་དངོས་སཡ་ཆེད་བཅར་གྱིས་སྒྱུ་རྩལ་པ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་དང་། བོད་ཀྱི་ཟློས་གར་སྒྱུ་རྩལ། རོལ་དབྱངས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཤེས་རིག་ཅིག་རྒྱལ་སྤྱིའི་མི་མང་ལ་ངོམ་སྟོན་བྱས་ཡོད། བོད་ཀྱི་སྲོལ་རྒྱུན་གྱི་གར་དང་། ཨ་ཅེ་ལྷ་མོ་བཅས་ཀྱི་འཁྲབ་སྟོན་བརྒྱུད་ནས་འཁྲབ་སྟོན་པ་རྣམས་ཀྱིས་བོད་མིའི་ངོ་བོའི་ཕྱུག་པོ་དེ་རྒྱལ་སྤྱིའི་མི་མང་ལ་གཟི་བརྗིད་ངང་བསྟན་ཡོད།དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ཅེག་གི་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ་མ་ཟད་བཀའ་སློབ་གསུངས་བཤད་གནང་བ་ལ་བོད་ཀྱི་ཟློས་གར་ཚོགས་པ་དང་བོད་མིའི་ངོ་ཚབ་ཞུས་ཏེ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས། དེ་བཞིན་དེ་རིང་དངོས་སུ་ཕེབས་ཡོད་པའི་སྐུ་མགྲོན་དང་མང་ཚོགས་ཡོངས་ལ་འཚམས་འདྲི་དང་བོད་ཀྱི་ཟློས་གར་ཚོགས་པའི་ལོ་རྒྱུས་སྙིང་བསྡུས་དང་ད་རེས་ཡུ་རོབ་ཁུལ་དུ་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་ཞུ་དགོས་པའི་དམིགས་ཡུལ་བཅས་ངོ་སྤྲོད་ཞུས་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་དང་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས།



དེ་རིང་ཅེག་གྱི་རྒྱལ་ས་པེག་གི་གྲོས་ཚོགས་ལྡུམ་རྭའི་ནང་མི་གྲངས་ ༣༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་དེའི་ནང་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གོང་ཞུས་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་ཅིག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་གྱི་སྐུ་ཚབ། སློབ་གྲྭ་ཆེན་མོའི་སློབ་ཕྲུག བོད་མི་མང་ཚོགས་ཀྱི་ཚོགས་མི། ས་གནས་ཅེག་མི་སེར་བཅས་ཚུད་ཡོད། མི་འབོར་མང་པོས་མཉམ་ཞུགས་བྱས་པ་དེས་ཅེག་སྤྱི་ཚོགས་ནང་བོད་ལ་དོ་སྣང་དང་རྒྱབ་སྐྱོར་ཟབ་མོ་ཡོད་པ་མཚོན་ཡོད་ཅིང་། མཉམ་ཞུགས་པ་མང་པོ་ཞིག་གིས་བོད་ཀྱི་འཚེ་མེད་འཐབ་རྩོད་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དར་སྤེལ་གནང་བའི་སྙིང་རྗེའི་ལྟ་གྲུབ་ལ་གུས་བརྩི་ཆེན་པོ་བྱེད་བཞིན་ཡོད་འདུག
བོད་ཀྱི་ཟློས་གར་ཚོགས་པས་ལོ་ངོ་ཉིན་ཤུ་རྩ་བཞིའི་རྗེསཅེག་སྤྱི་མཐུན་རྒྱལ་ཁབ་དུ་རིག་གཞུང་སྐོར་སྐྱོད་ཐུབ་པ་དེས་ཅེག་མི་མང་ལ་བོད་ནང་གི་གནས་སྟངས་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་བར་བརྒྱུད་བསྒྲགས་ཐུབ་པ་མ་ཟད། འཛམ་གླིང་སྟེང་རྒྱ་ནག་གཞུང་གི་ཆེད་དུ་མངགས་ནས་བོད་ཀྱི་རིག་གཞུང་བསྲེས་ལྷད་ཀྱིས་རྫུན་བཟོའི་འཁྲབ་སྟོན་ཁྱབ་སྤེལ་བྱེད་བཞིན་པ་ལ་དེ་དག་ལ་གདོང་ལེན་བྱ་རྒྱུར་ཕན་ཐོགས་བྱུང་ཡོད། གལ་ཆེ་ཤོས་ནི་ད་ལན་གྱི་འཁྲབ་སྟོན་དེ་བརྒྱུད་དེ་ཅེག་དང་བོད་མི་མང་གཉིས་བར་གྱི་འབྲེལ་བ་དམ་དུ་བཏང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ། བོད་མི་མང་གི་རྩ་བའི་རང་དབང་བཅས་ཀྱི་ཆེད་དུ་མཉམ་དུ་ལངས་རྒྱུའི་དམ་བཅའ་སླར་ཡང་གསར་དུ་བརྗོད་ཡོད།
མཐའ་དོན་དུ་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་སྐུ་མགྲོན་རྣམ་ལ་མཇལ་དར་དང་དྲན་རྟེན་ཕྱག་རྟགས་རེ་འབུལ་གནང་མཛད་ནས་མ་འོངས་མུ་མཐུད་རྒྱལ་སྤྱིའི་རིག་གཞུང་དུས་སྟོན་སྡིངས་ཆའི་ཐོག་ཅེག་སྤྱི་མཐུན་སྲིད་གཞུང་ནས་བོད་ཀྱི་ཟློས་གར་ཚོགས་པ་གདན་ཞུ་ཡོང་བའི་རེ་བསྐུལ་ཞུས།
TIPA performs in Prague, Czech Republic
Tibetan Institute of Performing Arts (TIPA) performed in Prague on 22nd May 2026 showcasing Tibet’s rich artistic heritage while drawing international attention to the preservation of Tibetan identity and culture.
The event took place in the historic parliamentary gardens of the Czech Republic and was attended by senior Czech officials, academics, Tibet supporters, members of civil society, and hundreds of local residents. More than 300 people participated in the gathering, reflecting continued Czech support for Tibet and its people.


Among the distinguished guests were the Vice President of the Czech Parliament, members of the Czech Parliamentary Tibet Support Group, representatives from research institutions, and officials from civil society organizations. Also present were representatives from the Office of Tibet in Switzerland, which helped organize the cultural tour.
TIPA artists performed traditional Tibetan opera, folk dances, and musical presentations, including the renowned Ache Lhamo opera tradition. The performances highlighted Tibet’s centuries-old cultural heritage and emphasized the uniqueness of Tibetan artistic identity.
Speaking before the performance, senior Czech parliamentary leaders welcomed the Tibetan delegation and reaffirmed the Czech Republic’s longstanding support for the Tibetan people and His Holiness the Dalai Lama. They stressed the importance of preserving Tibetan culture, language, and religious freedom.



Representatives from the Office of Tibet noted that the event carried significance beyond cultural entertainment. They stated that the performance came at a time when Tibetan identity, language, religion, and cultural traditions continue to face increasing restrictions under Chinese government policies in Tibet.
Speakers also recalled the historic friendship between former Czech President Vaclav Havel and His Holiness the Dalai Lama, describing it as a relationship grounded in shared values of truth, democracy, compassion, and human dignity. Reference was also made to recent meetings between Czech President Petr Pavel, His Holiness the Dalai Lama, and leaders of the Central Tibetan Administration during the president’s visit to India, which organizers described as an important gesture of solidarity with the Tibetan people.
Organizers said the Prague performance served as a response to attempts by Beijing to portray Tibetan culture as part of Chinese culture. By presenting authentic Tibetan opera and traditional performing arts through artists living in exile, TIPA sought to demonstrate the independent and historic character of Tibetan civilization.



The Director of TIPA thanked the Czech Parliament, organizers, and attendees for their support and hospitality. He also introduced the history and mission of the Institute and explained the objectives of the troupe’s ongoing European cultural tour.
Audience members included parliamentarians, students, non-governmental organizations, members of the Tibetan diaspora, and Czech citizens. Many participants expressed admiration for Tibet’s nonviolent struggle and for the His Holiness’s message of compassion and peace.


Organizers said the event helped strengthen ties between the Czech and Tibetan peoples while reaffirming a shared commitment to human rights, freedom, and the preservation of Tibetan cultural heritage.
At the conclusion of the program, TIPA representatives presented ceremonial Tibetan scarves and commemorative gifts to honored guests and expressed hope for future cultural collaborations and invitations to international festivals in the Czech Republic.














