འདི་ལོ་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེ་ལོ་སྲུང་བརྩི་དང་འབྲེལ་སུད་སི་དོན་ཁང་ཁྱབ་ཁོངས་རྒྱལ་ཁབ་ཁག་ལྔའི་ནང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་འོག སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་དགེ་རྒན་དང་སྒྱུ་རྩལ་བ་ཁྱོན་བསྡོམས་ ༢༦ གི་སྐོར་སྐྱོད་ལས་རིམ་མཐའ་མ་དེ་སུད་སིར་ལེགས་གྲུབ་རྗེས་ཕྱི་ཚེས་ ༢ ཉིན་སུད་སིར་ནས་ཨིན་ཡུལ་དོན་ཁང་གི་མགྲོན་འབོད་དང་སྒྲིག་མཐུན་འགྱུར་འོག་སུས་སི་རྒྱལ་ས་ Zurich ནས་ཨིན་ཡུལ་དུ་ཕྱིར་ཐོན་གྱིས་གནམ་ཐང་དུ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་དང་བསྟན་འཛིན་ནམ་མཁའ་རྣམ་གཉིས་དང་། ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ས་དང་དངས་བླངས་ཞབས་ཞུ་བཅས་ནས་ཕེབས་བསུ་རྗེས། ཨིན་ཡུལ་དུ་གཏན་གཞི་ཆགས་པའི་བཀའ་བརྒྱུད་བསམ་ཡས་རྫོངས་ཀྱི་ཆོས་ཚོགས་ནང་ཨིན་ཡུལ་སྐུ་ཚབ་དོན་གཅོད་མཆོག་སྐོུ་ཚེ་རིང་དབྱངས་སྐྱིད་ལགས་ནས་ཕེབས་བསུའི་མཇལ་དར་འཚམས་འདྲིའི་གསུང་བཤད་གནང་། ཕྱི་ཚེས་ ༣ ཉིན་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་དང་མཐུན་འགྱུར་འོག་ Oxford གཙུག་ལག་སློབ་གཉེར་ཁང་གི་ Wolfson College གྱི་ Himalayan Suudies Centre གྱི་སློབ་དཔོོན་བླ་མ་སྐྱབས་ལགས་དང་ Dr. Thupten Kelsang, AHRC Early Carrer Research Fellow, Aisis Department, Victorrai & Albert Museum, London Kensington གཙོས་པའི་གཙུག་ལག་ཁང་གི་སློབ་དཔོན་དང་སློབ་མ་འདུ་འཛོམས་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་འཁྲབ་སྟོན་ཞུ་སྐབས་ཚང་མས་ཡིད་རང་བསྔགས་བརྗོད་གནང་། ཕྱི་ཚེས་ ༥ ཉིན་ཨིན་ཡུལ་དོན་ཁང་དང་ཨིན་ཡུལ་བོད་རིགས་མི་མང་གི་གི་གོ་སྒྲིག་འོག་ཨིན་ཡུལ་ Woolwich Works ཚོགས་ཁང་ནང་རིག་གཞུང་འཁྲབ་སྟོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་གྷི་རིན་ལྦི་ཆི་རྗེ་ས་ཁུལ་གྱི་སྤྱི་ཁྱབ་ Councillor David Gardner, Mayor of the Royal Borough of Greenwich གཞན་ཡང་སྐུ་མགྲོན་ Ms. Averill Ogden & Mr. Winstson Ginsberg, longtime Tibet supporters, Dr. Desmond Bidduplph, CBE, President of the Buddhist Society UK, Mr. Sonam Tsering, Frasi, Former Representative of His Holiness the Dalai Lama at the Office of Tibet London, Ms. Rowena Field & Nick Bulloch, Board of Trustees, Tibet Relief Fund, Mr. Daniel Russeil, Chair of the Board of Trustee-Tibet Relief Fund, Ms. Rahima Mahmut, Director of World Uyghur Congress London office, Lady Mohini Kent Noon, Global Envoy in the UK of the International Buddhist Confederation (IBC) and Founder Cahirperson of Lily Against Human, Trafficking charity,
Frances C.Cutler and Jonathan M. Cutler, family of the late Sir Basil Gould.
ཨིན་ཡུལ་སྐུ་ཚབ་དོན་གཅོད་མཆོག་ནས་གསུང་བཤད་ནང་ཐེངས་འདིའི་བོད་ཀྱི་ཟློས་གར་ཚོགས་པ་ནི་བོད་ཀྱི་རིག་གཞུང་གཅེས་འཛིན་བྱེད་མཁན་གྱི་སྒྱུ་རྩལ་ལྟི་གནས་ཁང་ཡིན་པ་སོང་རིག་གཞུང་སྲུང་སྐྱོབ་དང་བདག་གཅེས་མཚོན་དོན་ལྡན་པ་ཞིག་ཡིན། ད་རེས་བོད་ཀྱི་ཟློས་གར་ཚོགས་པ་ཨིན་ཡུལ་དུ་རིག་གཞུང་འཁྲབ་སྟོན་སྐོར་སྐྱོད་ལས་རིམ་དེ་ཡང་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་གྲངས་ཉུང་མི་རིགས་གཞན་དག་གི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐབས་དང་ཁེལ་ཡོད་པ་གསལ་འདོན་གནང་། དེ་འདྲའི་གནས་སྟངས་འོག་བོད་ཀྱི་ཟློས་གར་ཚོགས་པ་ནི་སོ་སོའི་ཕ་མེས་ནས་བརྒྱུད་པའི་ཟློས་གར་སྒྱུ་རྩལ་དང་སྐད་ཡིག་སྲོལ་རྒྱུན་བཅས་གཅེས་འཛིན་དང་རྒྱུད་བསྒྲགས་ཀྱིས་བོད་མིའི་ངོ་བོའི་སྲུང་སྐྱོབ་དང་དར་སྤེལ་གྱི་རྣམ་པ་མཚོན་པའི་རིག་གཞུང་གི་སྐུ་ཚབ་དང་འཚོ་གནས་ཀྱི་མཚོན་བྱེད་ནུས་ལྡན་ཞིག་ཡིན་པར་གསུངས། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ད་རེས་སྐོར་སྐྱོད་འདི་བརྒྱུད་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བཅའ་བཞུགས་བོད་རིགས་དང་སྒོས་སུ་ཕྱི་རྒྱལ་མི་རིགས་ཚོར་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་ངོ་སྤྲོད་དང་འཁྲབ་སྟོན་བརྒྱུད་དེ་རྒྱལ་སྤྱིའི་ནང་རྒྱུད་བསྒྲགས་དང་། འདས་པའི་ལོ་ངོ་ ༦༧ རིང་ལ་བོད་ཀྱི་ཟློས་གར་ཚོགས་པས་རང་གི་ཕ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་རོལ་དབྱངས་དང་། རྐང་བྲོ་གྲུ་གཞས། ལྷ་མོ་དང་གཏམ་བརྗོད་སོགས་གསོན་ཉར་བྱེད་པར་འབད་བརྩོན་བྱས་ཡོད། བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་ངན་བྱུས་གཏིང་ནས་རིག་གཞུང་རྩ་མེད་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱེད་བཞིན་པ་བརྟེན། འཁྲབ་སྟོན་རེ་རེ་རིག་གཞུང་སྲུང་སྐྱོབ་ཀྱི་བྱ་བ་ཞིག་ཡིན། སྐོར་སྐྱོད་ལས་རིམ་འདི་ཨིན་ཡུལ་དུ་གཟིགས་འབུལ་ཐུབ་པ་ནི་དགའ་སྤྲོ་དང་འགན་འཁྲི་གཉིས་ཀ་ཡིན། བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་དང་གཏམ་བརྗོད་སོགས་འཁྲབ་སྟོན་དེའི་རིང་ལ་། མ་མིང་རྣམས་ལ་སྲོལ་རྒྱུན་གྱི་འཁྲབ་སྟོན་གསོན་ཉམས་ལྡན་པ་དང་། བོད་མིའི་ཕྲུ་གུ་ཚོར་རང་གི་ནང་མི་དང་ཁ་བྲལ་ཏེ་རྒྱ་ནག་གི་མི་སེར་སྤེལ་བའི་སློབ་གྲྭར་བཅུག་པའི་ཉམས་མྱོང་མཚོན་པའི་ཟློས་གར་ནུས་ལྡན་ཞིག་བསྟན་ཡོད། མི་མང་གི་རྣམ་འགྱུར་ལ་ཁྱད་པར་ཆེན་པོ་བྱུང་བ་དེས་གནས་ཚུལ་མང་པཞིག་བསྟན་ཡོད། སྲོལ་རྒྱུན་གྱི་ཞབས་བྲོ་དང་གླུ་གཞས་ལ་དགའ་མོས་ཆེན་པོས་ཐལ་མོ་རྡེབ་པ་དང་། སྐད་སྒྲ་སྒྲོག་པ། དགའ་སྟོན་བྱེད་པ་བཅས་བྱུང་ཡོད། འོན་ཀྱང་བོད་ནང་གི་དངོས་ཡོད་གནང་སྟངས་སྐོར་གཏམ་བརྗོད་སྟོན་སྐབས་མི་མང་པོས་མིག་ཆུ་བཞིན་པར་ལྟ་བཞིན་དུ་སྒྲུང་གིས་དེ་རིང་བོད་ཕྲུག་དང་ཁྱིམ་ཚང་སྟོང་ཕྲག་མང་པོས་མྱོང་བཞིན་པའི་ན་ཟུག་གི་དངོས་ཡོད་གནས་ཚུལ་བསྟན་ཡོད། གཟིགས་མོ་བ་ཞིག་གིས་དགོང་མོའི་ངོ་བོ་དེ་ཡིག་ཐོག་ཏུ་དཔྱད་བརྗོད་ནང་བསྡུས་ཡོད། “ངས་གཟའ་པ་སངས་ཉིན་གྱི་དགོང་མོར་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་ལ་དགའ་པོ་བྱུང་། དེ་ནི་ཡིད་དབང་འཕྲོག་པ་དང་བརྗེད་དུ་མེད་པ་ཞིག་རེད། གཏིང་ཟབ་པོ་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ཟློས་གར་ཚོགས་པའི་ལས་དོན་གྱི་རིན་ཐང་གསལ་པར་བསྟན་ཡོད། “
འཁྲབ་སྟོན་ལེགས་གྲུབ་རྗེས་སུ་ལོན་ཌོན་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ལོབ་ཌོན་ནང་འཁྲབ་སྟོན་བྱེད་ཐུབ་པ་དེ་སྒྲིག་འཛུགས་དང་མི་སྒར་མང་པོའི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་དེར་བཀའ་དྲིན་ཞུས་ཡོད། ཁོང་གིས་ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་ལགས་དང་། ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་དང་དང་བླངས་པ་བཅས་ཚུད་ཡོད། དེ་བཞིན་ Ms. Pema Yuko, Ms. Jane Rasch, Ms. Eleanor Byme-Rosengren, the Tibet Relied Fund and Free Tibet སོགས་ལ་ཐུགས་རྗེ་ཆེ་ཞུས་ཡོད།
ཕྱེ་ཚེས་ ༧ ཉིན་ཨིན་ཡུལ་དོན་ཁང་དང་ཨིན་ཡུལ་བྱང་ཕྱོགས་ལི་ལྦར་པུར་ Liverpool བཅའ་བཞུགས་བོད་རིགས་མི་མང་གི་འཐུས་མི་དང་མང་ཚོགས་ནས་མཐུན་འགྱུར་འོ་ཆེས་སྙན་གྲངས་ཆེ་བའི་ National Institution World -Liverpool གྱི་ཚོགས་ཁང་ནང་གདན་ཞུའི་སྐུ་མགྲོན་གཙོ་བོ་ Dr. Askley Cooke, Head of Wolr Museum and lead curator for Antiquities, Dr. Emma Martin, Megha Backhouse, lead curator (world cultures). World Museums Liverpool ཨིན་ཡུལ་དོན་ཚབ་དོན་གཅོད་དང་ཕྱི་རྒྱལ་དང་བོད་མི་བཅས་ཚོགས་ཁང་ཆ་ཚང་འདུ་འཛོམས་སར་ཐོག་མ་ཨིན་ཡུལན་གཅོས་མཆོག་ནས་དགའ་བསུའི་འཚམས་འདྲི་དང་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ཟློས་གར་ངོ་སྤྲོད་དང་སྐོར་སྐྱོད་ལས་རིམ་གྱི་དགོས་པ་དམིགས་ཡུལ་སོགས་གསལ་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུ་སྐབས་གཟིགས་མོ་ཚང་མའི་ཡིད་རངས་བསྔགས་བརྗོད་ཀྱིས་ཐལ་སྒྲ་སྒྲོག་ནས་དགའ་བསུ་ཞུས། ཨིན་ཡུལ་སྐོར་སྐྱོད་ལས་རིམ་ནང་ནས་རྒྱལ་ཁབ་ཀྱི་ཆེས་སྙན་གྲགས་ཆེ་བའི་ལས་ཁུངས་ཤིག་ཏུ་འཁྲབ་སྟོན་ཞུ་ཐུབ་པ་བྱུང་ཡོད། ལི་ལྦར་པུལ་གྱི་འཁྲབ་སྟོན་འདི་ནི་འཛམ་གླིང་འགྲེམས་སྟོན་ཁང་གི་འཛམ་གླིང་རིག་གནས་གྱི་སྣེ་ཁྲིད་པ་སྐུ་ཞབས་མི་གྷན་བྷེག་ཁའོ་སི་དང་། དབྱིན་ཇེའི་ V&A འགྲེམས་སྟོན་ཁང་གི་སྨན་པ་ཐུབ་བསྟན་སྐལ་བཟང་ལགས་རྣམ་གཉིས་ཀྱི་མཉམ་འབྲེལ་གྱིས་མཐུན་འགྱུར་གནང་འདུག འཁྲབ་སྟོན་རྗེས་གཟིགས་མོ་བ་ཞིག་ནས་འདི་ལྟར་བརྗོད་དོན། “དེ་ནི་སྙིང་རྗེ་འཁྲབ་སྟོན་ཞིག་ཏེད། འཛམ་གླིང་འགྲེམས་སྟོན་ཁང་འདིར་མི་ཚོས་ད་དུང་དེའི་སྐོར་གླེང་བཞིན་འདུག”
ཕྱི་ཚེས་ ༨ ཉིན་ཨིན་ཡུལ་དུ་གཏན་གཞི་ཆགས་པའི་ Free Tibet དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་སྦྲེལ་ཐོག་བོད་ཀྱི་རིག་གཞུང་ཁྱབ་སྤེལ་དང་གོ་རྟོགས་ཆེད་ཨིན་ཡུལ་རྒྱལ་ས་ London ནང་ཆེས་སྙན་གྲགས་ཆེ་བའི་ London Tower Bridge and Millenium Bridge ཕྱི་ལོའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཟམ་པའི་སྟེང་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་རིག་གཞུང་གཞས་སྣ་དང་ཤར་འཆམ་བཅས་འཁྲབ་སྟོན་གྱིས་ཆེད་ལས་པར་པ་རུ་ཁག་གིས་བརྙན་བླངས་པའི་ཕྱི་རོལ་གྱི་འཁྲབ་སྟོན་འདིས་ཡུལ་སྐོར་བ་དང་མི་མང་བརྒྱ་ཕྲག་མང་པོའི་དོ་སྣང་འགུག་པ་རེད། མི་མང་པོ་འགོག་ནས་བལྟས་པ་དང་དྲི་བ་འདྲི་པ་བཅས་ཀྱིས་བོད་ཀྱི་རིག་གཞུང་ལ་དོ་སྣང་དང་རྒྱུད་བསྒྲགས་ཐབས་ལམ་ཞིག་གིས་ཐོག་ནས་སྙན་དཔར་པྱོགས་སྒྲིགས་ཀྱིས་མ་འོངས་པ་བོད་ཀྱི་རིག་གཞུང་རྒྱུད་བསྒྲགས་དང་གོ་རྟོགས་སླད་རྒྱུད་བསྒྲགས་སླད་པར་ལེན་ཞུས། དེ་ཉིན་དགོང་དྲོ་ཨིན་ཡུལ་བོད་རིགས་ཚོགས་པའི་ངོས་ནས་ཕེབས་སྐྱེལ་གསོལ་སྟོན་རྒྱས་པ་གནང་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་ད་རེས་བོད་ཀྱི་ཟློས་གར་ཚོགས་ཨིན་ཡུལ་དུ་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་སླད་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་མཐུན་འགྱུར་དང་ཨིན་ཡུལ་བོད་རིགས་ཚོགས་པ་དང་གཞན་ཡང་རིག་གཞུང་དགའ་ཆེན་དང་རྒྱབ་སྐྱོར་གནང་མཁན་དངས་བླངས་པ་ཆ་ཚང་ལ་ལེགས་གསོལ་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་དྲན་རྟེན་ཕྱགས་རྟགས་རེ་འབུལ་ནས་ཚང་མར་ཐུགས་རྗེ་ཆེ་ཞུས།
ད་རེས་སྐོར་སྐྱོད་ལས་རིམ་དེ་དག་ཨིན་ཡུལ་དུ་མི་ལོ་ ༢༢ རྗེས་དངོས་སུ་ངོ་བཅར་ཐུབ་ནས་བོད་ཀྱི་གནའ་བོའི་རིག་གཞུང་དང་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་རྟོགས་སླད་གཏམ་བརྗོད་བཅས་བོད་རིགས་གཙོ་བོར་བསྒྱུར་བའི་ཆེས་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་དང་འགྲེལས་སྟོན་ལྟེ་གནས་ཁང་དུ་སློབ་དཔོན་དང་སློབ་ཕྲུག ཉམས་ཞིབ་པ་དང་ཕྱི་རྒྱལ་མི་རིགས་གང་ཙམ་ལ་བོད་ཀྱི་རིག་གཞུང་ངོ་སྤྲོད་དང་རྒྱུད་བསྒྲགས་ཞུ་རྒྱུའི་གོ་སྐབས་བཟང་པོ་བྱུང་། ད་རེས་སྐོར་སྐྱོད་འདི་བལྟ་སྐོར་ཙམ་མ་ཡིན་པར་ལམ་ལྷོང་ཆེན་པོ་བྱུང་ཡོད། དེས་བོད་མི་ཚོར་རང་ཉིད་ཀྱི་ཤུག་བཞག་རིག་གཞུང་གི་མཛེས་སྡུག་དང་ཕུན་སུམ་ཚོགས་པའི་རིན་ཐང་ལ་བསྐྱར་དུ་འབྲེལ་བ་བྱེད་པར་སྐུལ་མ་ཐེབས་ཡོད། དེས་རྒྱལ་སྤྱིའི་མི་མང་ལ་བོད་དོན་གྱི་འཐབ་རྩོད་ད་དུང་སེལ་ཐུབ་མེད་པ་དྲན་གསོ་བཏང་ཡོད། དེས་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོའི་དབར་གྱི་འབྲེལ་བ་ཇི་བརྟན་དུ་བཏང་མ་མ་ཟད། ་མི་རབས་གསར་པ་ཚོར་བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་ནུས་ཤུགས་དང་མཛེས་སྡུག་ངོ་སྤྲོད་བྱས་ཡོད།
བོད་ཀྱི་ཟློས་གར་ཚོགས་པ་འདི་བོད་ཕྱི་ནང་གཉིས་ཀྱི་རིག་གཞུང་གཅེས་འཛིན་བྱེད་མཁན་གྱི་སྒྱུ་རྩལ་ལྟི་གནས་གལ་ཅེ་ཞིག་སོང་དེ་དག་མུ་མཐུས་རྒྱུན་གནས་དང་སྲ་བརྟན་ཡོང་ཐབས་སུ་ད་ཡོད་དགེ་ལས་དང་སྒྱུ་རྩལ་བ་གསོ་ཉར་ཆེད་དཔལ་འབྱོར་རྒྱལ་གཉེར་དགོས་མཁོ་ཆེ་བར་བརྟེན་ཕྱི་རྒྱལ་དུ་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་བརྒྱུད་རིམ་ཐོག་སྤྱི་སྒེར་གཉིས་ཀར་ཕན་ཐོགས་རྦལས་ཆེན་ཡོང་རྒྱུ་སྨྲོས་མེད་སོང་། ད་རེས་སུད་སི་དོན་ཁང་དང་ཨིན་ཡུལ་དོན་ཀང་གཙོས་པའི་ཁྱབ་ཁོངས་བོད་རིགས་ཚོགས་པ་དང་སྒོས་སུ་མི་མང་ནས་ཚད་མཐོའི་རྒྱབ་སྐྱོར་གནང་བ་དེས་འདི་གའི་འགོ་ལས་དང་སྒྱུ་རྩལ་བ་ཡོངས་ལ་སེམས་ཤུགས་དང་སྤོབས་པ་གསར་པ་ཞིག་སྐྲུན་ཐུབ་པ་བྱུང་སོང་།
TIPA’s Foreign Tour Program Concludes Successfully in England
Following the successful completion of the tour across five countries under the Swiss Office of Tibet’s jurisdiction, the final program — led by TIPA’s Director with a total of 26 members including the Artistic Director, instructors, and performers — moved to England. On the 2nd, the group departed from Zurich to England under the invitation and coordination of the Office of Tibet London, where they were received at the airport by the Office’s Secretary Tenzin Kunga and Tenzin Namkha, along with the President, standing members, and volunteers of the UK Tibetan Community. They were then welcomed by the Representative of the Office of Tibet London, Tsering Yangkyi, at the Kagyu Samye Dzong Centre based in England.
On the 3rd, under the arrangement of the Office of Tibet London, TIPA performers gave a cultural performance before an audience of faculty and students at Wolfson College’s Himalayan Studies Centre, University of Oxford, hosted by Lama Kyab and Dr. Thupten Kelsang, AHRC Early Career Research Fellow, Asia Department, Victoria & Albert Museum, London Kensington. The performance was met with great appreciation.
On the 5th, under the organization of the Office of Tibet London and the UK Tibetan Community, a cultural performance was held at Woolwich Works venue in London. Distinguished guests included Councillor David Gardner, Mayor of the Royal Borough of Greenwich; Ms. Averill Ogden and Mr. Winston Ginsberg, longtime Tibet supporters; Dr. Desmond Biddulph CBE, President of the Buddhist Society UK; Mr. Sonam Tsering Frasi, Former Representative of His Holiness the Dalai Lama at the Office of Tibet London; Ms. Rowena Field and Nick Bulloch, Board of Trustees, Tibet Relief Fund; Mr. Daniel Russell, Chair of the Board of Trustees, Tibet Relief Fund; Ms. Rahima Mahmut, Director of the World Uyghur Congress London office; Lady Mohini Kent Noon, Global Envoy in the UK of the International Buddhist Confederation and Founder Chairperson of Lily Against Human Trafficking charity; and Frances C. Cutler and Jonathan M. Cutler, family of the late Sir Basil Gould.
In her address, the Representative of the Office of Tibet London noted that TIPA is an institution that preserves Tibetan cultural heritage and is a meaningful symbol of cultural protection and stewardship. She emphasized that TIPA’s cultural tour to England comes at a time when the Chinese government is actively implementing policies to erase the identities of Tibetans, Uyghurs, and other minority peoples. In such circumstances, TIPA — by preserving and transmitting the performing arts, language, and traditions inherited from its ancestors — stands as a powerful living symbol of Tibetan identity and cultural continuity. TIPA’s Executive Director Dhondup Tsering added that through this tour, TIPA has introduced Tibetan culture’s richness to Tibetan diaspora communities and international audiences, and that for 67 years, TIPA has worked diligently to preserve traditional music, dance, folk songs, Lhamo, and storytelling. With the Chinese government’s deep-rooted plan to erase Tibetan language, religion, and culture inside Tibet, every performance becomes an act of cultural preservation. Bringing this tour to England is both a privilege and a responsibility.
During the performance, TIPA artists presented cultural songs and storytelling. The audience experienced vibrant traditional performances, as well as a powerful dramatic portrayal of the reality of Tibetan children being separated from their families and placed in Chinese state-run boarding schools — a deeply moving depiction that visibly affected the audience. The traditional dances and songs were met with enthusiastic applause, cheers, and celebration, while the storytelling about the actual situation inside Tibet moved many audience members to tears, conveying the painful reality being experienced today by countless Tibetan children and families. One audience member captured the evening in a written review: “I really enjoyed Friday evening’s performance by the Tibetan Institute of Performing Arts. It was captivating and unforgettable — deeply meaningful, and it clearly illustrated the value of TIPA’s work.”
Following the performance, Office of Tibet London Secretary Tenzin Kunga expressed gratitude for the opportunity to perform in London, made possible through organizational support and the contributions of many individuals — including UK Tibetan Community President Phuntsok, standing committee members and volunteers, as well as Ms. Pema Yuko, Ms. Jane Rasch, Ms. Eleanor Byrne-Rosengren, the Tibet Relief Fund, and Free Tibet.
On the 7th, under the coordination of the Office of Tibet London and the UK Tibetan Community in Liverpool, a performance was held at the prestigious National Museums Liverpool — World Museum. Chief guests included Dr. Ashley Cooke, Head of World Museum and Lead Curator for Antiquities, and Dr. Emma Martin and Megha Backhouse, Lead Curator (World Cultures), World Museums Liverpool. The Office of Tibet Representative opened with a welcome address, followed by TIPA’s Director presenting an introduction to the institute and the tour’s purpose. The subsequent cultural performance was warmly received with enthusiastic applause. This was one of the most prestigious institutions in the country to host a performance during the England tour, made possible through the collaboration of Megha Backhouse of World Museums Liverpool and Dr. Thupten Kelsang of the V&A Museum. One audience member afterwards remarked: “It was a moving performance. People here at the World Museum are still talking about it.”
On the 8th, in collaboration with Free Tibet and TIPA, a public outdoor performance was staged on London’s iconic Tower Bridge and Millennium Bridge — a historic landmarks over a thousand years old — to promote awareness of Tibetan culture. TIPA artists performed folk songs and Cham dance, which was filmed by professional camera crews. The outdoor performance attracted the attention of hundreds of tourists and passersby, with many stopping to watch and ask questions. Photographs were taken to support future promotion and awareness of Tibetan culture internationally.
That evening, the UK Tibetan Community hosted a farewell dinner during which TIPA expressed warm thanks and presented ceremonial scarves and mementos to the Office of Tibet London, the UK Tibetan Community, and all volunteers and supporters who made the cultural tour possible.
After 22 years, this tour marked TIPA’s direct return to England — a valuable opportunity to introduce Tibetan heritage and the realities inside Tibet through performances and storytelling to faculty, students, researchers, and international audiences at some of the country’s most prestigious universities and exhibition centers. This tour was far more than a cultural visit — it yielded profound outcomes. It reconnected Tibetans with the beauty and richness of their own inherited culture. It reminded international audiences that the Tibetan struggle remains unresolved. It strengthened bonds between Tibetans and their supporters, and introduced a new generation to the power and beauty of Tibetan performing arts. TIPA has proven itself an indispensable cultural institution for both Tibetans inside and outside Tibet, and sustaining it — its programs, performers, and financial needs — through international cultural tours clearly brings immense benefit to all. The exceptional support received from the Swiss Office of Tibet, the Office of Tibet London, affiliated Tibetan community organizations, and the general public has renewed the energy and confidence of the leadership and performers alike.

























