བོད་ཀྱི་ཟློས་གར་ཚོགས་པའི་ཡོ་རོབ་ཀྱི་སྐོར་སྐྱོད་འཁྲབ་སྟོན་གྱི་ལས་རིམ་འགྲོ་མུས་ཡིན་པ་ལྟར་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༤ ཉིན་སུད་སི་སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲིལ་བསྒྲགས་ལས་འཛིན་ཕུན་ཚོགས་སྟོབས་རྒྱས་ལགས་ནས་སྣེ་ཤན་།མཐུན་སྦྱོར་གནང་བའི་འོག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་དགེ་རྒན། སྒྱུ་རྩལ་བ་བཅས་ཁྱོན་མི་གྲངས་ ༢༦ འཇར་མན་གྲོང་ཁྱེར་ Frankfurt ནས་ཕྱིར་ཐོན་གྱིས་ཨསྟྲེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཝི་ནཱ་རུ་བསྐྱོད་དེ་ཕྱི་ཚེས་ ༩ ཉིན་གྱི་དགོང་དྲོའི་ཚོུད་ ༧ ཐོག་དེ་གའི་ཚོགས་ཁང་ཆེན་མོའི་ནང་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་སྐྱོབ་ (Save Tibet) ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ (Ms. Zimmermann Elisabeth ལགས་དང་། Ms. Mag Hushik Andrea, Panchen Losang Choyen Gelug Center, Prof. Gerhard Weissgrab President OBR སུད་སི་དོན་གཅོད་སྐོུ་འཕྲིན་ལས་ཆོས་སྐྱིད་ལགས། དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲིལ་བསྒྲགས་ལས་འཛིན་ཕུན་ཚོགས་སྟོབས་རྒྱས་ལགས། ཨསྟྲེ་ཡ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་གསར་རྙིང་རྣམ་པ་དང་། དེ་བཞིན་དེ་གའི་ས་གནས་ཀྱི་བོད་མི་བཅས་ཁྱོན་མིང་གྲངས་ ༣༥༠ ལྷག་ཙམ་འདུ་འཛོམས་སར་བོད་ཀྱི་ཟློས་གར་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་གཞས་སྣ་དང་། ལྷ་གཞུང་རྒྱ་བཟའ་དང་བལ་བཟའ་གཟིགས་འབུལ་ཞུས། རིག་གཞུང་གཞས་སྣ་དང་ལྷ་གཞུང་གི་ནང་དོན་རྣམས་བོད་སྐད་དང་འཇར་མར་སྐད་ཡིག་གཉིས་ཀའི་ཐོག་སྙན་སྒྲོན་ཞུས་ཡོད་པས། སྐུ་མགྲོན་དང་གཟིགས་མོ་ཡོངས་ནས་ཚོར་སྣང་ཆེན་པོས་གསན་གཟིགས་གནང་བ་མ་ཟད། བོད་ཀྱི་རིག་གཞུང་ཕྱུག་པོ་དང་ཁུངས་ལྡན་ཡོད་པར་ཡིད་ཆེས་དང་། ས་གནས་ཀྱི་བོད་རིགས་གཞོན་སྐྱེས་མང་དག་ཅིག་ཕེབས་ཡོད་པ་རྣམས་ཀྱིས་ཀྱང་དམིགས་བསལ་དོ་སྣང་དང་དགའ་སྤྲོའི་ཚོར་སྣང་ཆེན་པོའི་སྒོ་ནས་རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་ཡོང་བའི་རིག་གཞུང་བཟང་པོ་དེ་དག་ལ་དངོས་སུ་ལྟ་ཉན་ཐུབ་པ་དེས་སེམས་ནང་བག་ཆགས་དང་སེམས་འགུལ་གསར་པ་ཞིག་སྐྱེས་ཐུབ་པའི་ཚོར་བ་སྟོན་མཁན་ཡང་མི་ཉུང་བ་ཞིག་བྱུང་སོང་།
༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཆེད་ཁུལ་དེར་ཆིབས་བསྒྱུར་བསྐྱངས་ཡོད་པའི་སྐལ་བཟང་གི་གོ་སྐབས་དེ་བཟུང་སྟེ་སུད་སི་སྐུ་ཚབ་དོན་ཁང་དང་ཨསྟྲེ་ཡ་བོད་རིགས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ཞལ་བཞེས་བསྩལ་གནང་ལྟར་ཆིབས་བསྒྱུར་གནང་བ་ཞིག་ཆགས་ཡོད་ཅིང་། འཁྲབ་སྟོན་གྱི་ཐོག་མར་ཨསྟྲེ་ཡ་བོད་རིགས་ཚོགས་པའི་ཚོགས་གཙོ་ཀུན་དགའ་ལགས་ནས་འཚམས་འདྲི་དང་བོད་ཀྱི་ཟློས་གར་ཚོགས་པ་དེ་གའི་སགནས་སུ་སྐོར་སྐྱོད་འཁྲབ་སྟོན་ཞུ་རྒྱུའི་ལས་རིམ་ཐོག་ངོ་སྤྲོད་གསུང་བཤད་གནང་། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ད་རེས་བོད་ཀྱི་ཟློས་གར་ཚོགས་པ་ས་གནས་སུ་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་སྐབས་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་མཆོག་ལ་གོ་སྒྲིག་ཞུ་མཁན་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་སྐུ་ངལ་འཛེམས་མེད་ཐོག་ཞབས་གསོར་བཀྲིན་བསྐྱངས་གནང་བ་ནི་སྒྱུ་རྩལ་བ་དང་མི་མང་ཡོངས་ལ་སྐལ་པ་བཟང་པོ་དང་བྱིན་རླབས་ཆེན་པོ་ཐོབ་པ་བྱུང་བར་བཀྲིན་ཆེ་ཞུ་བ་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པ་སུད་སི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་རྒྱལ་ཁག་ཁག་ཏུ་བཅར་དགོས་དོན་གསལ་བཤད་དང་། ཟློས་གར་ཚོགས་པའི་ངོ་སྤྲོད་སྙིང་བསྡུས་ཤིག་ཞུས། སུད་སི་སྐུ་ཚབ་དོན་གཅོད་སྐོུ་འཕྲིན་ལས་ཆོས་སྐྱིད་ལགས་ནས་འཚམས་འདྲི་དང་ད་རེས་བོད་ཀྱི་ཟློས་གར་ཚོགས་པའི་ཡོ་རོབ་ཁུལ་དུ་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་དེ་སུད་སི་བོད་རིགས་མི་མང་གཙོ་བོར་འགྱུར་བའི་ས་གནས་སོ་སོའི་བོད་རིགས་མི་མང་དང་མང་ཚོགས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་བརྟེན་ནས་མངོན་འགྱུར་ཐུབ་པ་བྱུང་ཡོད་པས་ཚང་མ་ལ་ཐུགས་རྗེ་ཆེ་ཞུས། དེ་རྗེས་ཁོང་གིས་དབྱིན་སྐད་ཐོག་ཕྱི་རྒྱལ་གནད་ཡོད་སྐུ་མགྲོན་ཁག་ཅིག་ལ་འཚམས་འདྲི་དང་ད་རེས་བོད་ཀྱི་ཟློས་གར་ཚོགས་པ་ས་གནས་ས་ཐོག་ཏུ་རིག་གཞུང་སྐོར་སྐྱོད་ཞུ་དགོས་པའི་དམིགས་ཡུལ་དང་དགོས་པ་སོགས་གསལ་བཤད་གནང་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་ཞབས་བསྐུལ་ཞུས་ཡོད།ད་ལན་གྱི་འཁྲབ་སྟོན་དེ་ནི་སུད་སི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་དང་ Austria རྒྱལ་ས་ Vennai དུ་ Austria བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་གསར་རྙིང་གཉིས་ནས་མཐུན་འགྱུར་རྒྱབ་སྐྱོར་འོག་མི་ལོ་ ༣༠ རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་དེ་གའི་ས་གནས་སུ་དངོས་བཅར་ཐུབ་པ་བྱུང་བ་བཞིན་དེ་གའི་ས་གནས་བོད་རིགས་མི་མང་ནས་སོ་སོའི་བོད་ཀྱི་གཅེས་ནོར་རིག་གཞུང་ལ་དགའ་ཞེན་དང་རྒྱབ་སྐྱོར་མཚོན་ཆེད་ Austria ས་ཕྱོགས་གང་ས་ནས་ཆེད་བཅར་གྱིས་འཁྲབ་སྟོན་གསན་གཟིགས་གནང་བར་ཕེབས་ཡོད། ད་ལོ་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེ་ལོ་སྲུང་བརྩི་དང་བསྟུན་སུད་སི་སྐུ་ཚན་དོན་ཁང་གོ་སྒྲིག་འོག་སུད་སི་དང་ Leintensien བོད་རིགས་མི་མང་གི་ཕར་འགྲོ་ཚུར་འོང་གི་གནམ་གྲུའི་གླ་མཐུན་འགྱུར་དང་། ས་གནས་སོ་སོའི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་མི་མང་བཅས་ཀྱི་ས་གནས་སུ་བཞུགས་རིང་མཐུན་འགྱུར་གནང་བ་ལ་བརྟེན་ནས་མངོན་འགྱུར་ཐུབ་པ་བྱུང་བ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བཟང་པོ་དེ་དག་བོད་རིགས་རྒན་བྱིས་བར་གསུམ་ནས་ཐུགས་སྣང་ཆེན་པོས་གསན་གཟིགས་གནང་ནས་སེམས་ནང་བག་ཆགས་དང་སེམས་འགུལ་དང་། བོད་མིའི་ཁྱད་དུ་འཕགས་པའི་རིག་གཞུང་ལ་གོ་རྟོགས་ཐུབ་པ་དང་། སྒོས་སུ་ཕྱི་རྒྱལ་གནད་ཡོད་མི་སྣ་དང་གཟིགས་མོ་གཟིགས་མཁན་ཡོངས་ལ་རྒྱ་ནག་གཞུང་གིས་དམིགས་སུ་བཀར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱ་མིའི་འཁྲབ་སྟོན་པ་དང་བོད་རིགས་འཁྲབ་སྟོན་པ་མཉམ་བསྲེས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཁྲབ་སྟོན་དུ་ཡོང་ནས་བོད་ཀྱི་རིག་གཞུང་ཡིན་ལུགས་རྫུན་གཏམ་བསྒྲགས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་རྒྱ་ནག་ཅན་གྱི་རྣམ་པར་བཟོ་རྒྱུའི་གོ་སྐབས་འཛིན་བཞིན་ཡོད་པ་སོང་། བོད་ཀྱི་གནའ་བོའི་ཟློས་གར་རིག་གཞུང་གི་ཁུངས་ལྡན་ཇི་ཡིན་གསལ་སྟོན་ཆེད་དངོས་སུ་སྐོར་སྐྱོད་ཞུས་པ་ཞིག་ཆགས་ཡོད་པ་ངོ་སྤྲོད་གསལ་བཤད་གནང་ཡོད།
འཁྲབ་སྟོན་གྱི་མཐའ་མར་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་གནད་ཡོད་སྐུ་མགྲོན་དང་གོ་སྒྲིག་ཞུ་མཁན་ Austria བོད་རིགས་ཚོགས་པའི་ཚིགས་གཙོ་གསར་རྙིང་གཉིས་ལ་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་དྲན་རྟེན་ཕྱག་རྟགས་འབུལ་གནང་བ་རྣམས་སུད་སི་སྐུ་ཚབ་དོན་གཅོད་མཆོག་ནས་སྐུ་མགྲོན་རྣམ་པར་འབུལ་གནང་ཡོད།



TIPA’s Cultural Tour in Vienna Concludes Successfully with Enthusiastic Audience Response
The European cultural tour of the Tibetan Institute of Performing Arts (TIPA) concluded successfully in Vienna, the capital of Austria, with an inspiring cultural performance held at the Veraastaltungszentrum Convention Center. As part of the ongoing Europe tour, the TIPA delegation, led by the Director of TIPA and comprising 26 members including the Artistic Director, teachers, and artists, traveled from Frankfurt, Germany, to Vienna on 4 May 2026 under the coordination of Mr. Phuntsok Tobgyal, UN Advocacy Officer.
The grand cultural performance was held on the evening of 9 May in the presence of His Eminence Ling Rinpoche, Thinley Chukki, Representative of the Office of Tibet – Geneva, Ms. Zimmermann Elisabeth, Former President of the Save Tibet Organization, Ms. Mag Husnik Andrea – Panchen Losang Chogyen Gelug Center, Prof. Gerhard Weissgrab, President of OBR, and The President and executive members of the Austrian Tibetan Association, including former and current committee members, as well as local Tibetans and supporters, also attended the event. Around 350 audience members gathered to witness the vibrant presentation of authentic Tibetan performing arts.
The artists presented a series of traditional Tibetan songs and a live cultural performance titled Dance from the Roof of the World, along with the unique and classical Tibetan opera story Gyalsa and Balsa. To help international audiences better understand the performances, the cultural program and opera story were introduced in both Tibetan and German. The audience deeply appreciated the richness, authenticity, and spiritual depth of Tibetan culture, while many young Tibetans expressed renewed pride and emotional connection to their ancestral heritage.



The event became especially meaningful as His Eminence Ling Rinpoche was visiting the region for religious activities and graciously accepted the invitation extended by the organizers. The program commenced with welcome remarks from Mr. Kunga, President of the Austrian Tibetan Association, who introduced the objectives of TIPA’s Europe tour. The Director of TIPA expressed heartfelt gratitude to His Eminence Kyabje Ling Rinpoche for his gracious presence, describing it as a great blessing and inspiration for both the artists and the public.
During the tour, TIPA representatives also visited various European countries under the jurisdiction of the Office of Tibet – Geneva to introduce the aims of the cultural tour and raise awareness about Tibetan performing arts. Representative Thinley Chukki thanked the Tibetan communities and supporters across Europe for their generous assistance in making the tour successful. Addressing international guests in English, she emphasized the importance of preserving authentic Tibetan culture and encouraged continued support for the Tibetan cause.
The Vienna performance was jointly organized by the Office of Tibet – Geneva and the Austrian Tibetan Association with strong support from local Tibetan communities. Significantly, this marked the first visit by TIPA artists to the region in 35 years, drawing an overwhelming response from the Tibetan community and supporters. The tour also coincided with the celebration of His Holiness the 14th Dalai Lama’s 90th birthday and the Year of Compassion.
The cultural tour was made possible through the support of the Office of Tibet – Geneva, the Tibetan Communities of Switzerland and Liechtenstein, and various local Tibetan associations that provided logistical support and organizational arrangements. Beyond entertaining audiences, the tour served as an important platform to preserve and promote authentic Tibetan culture and to educate international audiences about Tibet’s ancient artistic traditions and heritage.
At the conclusion of the program, TIPA presented traditional gratitude scarves and commemorative gifts to distinguished guests and to the outgoing and incoming presidents of the Austrian Tibetan Association. The ceremonial presentations were made by the Thinley Chukki – Representative office of Tibet – Geneva, marking a memorable conclusion to a successful and culturally significant event.














