རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཆེ་ཤོས་ནང་བོད་ཀྱི་ཟློས་གར་ཚོགས་པ་ཐོག་མར་མཉམ་ཞུགས་གནང་འདུག

  ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ཟླ་ ༧ ཚེས་ ༡ བར་ཟླ་གསུམ་རིང་ཧན་གྷི་རི་རྒྱལ་ཡོངས་བྷོཌ་པེ་ས་གཏམ་བརྗོད་ཁང་ནང་འཛམ་གླིང་ནང་གི་ལྷ་མོའི་དུས་སྟོན་ཆེ་ཤོས་ཤིག་བསྐོང་ཚོགས་ཞུས་པའི་ནང་བོད་ཀྱི་ཟློས་གར་ཚོགས་པ་གདན་ཞུ་གནང་ཡོད་པ་དང་། ཐེངས་འདིའི་ལྷ་མོའི་དུས་སྟོན་ནང་འཛམ་གླིང་རྒྱལ་ཁབ་ཁག་ལྔ་བཅུ་ང་བརྒྱད་ནས་ལྷ་མོའི་མཐུན་ཚོགས་བཞི་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་འདུག       ཕྱི་ཟླ་ ༦ ཚེས་ ༡༠ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་དབུ་འཛུགས་མ་ཞུས་གོང་ཚོགས་ཁང་ནང་སྒྱུ་རྩལ་བ་དང་། ཉམས་ཞིབ་པ། ལྷ་མོའི་སློབ་སྟོན་པ། རྒྱལ་ཁབ་ཁག་གི་འཁྲབ་སྟོན་པ་སོགས་མི་གྲངས་ཉི་བརྒྱ་ལྷག་ཙམ་འདུ་འཛོམས་སར་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་འཕེལ་རིམ་དང་བོད་ཀྱི་ཟློས་གར་ཚོགས་པའི་ངོ་སྤྲོད་གནང་བ་དང་འབྲེལ་མང་ཚོགས་གཟིགས་མ་བ་ལྷན་སྐར་མ་བཞི་ཅུའི་རིང་དོགས་འདྲི་དང་འདྲི་ལན་གྱི་ལས་རིམ་བསྐྱངས། དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་ཚོུད་བཞིའི་རིང་བོད་ཀྱི་ཐོུན་མ་ཡིན་པའི་ལྷ་གཞུང་སྣང་ས་འོད་འབུམ་གཟིགས་འབུལ་ཞུས་རྗེས་རྒྱ་ཆེའི་མང་ཚོགས་ཚོས་དགའ་ཚོར་ཆེན་པོས་ཐལ་མོ་བརྡབས་ཏེ་བསྔགས་བརྗོད་གནང་།     རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་གཏམ་བཤད་ནང་། “བོད་ཀྱི་ཐུན་མོང་མ་ཡིན་ལྷ་མོའི་སྒྱུ་རྩལ་དེ་ནི་དུས་རབས་བཅུ་བཞིའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསར་གཏོད་གནང་བ་དང་། བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་ཞིག་ཡིན་ནའང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་ཧམ་ཤེད་ཆེན་པོས་བོད་ཀྱི་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་དེ་རྒྱ་ནག་གིས་ཡིན་རབས་བཤད་ནས་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་དེབ་སྐྱེལ་བྱས་ཡོད།…

བོད་ཀྱི་ཟློས་གར་ཚོགས་པས་སུད་སིར་འཁྲབ་སྟོན་འཁྲབ་སྟོན་སྐོར་བསྐྱོད།

བོད་ཀྱི་ཟློས་གར་ཚོགས་པས་སུད་སིར་འཁྲབ་སྟོན་འཁྲབ་སྟོན་སྐོར་བསྐྱོད། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༠ དང་ ༡༡ ཉིན་ཧན་གྷི་རི་དུ་འཁྲབ་སྟོན་གཟིགས་འབུལ་ལེགས་གྲུབ་རྗེས། སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་གདན་ཞུ་གནང་དོན་བཞིན་སུད་སིར་བཅའ་བཞུགས་ཟློས་ཟུར་མགོན་པོ་ལགས་དང་ཟློས་ཟུར་སྐྱིད་འཛོམས་ལགས་དང་ཟློས་ཟུར་བདེ་ཆེན་ལགས་ཀྱི་ལྷག་བསམ་ཟོལ་མེད་ཀྱིས་རང་སོ་སོའི་རྩ་ཆེན་དུས་ཚོད་བློས་གཏོང་བྱས་ཏེ་ཚོགས་པར་སྲི་ཞུ་བསྒྲུབ་རྒྱུའི་དམིགས་ཡུལ་བརྟན་པོ་བཅངས་ནས་ཐུགས་འགན་གཙོ་བཞེས་ཀྱིས་གོ་སྒྲིག་གནང་འབྲས་སུ་བོད་ཀྱི་ཟློས་གར་ཚོགས་པའི་དགེ་ལས་སྒྱུ་རྩལ་པ་ཁྱོན་ ༢༢ སུད་སིར་ཕྱི་ཚེས་ ༡༢ ནས་ ༢༠ བར་དངོས་སུ་ངོ་བཅར་བྱུང་བ་ནི་ལོ་ངོ་ཉི་ཤུའི་རྗེས་སུ་སླར་ཡང་དེ་གའི་མི་མང་ལྷན་མཇལ་འཛོམས་ཀྱིས་ཕྱི་ཚེས་ ༡༧ ཉིན་  Furstenlandsaal: Gossau SG ཚོགས་ཁང་ཆེན་མོའི་ནང་སྐུ་མགྲོན་གཙོ་བོ་རབ་གོང་དགོན་པའི་མཁན་རིན་པོ་ཆེ་མཆོག་དང་། སུད་སྐུ་ཚབ་དོན་གཅོད་ཀྱི་སྐུ་ཚབ། བོད་རིགས་ཚོགས་པའི་ཚོགས་གཙོ་དང་ལས་སྣེ་རྣམ་པ་གཙོས་རྒྱ་ཆེའི་བོད་རིགས་མི་མང་ལྔ་བརྒྱ་ལྷག་ཙམ་འདུ་འཛོམས་ཐོག་ལྷ་གཞུང་སྣང་ས་འོད་འབུམ་དང་རིག་གཞུང་གཞས་སྣ། ཨ་ཀ་མའི་དེང་དུས་རོལ་དབྱངས་གཟིགས་འབུལ་ཞུ་རྒྱུའི་གོ་སྐབས་བྱུང་བ་ཙམ་མ་ཟད། སུད་སིར་བོད་རིགས་ཚོགས་པའི་རིག་གཞུང་འགན་འཛིན་དང་ལས་སྣེ་ནས་རེ་བསྐུལ་ཞུས་དོན་ལྟར་དེ་ཁུལ་གནས་བཞུགས་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་ཐོུང་མ་ཡིན་པའི་སྒྱུ་རྩལ་ལ་དོ་དབྱིངས་ཡོད་མཁན་ཁག་ཅིག་དང་བོད་ཀྱི་ཟློས་གར་ཚོགས་གར་ཚོགས་པའི་སྒྱུ་རྩལ་བའི་དབར་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་འཁྲབ་སྦྱོང་སོགས་སྒྱུ་རྩལ་ཤེས་མྱོང་གོ་བསྡུར་སྦྱང་བཤད་དང་རྒྱུད་སྤེལ་བྱ་རྒྱུའི་གོ་སྐབས་བྱུང་བ་དེས་མ་འོངས་མཐུན་འབྲེལ་གྱི་སྒོ་མོ་འབྱེད་ཐུབ་པ་བྱུང་།      འཁྲབ་སྟོན་སྐབས་བོད་རིགས་རྒྱ་ཆེའི་མང་ཚོགས་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་མཐོུང་མ་ཡིན་པའི་ལྷ་གཞུང་དང་རིག་གཞུང་གཞས་སྣ་འཁྲབ་སྟོན་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོས་དགའ་བསུ་གནང་བ་དང་སོ་སོའི་བློ་གཅད་ཞལ་འདེབས་གསོལ་བསྩལ་གནང་བར་བཀའ་དྲིན་ཆེ་ཞུ།   ད་རེས་ལོ་མང་རྗེས་སུ་སུད་སིར་དངོས་སུ་བཅར་ནས་བོད་ཀྱི་སྒྱུ་རྩལ་རིག་གཞུང་རྒྱ་ཆེའི་མང་ཚོགས་ཀྱི་སྤྱན་ལམ་དུ་གཟིགས་འབུལ་ཞུས་ཏེ་དམིགས་བསལ་བོད་རིགས་གཞོན་སྐྱེས་ཚོར་རྒྱུད་སྤེལ་ཞུ་ཐུབ་པ་ནི་གཙོ་ཆེན་དུ་སུད་སིར་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་མགྲོན་ཤོག་མཐུན་འགྱུར་དང་སྒོས་སུ་དུས་ཚོད་ཐུང་ཐུང་ཞིག་གི་མཐོང་ཆེན་ལག་འཁྱེར་ཐོབ་སོན་སླད་ལྡི་ལི་སྐུ་ཚབ་དོན་ཁང་ནས་རྒྱབ་སྐྱོར་དང་དམིགས་བསལ་གོ་སྒྲིག་ཚོགས་ཆུང་གི་འགན་ཁུར་གཙོ་ཕལ་བཞེས་མཁན་ཡོངས་ནས་ལྷག་བསམ་རྣམ་དག་གིས་དུས་ཚོད་ཐུང་ངུའི་ནང་གོ་སྒྲིག་འཐུས་ཚང་དང་སྣེ་ལེན་གཟབ་རྒྱས་གནང་བས་འབྲས་བུར་སོང་གོང་སྨྲོས་གོ་སྒྲིག་ཚོགས་ཆུང་གི་འགན་ཁུར་རྐང་བཞེས་གནང་མཁན་ཡོངས་དང་མཐུན་འགྱུར་གནང་མཁན་ཡོངས་ལ་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། TIPA successfully concludes…

ཞོ་སྟོན་རྒྱས་པ་ཐེངས་ ༢༦ | SHOTON FESTIVAL 2023

བོད་རྒྱལ་ལོ་ ༢༡༥༠ ཆུ་མོ་ཡོས་ཀྱི་ལོ་ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ཞོགས་པ་ཚོུད་ ༩ ཐོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་བོད་ཀྱི་ཟློས་གར་ཚོགས་པའི་ཐུགས་འགན་རྐང་བཞེས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ པ་སྲུང་བརྩི་ཞུས་ཤིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཞབས་སོར་འཁོད་གནང་བསྐྱངས་པ་དང་། བོད་ཀྱི་ཟློས་གར་ཚོགས་པ་གཙོས་རྒྱ་བལ་ཨ་རི་བཅས་ནས་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཁག་བཅིུག་གི་དགེ་རྒན་དང་འཁྲབ་སྟོན་པ་ཁྱོན་མི་གྲངས་བཞི་བརྒྱ་ཉེ་བ་དང་མི་མང་སྟོང་ཚོ་གཉིས་ཙམ་འདུ་འཛོམས་ཀྱིས་བོད་ཀྱི་ཞོ་སྟོན་དུས་ཆེན་སྲུང་བརྩི་གནང་སོང་། མཛད་སྒོ་དབུ་འཛུགས་གནང་སྐབས་དོ་རྭའི་ནང་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲི་སྟེང་དུ་གདན་འདྲེན་ཞུས་པ་དང་ལྷན་བོད་ཀྱི་ལྷ་མོའི་སྲོལ་འབྱེད་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དོ་རྭའི་ནང་གདན་ཞུས་གནང་སོང་། མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་ཀྱི་ཞོ་སྟོན་དུས་ཆེན་གྱི་ལོ་རྒྱུས་ངོ་སྤྲོད་དང་ལས་བསྡོམས་སྙན་སྒྲོན་གནང་རྗེས་ལྷ་མོ་ཚོགས་པ་ཁག་གིས་ལྷ་གཞུང་སྙིང་བསྡུས་སྐར་མ་སུམ་ཅུ་རེ་གཟིགས་འབུལ་གཟབ་རྒྱས་ཞུས་སོང་། དེ་བཞིན་སྐུ་མགྲོན་གཙོ་བོ་མཆོག་ནས་བོད་ཀྱི་ཨ་ལྕེ་ལྷ་མོ འི་སྒྱུ་རྩལ་ཐོག་མི་ཚེ་གང་བུར་རྒྱུན་སྲིང་བློས་གཏོང་གནང་མཁན་གྱི་ལྷ་དགེ་དང་གཏོང་ཕོད་ཅན་གྱི་སྤྱི་སྒེར་སྤྱིན་བདག་རྣམས་ལ་ཆེ་མཐོའི་ལེགས་སྐྱེས་གསོལ་བསྩལ་གནང་རྗེས་ལྷ་མོའི་འཁྲབ་སྟོན་པ་དང་རྒྱ་ཆེའི་མང་ཚོགས་རྣམས་ལ་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་གལ་གནད་དང་རྒྱུན་འཛིན་དར་སྤེལ་གནང་རྒྱུའི་གལ་འགངས་ཆེ་བའི་གསུང་གི་བདུད་བརྩིའི་བཀའ་སློབ་བཀའ་དྲིན་བསྐྱངས་ཏེ་དེ་མུར་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་འགན་འཛིན་ལས་རོགས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་རྗེས་བཀྲ་ཤིས་མཆོད་མཚམས་ཀྱིས་གཟིགས་མོ་རེ་ཞིག་གྲུབ་གནང་སོང་། མཛོད་སྒོའི་དབུ་འབྱེད་ཉིན་གཡུ་ལོ་སྔོན་པོའི་གསེར་མདོག་གིས་འོད་མདངས་རབ་ཏུ་འཕྲོ་ནའང་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བོད་ཀྱི་གཅེས་ནོར་ལྷ་མོའི་སྒྱུ་རྩལ་ལ་གདེང་འཇོག་ཆེན་པོས་དགའ་བསུ་དང་ཕྱོགས་མཐའི་ལྷ་མོ་ཚོགས་པའི་གཟིགས་ཕུད་ཉིན་འཁྱོངས་བར་ཆ་ཚང་གསན་གཟིགས་ཀྱིས་སྐུ་བཞུགས་གནང་བས་རྒྱ་ཆེའི་མང་ཚོགས་དང་སྒོས་སུ་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཡོངས་ལ་མུ་མཐུད་ལྷ་མོའི་སྒྱུ་རྩལ་ནང་རྒྱུན་སྐྱོང་བྱ་རྒྱུར་བློ་སྐྱེད་དང་སེམས་འགུལ་ཤུགས་ཆེ་ཐེབས་སོང་། དེ་བཞིན་ཀུན་བདེ་གླིང་བླ་བྲང་ནས་ཧིན་སྒོར་འབུམ་གཅིག་དང་ཨ་རི་ལྕགས་ཟམ་ལྷ་མོའི་གླུ་གར་ཚོགས་པ་ནས་ཨ་སྒོར་ ༡༥༠༠ དང་ཨ་རི་ལྕགས་ཟམ་པའི་འགན་འཛིན་ཚེ་རིང་དབང་མོ་ལགས་ནས་ཧིན་སྒོར་འབུམ་ ༡ ཞབས་འདེབས་གསོལ་བསྩལ་གནང་བ་དང་། དེ་བཞིན་གདན་ས་ཆོས་སྒར་གཙོས་རྒྱ་ཆེའི་མང་ཚོགས་ནས་རང་ནུས་གང་ལྕོགས་ཀྱིས་ཞལ་འདེབས་རྒྱ་མི་ཆུང་བ་ཞིག་གསོལ་བསྩལ་གཏོང་ཕོད་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུས་སོང་། སྤྱིར་ཕྱི་ལོ་ ༡༩༩༣ ནས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐོག་མར་འགོ་འཛུགས་ཀྱིས་ད་བར་ཞོ་སྟོན་དུས་ཆེན་ཐེངས་ ཉེར་དྲུག་བར་སླེབས་ཡོད་ཀྱང་ད་ལན་བོད་ཀྱི་ཞོ་སྟོན་ཐོག་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཁག་བཅིུག་མཉམ་ཞུགས་ཐུབ་པ་ནི་ད་བར་ཞོ་སྟོན་ནང་ལྷ་མོ་ཚོགས་མཉམ་ཞུགས་གནང་མཁན་ཆེས་མང་ཤོས་སུ་ངོས་འཛིན་བྱེད་བཞིན་འདུག…

December 2022 to 5th January 2023: The director met with the south zone chief representative officer, concerned settlement officers, and members of the regional opera association to scout out prospective…