A grand celebration was held to commemorate the 89th birthday of His Holiness The 14th Dalai Lama at TIPA.

༄༅།   །ཕྱི་ལོ་ ༢༠༢༤ ཟླ་བ  ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན།  བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུངས་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ཁང་གི་གསུང་ཆོས་ར་བའི་ནང་དངོས་གཞིའི་གཞུང་འབྲེལ་མཛད་སྒོ་སྐོང་ཚོགས་ཞུས་ཡོད་པ་བཞིན། ཉིན་དེའི་དགོང་དྲོའི་ཆུ་ཚོད་ ༦།༣༠ ཐོག་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་རྟེན་འབྲེལ་དགའ་སྟོན་བསྲུ་བརྩི་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང།  དཔལ་ལྡན་སྲིད་སྐྱོང་མཆོག་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེའི་ཀ་ར་རྫོང་གི་རྫོང་དཔོན་  Sh. Hemraj Bairwa, I.A.S. Deputy Commissioner Saurabh Jassal, I.A.S. Addl. Deputy Commissioner…

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་རྡ་སར་ཆེད་ཕེབས་སྐབས་གཞུང་འབྲེལ་ཕེབས་བསུའི་གསོལ་སྟོན་མཛད་སྒོ།

༄༅།   །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༡༨ ཉིན་བོད་དོན་ཐོག་ཚད་མཐོའི་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཚུང་གི་ཚོགས་གཙོ་སྐུ་ཞབས་ ( Michael McCaual) མཆོག་གི་སྣེ་ཁྲིད་འོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་(Nancy Pelosi) མཆོག་གིས་དབུས་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་རྡ་སར་ཆེད་ཕེབས་གནང་ཡོད་པ་བཞིན། དེ་ཉིན་གྱི་ཕྱི་དྲོའི་ཚོུད་ ༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཆེ་མཐོང་ཞུ་བའི་གཞུང་འབྲེལ་ཕེབས་བསུའི་གསོལ་སྟོན་འདེགས་འབུལ་ཞུ་བའི་མཛད་སྒོ་ཞིག་འདི་ག་བོད་ཀྱི་ཟློས་གར་ཚོགས་པར་སྐོང་ཚོགས་ཞུས་ཡོད། ཆེས་མཐོའི་སྐུ་མགྲོན་རྣམ་པ་བོད་ཀྱི་ཟློས་གར་ཚོགས་པར་ཕེབས་བཅར་སྐབས་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ཕེབས་བསུའི་མཇལ་དར་སྒྲོན་ཏེ་སྒྱུ་རྩལ་བ་རྣམས་ནས་གྲོ་སོ་ཕྱེ་མར་དང་བཀྲིས་གཤོལ་པ་འཁྲབ་སྟོན་ཀྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས། ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དང་སྐུ་འཁོར་ལྷན་རྒྱས་དང་ཨ་རི་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་ཁྱོན་བསྡོམས་ ༣༥ ཐོག་བོད་མིའི་སྒྲིག་འཛུགས་མཛད་གཙོ་ལྷན་རྣམ་པ་དང་།  ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ།  བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུག་ལགས།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་དང་ལྡི་ལི་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་བཅས་གཙོ་བོར་གྱུར་བའི་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་འཚམས་འདྲིའི་གསུང་བཤད་དང། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ཕེབས་སུའི་འཚམས་འདྲི་དང་བོད་ཀྱི་ཟློས་གར་ཚོགས་པ་ངོ་སྤྲོད་སྙིང་བསྡུས་གནང་རྗེས་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་གཟབ་རྒྱས་ཞུས་བསྟུན་དགོང་ཚིགས་འདེབས་འབུལ་ཞུས། འདི་ག་བོད་ཀྱི་ཟློས་གར་ཚོགས་པ་ངོས་ནས་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་ཐང་ག་རེ་ཕུལ་གནང་མཛད། ཆེས་མཐོའི་སྐུ་མགྲོན་རྣམས་ནས་ཐུགས་དགྱེས་འཚོར་ཆེན་པོས་བོད་ཀྱི་རིག་གཞུང་ལ་ཡིད་རངས་བསྔགས་བརྗོད་གནང་བའི་ངང་ནས་ཕེབས་བསུའི་གསོལ་སྟོན་གཟབ་རྒྱས་ངང་ལེགས་གྲུབ་བྱུང་ཡོད་པ་བཅས། Dharamshala, 18 June 2024: A high-level US bipartisan Congressional delegation led by…

Geshe Thupten Norbu la, along with a group of Taiwanese guests, visited Tibetan Institute of Performing Arts (TIPA).

སྤྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༣ ཉིན་ཐེ་ཝན་དུ་བཅའ་བཞུགས་དགེ་བཤེས་ཐུབ་བསྟན་ནོར་བུ་ལགས་དང་དད་ལྡན་ཆོས་ཞུ་བ་ཁག་ཅིག་བོད་ཀྱི་ཟློས་གར་ཚོགས་པར་ཆེད་ཕེབས་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་རྗེས་ཐེ་ཝན་ཆོས་ཞུ་ཁོངས་ནས་སྒྱུ་རྩལ་ཁག་ཅིག་ནས་རིག་གཞུང་འཁྲབ་སྟོན་གནང་ནས་མི་རིགས་ཕན་ཚུན་དབར་རིག་གཞུང་བརྗེ་ལེན་གྱི་འབྲེལ་བ་མཐུད་ཐུབ་པ་མ་ཙམ་མ་ཟད་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་འཁྲབ་སྟོན་གཟིགས་འབུལ་ཞུས་པ་པ་རྗེས་སུ་ཡིད་རང་དང་དགའ་སྤོབ་ཆེན་པོ་གནང་། On May 23, 2024, Geshe Thupten Norbu la, along with a group of Taiwanese guests, visited the Tibetan Institute of Performing Arts (TIPA). Artists from TIPA…

Diamond Jubilee celebrations of the Para Trg School Vikas, located at Sarasawa

སྤྱི་ལོ ༢༠༢༤ ཟླ་བ་ ༥ ཚེས་ ༡༧ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་གྱི་ཉེ་འཁྲིས་སུ་ཡོད་པའི་ས་ར་ས་ཝར་ས་གནས་སུ་རྟེན་གཞི་ཆགས་པའི་དྭང་སློབ་གནམ་སྦྱོང་བསྟི་གནས་ཁང་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པ་མགྲོན་འབོད་གནང་དོན་ལྟར་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་སྒྱུ་རྩལ་བ་གྲངས་ཉི་ཤུ་རྩ་བདུན་ཙམ་དུས་དྲན་མཛད་སྒོར་ཆེད་བཅར་གྱིས་དུས་སྟོན་གྱི་སྐུ་མགྲོན་གཙོ་བོ་རྒྱ་གར་དང་ཞབས་རུ་དཔོན་ཟུར་པ་སྐུ་ཞབས་ RS Jamwal མཆོག་དང་གནམ་སྦྱོང་བསྟི་གནས་ཁང་གི་གཙོ་འཛིན་དམག་སྤྱི་སྐུ་ཞབས་ཀ་པིལ་ཡཱ་དཱབ་སོགས་དམག་དཔོན་ཆེ་ཕྲ་ཁག་སོ་སོའི་ནང་མི་དང་རྒན་ཡོལ་དུ་ཕེབས་ཟིན་པའི་རྒྱ་བོད་དམག་དཔོནཟུར་པ་དང་ནང་མི་སོགས་མི་གྲངས་བཞི་བརྒྱ་ལྷག་ཙམ་ལྷན་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལབ་རྣམས་ནས་བོད་ཀྱི་མཐུན་མིན་རིག་གཞུང་གི་ཤུལ་བཞག་གཞས་སྣ་ཕུན་གསུམ་ཚོགས་པ་འཁྲབ་སྟོན་ཟབ་རྒྱས་ཞུ་ཐུབ་པ་བྱུང་ཡོད། དུས་སྟོན་འདི་ལྟ་བུ་ལ་མཉམ་ཞུགས་བྱ་རྒྱུ་ནི་དམིགས་བསལ་བོད་མིའི་སྤྱི་ཚོགས་དང་རྒྱ་གར་གཞུང་མང་ལ་གུས་བཀུར་མཚོན་བྱེད་དང་རྒྱ་གར་གཞུང་མང་གཉིས་དང་། སྒོས་སུ་དང་སློབ་གནམ་སྦྱོང་བསྟི་གནས་ཁང་གི་སྒྲིག་འཛུགས་ནང་སྲི་ཞུ་སྒྲུབ་མཁན་འདས་གསོན་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་མཚོན་ཆེད་ཅིག་ཏུ་གྱུར་ཡོད་སྟབས། སྐུ་མགྲོན་གཙོ་གཞོན་གྱིས་གཙོས་པའི་གཟིགས་མོ་བ་ཡོངས་ནས་ཆེ་མཐོའི་གུས་བརྩི་དང་བསྔགས་བརྗོད་གནང་སྟེ་ཐེངས་འདིའི་སྐོར་སྐྱོད་འཁྲབ་སྟོན་ཟབ་རྒྱས་ངང་ལེགས་གྲུབ་བྱུང་ཡོད། On May 17, 2024, the Tibetan Institute of Performing Arts (TIPA) had the honor of…

TIPA presented a cultural program on 25th April to celebrate the 35th birthday of His Serenity the 11th Panchen Lama.

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༥ ཉིན་གྱི་བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་ཞུས་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡུ་ཀུ་ཁལ་རེཌ་མཆོག་དང་ལྷན་བཅར་གྲོས་ཚོགས་འཐུས་མི་རྣམ་པ་དང་། དམིགས་བསམ་སྐུ་མགྲོན་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་གཞན་སྐུ་མགྲོན་རྣམས་ལ་བྱེས་ཀྱི་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་གི་གོ་སྒྲིག་འོག་དེ་ཉིན་གྱི་ཕྱི་དྲོའི་ཚོུད་ ༦ པར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་དུ་བོད་ཀྱི་ཟློས་གར་ཆོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་དང་།དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བྱེས་ཀྱི་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་སྐྱབས་རྗེ་མཁན་རིན་པོ་ཆེ་གཟིག་རྒྱབ་སྐུ་ཕྲེང་ལྔ་པ་༸རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས་མཆོག་གིས་གསུང་བཤད་གནང་སྟེ་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ངང་ལེགས་གྲུབ་ཐུབ་པ་བྱུང་ཡོད། The artists of the Tibetan Institute of Performing Arts presented a cultural program at its auditorium on 25th April…

བོད་ཀྱི་ཞོ་སྟོན་རྒྱས་པའི་མཇུག་བསྡོམས་མཛད་སྒོའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸གསེར་ཞལ་མཇལ་ཁ་དང་བཀའ་སློབ་བཀྲིན་གསོལ་བསྩལ་གྱི་སྒོ་ནས་བོད་ཀྱི་ཞོ་སྟོན་རྒྱལ་ཁའི་མཇུག་བསྒྲིལ།

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༠ ནས་ ༢༢ བར་ཉིན་གྲངས་ ༡༣ རིང་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པར་སྐོང་ཚོགས་ཞུས་ཡོད་པ་བཞིན། ཕྱི་ཚེས་ ༢༢ ཉིན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པའི་མཇུག་བསྡོམས་མཛད་སྒོའི་ཐོག་མར་དེ་ཉིན་གྱི་སྔ་དྲོའི་ཚོུད་ ༨།༠༠ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཞོ་སྟོན་དུ་ཕེབས་པའི་ལྷ་མོ་ཚོགས་པ་ཁག་གི་ཚོགས་མི་ཡོངས་ལ་༸གསེར་ཞལ་མཇལ་ཁ་དང་བཀའ་སློབ་བཀྲིན་ཆེ་བསྩལ་གནང་མཛད་ཡོད། སྐབས་དེར་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་མགོན་པོ་གང་ཉིད་བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་མཎྜལ་རྟེན་གསུམ་གྱི་ལྷ་རྫས་བསྟར་འབུལ་དང་། སྐུ་ཡི་ལྷ་རྫས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དང་། གསུང་གི་ལྷ་རྫས་སུ་རྒྱས་སྟོང་པའི་གླེགས་བམ། ཐུགས་ཀྱི་ལྷ་རྫས་སུ་བྱང་ཆུབ་མཆོད་རྟེན་གྱི་བརྟན་བཞུགས་བསྟར་འབུལ་ཞུ་ཐུབ་པ་བྱུང་ཡོད་ཅིང་། ལྷ་ཚོགས་སོ་སོའི་སྐུ་ཚབ་རེ་ནས་༸རྒྱལ་བའི་སྐུ་མདུན་དུ་གསུང་ཐར་ཕུལ་བར་མགོན་པོ་གང་ཉིད་ནས་ཁོང་ཉིད་ཀྱང་བོད་ཀྱི་ལྷ་མོའི་ཟློས་གར་གཟིགས་རྒྱུདང་གསུང་ཐར་གསན་རྒྱུར་རྒྱུན་དུ་ནས་ཐུགས་མཉེས་པོ་ཡོད་པའི་ཐུགས་དགྱེས་ཚོར་བྱུང་བའི་གསུང་གི་དབུགས་དབྱུང་ཀྱང་མཛད་ཡོད་། དེ་རྗེས་སྔ་དྲོའི་ཚོུད་ ༡༠།༠༠ ཐོག་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པའི་མཇུག་བསྡོམས་མཛད་སྒོ་དངོས་གཞི་དབུ་འཛུགས་ཞུས་པ་ལྟར་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མི་རྗེ་སྐོུ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྐོུ་སྒྲོལ་མ་ཚེ་རིང་མཆོག་དང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཡི་སྣེ་ཤན་པ་རྣམ་གཉིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་ལས་སྣེ་གཙོས་རྒྱ་ཆེའི་མང་ཚོགས་བཅས་འདུ་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ངོ་སྤྲོད་གསུང་བཤད་དང་། བོད་ཀྱི་ཟློས་གར་ཚོགས་པ་ནས་ལྷ་གཞུང་རྒྱལ་སྲས་དད་པ་བརྟན་པའི་རྣམ་ཐར་འཁྲབ་སྟོན་གནང་།   མཛད་སྒོའི་དུས་སྟོན་དང་འབྲེལ་བའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསུང་བཤད་གནང་བའི་ནང་བོད་ཀྱི་ལྷ་མོའི་ཟློས་གར་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གནས་རྒྱུན་སྲོལ་གྱི་ཁྱད་ཆོས་མང་པོ་ཡོད་པར་སོང་། ད་བར་རྒྱུན་གནས་ཐུབ་རྒྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་དང་བཀའ་ཤག་གི་ངོས་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ལྷ་མོའི་ཟློས་གར་རྒྱུན་གནས་ཐུབ་རྒྱུར་མུ་མཐུད་མཐུན་འགྱུར་གནང་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་གནང་ཡོད།  འདི་ལོའི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་འདི་ཕྱི་ཟླ་ ༤ ཚེས་ ༡༠ ནས་ ༢༢ བར་ཉིན་གྲངས་ ༡༣ རིང་སྲུང་བརྩི་ཞུས་པའི་ནང་ལྷ་ཚོགས་ཁག་ ༡༣ གྱིས་ལྷ་གཞུང་མི་འདྲ་བ་ཁག་ ༡༠ ཉིན་འཁྱོངས་གཟིགས་འབུལ་ཞུ་ཐུབ་པ་བྱུང་ཡོད། དེ་ཡང་ཀ་སྦུག་དང་ཨོ་རི་ས་ལྷ་མོ་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ནས་ལྷ་གཞུང་འགྲོ་བ་བཟང་མོ་དང་། བལ་ཡུལ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་ཆོས་རྒྱལ་དྲི་མེད་ཀུན་ལྡན། ལྕགས་ཟམ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་གཟིགས་ཀྱི་ཉི་མ། མ་སུ་རི་བོད་ཁྱིམ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་མཁན་སློབ་ཆོས་གསུམ། མན་སྤར་ལྷ་མོ་ཚོགས་པ་ནས་ལྷ་གཞུང་རྒྱལ་པོ་འཇིག་རྟེན་དབང་ཕྱུག ཀོ་ལེ་གྷལ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་གཅུང་པོ་དོན་ཡོན་དོན་གྲུབ། སྤེལ་ཀོབ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་པདྨ་འོད་འབར། བྷན་རྡ་ར་ལྷ་མོ་ཚོགས་པ་ནས་ལྷ་གཞུང་གཅུང་པོ་དོན་ཡོན་དོན་གྲུབ། ཅོན་ཏཱ་ར་བོད་ཁྱིམ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་མི་ལ་རས་པ། རྡ་སྟེང་བོད་ཁྱིམ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་གཟུགས་ཀྱི་ཉི་མ། མོན་གྷོ་ཊ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་ཆོས་རྒྱལ་ནོར་བཟང་དང་། མཐར་ཕྱི་ཚེས་ ༢༢ ཉིན་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་རྒྱལ་སྲས་དད་པ་བརྟན་པ་བཅས་གཟིགས་འབུལ་ཞུས་ཏེ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་ཐུབ་པ་བྱུང་ཡོད། 27th Shoton Festival concludes with special audience for…

TIPA promoting Tibetan cultural heritage at UWC Mahindra College (Pune)

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༢-༢༥ བར་ཉིན་གྲངས་བཞིའི་རིང་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསྟན་འཛིན་ཕུན་ཚོགས་ཀྱིས་སྣེ་འཁྲིད་འོག་ཟློས་དགེ་སྐལ་བཟང་སྒྲོལ་མ་དང་བྲོ་གཞོན་བསྟན་འཛིན་དབྱངས་སྒྲོན་གསུམ་པོ་རྒྱ་གར་ལྷོ་ཕྱོགས་པུ་ནིར་གཏན་གཞི་བྱས་པའི་ UWC མ་ཧིན་རྷར་གཙུག་ལག་སློབ་གཉེར་གྱི་གཏམ་བརྗོད་ཆེད་ལས་སློབ་གཉེར་བ་རྣམས་ལ་བོད་ཀྱི་ཨ་ལྕེ་ལྷ་མོའི་ཟློས་གར་སྒྱུ་རྩལ་དང་འབྲེལ་བའི་ཟབ་སྦྱོང་སློབ་ཁྲིད་གནང་བར་ཕེབས་ཞིང་། གཙུག་ལག་སློབ་གཉེར་འདིའི་ནང་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་སློབ་གཉེར་བ་ཡོད་པ་དང་། ཚོགས་འདུའི་ཐོག་ཏུ་སློབ་མ་ཚོས་ཐུགས་སྣང་ཆེན་པོས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་ལོ་རྒྱུས་དང་རྣམ་ཐར། འཁྲབ་འཁྱེར་སོགས་ལ་སློབ་སྦྱོང་ལེགས་པར་གནང་། ད་དུང་ཁོང་ཚོས་འཁྲབ་སྟོན་གྱིས་རིག་གཞུང་སྲུང་སྐྱོབ་ཀྱི་ཐབས་ལམ་དང་ཟློས་གར་སྐོར་གྱི་གོ་རྟོགས་རྒྱ་སྐྱེད་བྱུང་བར་བསྔགས་བརྗོད་གནང་། In response to a gracious invitation from UWC Mahindra College in Pune, Maharashtra, the Tibetan Institute of…

བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་ལ་ཆུང་ས་ཁུལ་དུ་རིག་གཞུང་འཁྲབ་སྟོན།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡ ནས་ ༣ བར་ཉིན་གྲངས་ ༣ རིང་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་མངའ་ཁོངས་ལ་ཆུང་ས་གནས་ཀྱི་ལོ་གསར་དང་ཡུལ་སྐོར་སྤྲོ་འཆམ་གྱི་དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་གདན་ཞུ་གནང་དོན་ལྟར་བོད་ཀྱི་ཟློས་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱི་སྣེ་ཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་དང་སྒྱུ་རྩལ་བ་ཁྱོན་བསྡོམས་མི་གྲངས་ ༢༧ ས་གནས་སུ་ངོ་བཅར་གྱིས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡ དང་ཚེས་ ༢ ཉིན་གཉིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་གཞུང་ཆོས་རྒྱལ་ནོར་བཟང་དང་འགྲོ་བ་བཟང་མོ་གཉིས་སྐུ་མགྲོན་དང་རྒྱ་ཆེའི་མང་ཚོགས་སུ་གཟིགས་འབུལ་ཞུས།    ཕྱི་ཚེས་ ༣ ཉིན་བོད་ཀྱི་ཡུལ་ལུང་ཁག་གི་རིག་གཞུང་ཞབས་གཞས་གཟིགས་འབུལ་ཞུས་པ་དང་། ད་ཉིན་ལྷོ་ནག་ཁུལ་ནས་སྤྲིན་འཐོར་རྐྱེན་པས་ཆུ་ལོག་གི་ཆུ་ཤུགས་གློག་འདོན་གྱི་ཆུ་མཛོད་དང་ཟམ་ཆེན་སོགས་ཆུ་རུད་ཀྱིས་འདེད་པར་བརྟེན་གཞུང་ལམ་འགྲུལ་སྐྱོད་ཐད་དཀའ་ངལ་ཅི་ཆེར་ཡོད་ནའང་གོ་སྒྲིག་ཚོགས་ཆུང་ནས་སྔ་རྗེས་རེ་བསྐུལ་ཞུ་དོན་ལྟར་ལ་ཆུང་ཁུལ་གྱི་བོད་རིགས་དང་ལ་ཆུང་བ་ཡོངས་ཀྱི་རེ་འདུན་བསྐོང་ཆེད་དངོས་སུ་བཅར་བ་ཡིན།   ཉིན་དང་པོ་དང་གཉིསཔའི་ལྷ་གཞུང་གཟིགས་འབུལ་སྐབས་སྐུ་མགྲོན་གཙོ་བོ་མངའ་གཞུང་ཚོགས་པའི་གཙོ་འཛིན་གཞོན་པ་སྐུ་ཞབས་རྒྱལ་མཚན་ལ་ཆུང་པ་དང་ཉིན་གཉིས་པའི་སྐུ་མགྲོན་གཙོ་བོ་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་ཡི་ཤེས་ལ་ཆུང་པ། དེ་བཞིན་ཉིན་མཐའ་མའི་སྐུ་མགྲོན་གཙོ་བོ་མངའ་གཞུང་གི་གྲོས་ཚོགས་འཐུས་མི་དང་གཞུང་ལམ་བློན་ཆེན་གཅིག་ལྕོགས་སྐུ་ཞབས་བསམ་གྲུབ་ལེབ་ཆ་དང་གཞན་ཡང་འབྲེལ་ཡོད་སྐུ་མགྲོན་དང་། ལ་ཆུང་གི་སྤྱི་དཔོན་རྣམ་གཉིས་དང་གོ་སྒྲིག་ཚོགས་ཆུང་དང་རྒྱ་ཆེའི་མང་ཚོགས་གང་མང་ཉིན་གསུམ་འཆར་ཅན་གཟིགས་མོར་མཉམ་ཞུགས་གནང་བ་མ་ཟད་སྐུ་མགྲོན་གཙོ་བོ་རྣམས་ནས་བོད་ཀྱི་ཟློས་གར་ཚོགས་པ་དངོས་སུ་ས་གནས་སུ་ཕེབས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཨ་ལྕེ་ལྷ་མོའི་གཞུང་དང་རིག་གཞུང་འཁྲབ་སྟོན་གཟབ་རྒྱས་གནང་བར་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་གནང་སྟེ་ཚོགས་པར་ཞལ་འདེབས་ཀྱང་གནང་།    སྐུ་མགྲོན་གཙོ་བོ་རྣམས་ནས་བོད་ཀྱི་ཟློས་གར་ཚོགས་པ་དངོས་སུ་ས་གནས་སུ་ཕེབས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཨ་ལྕེ་ལྷ་མོའི་གཞུང་དང་རིག་གཞུང་འཁྲབ་སྟོན་གཟབ་རྒྱས་གནང་བར་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་གནང་སྟེ་ཚོགས་པར་ཞལ་འདེབས་ཀྱང་གནང་།    དེ་བཞིན་མང་ཚོགས་ཀྱི་བོད་ཀྱི་ཟློས་གར་ཚོགས་པ་ས་གནས་སུ་བཅར་ནས་རིག་གཞུང་འཁྲབ་སྟོན་གནང་བར་དགའ་མོས་དང་ཆེ་མཐོང་། དེ་བཞིན་གཞོན་སྐྱེས་ཚོར་རིག་གཞུང་ངོ་སྤྲོད་དང་རྒྱུད་སྤྲོད་ཐད་ཕན་ཐོགས་ཆེན་པོ་བྱུང་སྐོར་འབྲེལ་ཡོད་གོ་སྒྲིག་ཚོགས་ཆུང་གི་སྤྱི་དཔོན་གཉིས་དང་འཐུས་མི་རྣམས་དང་མང་ཚོགས་ནས་ཉིན་མཐའ་མའི་ཉིན་དགའ་བསུའི་ཐལ་སྒྲ་སྒྲོགས་ཏེ་འཁྲབ་སྟོན་པ་ཡོངས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་གནང་སྟེ་བོད་ཀྱི་ཟློས་གར་ཚོགས་པའི་ཕྱི་ལོ་…

TIPA performed various dances for the foreign delegation & esteemed guest visit.

ཕྱི་ལོ་ ༢༠༢༤ ཟླ ༣ ཚེས ༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨོ་སི་ཁྲུ་ལི་ཡ་དང་། འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཚབ། དེ་བཞིན་ཐའེ་ལནྜ་དང་། ཐའེ་ཝན་ནས་བོད་དོན་ལས་ཁུངས་དང་འབྲེལ་བའི་སྦྱིན་བདག་ཚོགས་པ་ཁག་གི་སྐུ་ཚབ་བཅས་བོད་ཀྱི་ཟློས་གར་ཚོགས་པར་ཆིབས་བསྒྱུར་བསྐྱངས། ཆིབས་བསྒྱུར་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་ཚོས་ཞྭ་ནག་དང་། སེང་གེ་གར་འཆམ་སོགས་ཀྱི་འཁྲབ་སྟོན་སྣ་ཚོགས་བྱས། འཁྲབ་སྟོན་གྲུབ་རྗེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྐུ་མགྲོན་རྣམས་ལ་དྲན་རྟེན་གྱི་ཕྱག་རྟགས་ཕུལ་ཏེ་བོད་ཀྱི་ཟློས་གར་ཚོགས་པའི་གསོལ་ཚིགས་ཁང་དུ་གསོལ་སྟོན་གཟབ་རྒྱས་བཤམས་སྟོན་གནང། The Tibetan Institute of Performing Arts received a visit from the esteemed Sikyong Penpa Tsering La,…