༄༅། །ཕྱི་ལོ་ ༢༠༢༤ ཟླ་བ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུངས་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ཁང་གི་གསུང་ཆོས་ར་བའི་ནང་དངོས་གཞིའི་གཞུང་འབྲེལ་མཛད་སྒོ་སྐོང་ཚོགས་ཞུས་ཡོད་པ་བཞིན། ཉིན་དེའི་དགོང་དྲོའི་ཆུ་ཚོད་ ༦།༣༠ ཐོག་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་རྟེན་འབྲེལ་དགའ་སྟོན་བསྲུ་བརྩི་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང། དཔལ་ལྡན་སྲིད་སྐྱོང་མཆོག་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེའི་ཀ་ར་རྫོང་གི་རྫོང་དཔོན་

Sh. Hemraj Bairwa, I.A.S. Deputy Commissioner
Saurabh Jassal, I.A.S. Addl. Deputy Commissioner
Shalini Agnihotri, I.P.S. Superintendent of Police
Subhash Gautam, H.A.S. AC to DC
Dr. Kushual Sharma, Former Superintendent of Police དང་གནས་ཡུལ་གྱི་དཔོན་རིགས་དང་སྐུ་འཁོར་རྣམ་པ། དེ་བཞིན་དམིགས་བསལ་སྐུ་མགྲོན་ཁེ་ན་ཌའི་ཨོ་ཀྲ་རིའོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བུ་འཁྲིད་ལ་དཀར་པོ་ཆེ་དང་། སུད་སི་ Oetwill am See གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་གཞོན་སྐྱེས་རྣམས་དང་འབྲས་ལྔོངས་ནས་ཆེད་མངགས་ཕེབས་པའི་བོད་རིགས་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་སློབ་ཕྲུག་ཅག་གཅིག བོད་ཀྱི་ཟློས་གར་སྒྱུ་རྩལ་ཐོག་སྦྱོང་བརྡར་གནང་མཁན་གྱི་ཕྱི་རྒྱལ་སློབ་ཕྲུག་བཅས་ཁྱོན་སྐུ་མགྲོན་ ༣༠༠ ལྷག་ཙམ་འདུ་འཛོམས་བྱུང་བ་རྣམས་ལ་༸རྒྱལ་བའི་སྐུའི་འཁྲུངས་དཀར་དགའ་སྟོན་མཚོན་ཆེད་དུ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མི་ཡིན་པའི་རྐང་བྲོ་གླུ་གཞས་དང་རྒྱ་གར་གནའ་བོའི་ཞབས་བྲོ་བཅས་འཁྲབ་སྟོན་གཟབ་རྒྱས་ཞུས་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་ནས་རྒྱ་གར་སྐུ་མགྲོན་གཙོས་པའི་གཞན་སྐུ་མགྲོན་རྣམས་ལ་འཚམས་ཞུ་དང་སྦྲགས་རྒྱ་གར་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་མཐུན་འགྱུར་གནང་བ་ལ་ཐུགས་རྗེ་ཆེ་ཞུས་སྟེ་སྐུ་མགྲོན་ཡོངས་ལ་གཞུང་འབྲེལ་གསོལ་སྟོན་རྒྱས་པ་འདེགས་འབུལ་ཞུས་པའི་སྒོ་ནས་ཉིན་དེའི་གཞུང་འབྲེལ་དགའ་སྟོན་གྱི་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་ཞུས་ཡོད།


On the 6th of July, 2024, a grand celebration was held to commemorate the 89th birthday of His Holiness The 14th Dalai Lama. The event took place at the esteemed Thekchen Choeling Tsuglakhang temple. Following the conclusion of the ceremony at the temple, the festivities continued at The Tibetan Institute of Performing Arts, commencing at 6:30 PM.
The event was honored by the presence of several distinguished guests, including Shri Hemraj Bairwa, I.A.S Deputy Commissioner, Saurabh Jassal, I.A.S Deputy Commissioner, Shalini Agnihotri, I.P.S Superintendent of Police and Subhash Gautam, H.A.S. AC to DC.
Additionally, the event was graced by Bhutila Karpoche, the Deputy Speaker of the Ontario State Parliament in Canada, and Mr. Namgyal Gangshontsang, the Mayor of Qetwil Am See, Switzerland. The celebration also saw the participation of all the attendees of the cultural immersion summer course, as well as students from Sikkim who were in Dharamshala for an educational tour.
As the event commenced, the Honourable Sikyong delivered a poignant speech, highlighting the invaluable support provided by the Government of India and its people to Tibet. He underscored the enduring friendship and assistance extended to the Tibetan community, emphasizing the deep gratitude felt towards India for its unwavering support in preserving and promoting Tibetan culture and heritage.



