The Tibetan Parliament in exile hosted a cultural show and dinner for a delegation at TIPA.

༄༅།  །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩་ཚེས་ ༢༠ ཉིན་ཇར་མན་རོགས་ཚོགས་ (Friedrich Naumann Foundation) ཀྱི་སྣེ་ཁྲིད་པའི་ཇར་མན་ནྭིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ ( Frank Muller-Rosentritt) ལགས་དང་།  མྭའ་དིབ་མཚོ་གླིང་གི་གྲོས་ཚོགས་འཐུས་མི་ (Fayyaz Ismail) ལགས་གཙོས་པའི་ (FNF) རོགས་ཚོགས་ཀྱི་ལྷོ་ཨེ་ཤེ་ཡའི་ས་ཁུལ་འགན་འཛིན་ (Crasten Klein) ལགས་སོགས་ནས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་འོག་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་ཚོགས་ཁང་ནང་བཞུགས་གྲལ་འཁོད་མཚམས་བོ་ཀྱི་ཟློས་གར་སྤྱི་ཁྱབ་འགན་འཛིན་ནས་ངོ་སྤྲོད་སྙིང་བསྡུས་སྙན་གསན་ཞུས་རྗེས་ཆེ་མཐོའི་ཕེབས་བསུའི་སླད་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གནས་སྣ་གཟིགས་འབུལ་སྐབས་དཔལ་ལྡན་ཚོགས་གཞོན་གཙོས་པའི་རྒྱུན་གནས་རྣམ་པ་དང་སྤྱི་འཐུས་ཁག་ཅིག་ཀྱང་མཉམ་བཞུགས་གནང་ཡོད་པར།   དཔལ་ལྡན་ཚོགས་གཞོན་མཆོག་ནས་འཚམས་འདྲི་གསུངས་བཤད་དང་གྲོས་ཚོགས་འཐུས་མི་ནས་གསུང་བཤད་གནང་རྗེས་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ནས་དགའ་བསུའི་མཇལ་དར་དང་དྲན་རྟེན་ཕྱགས་རྟགས་ཞུས།    སྐུ་མགྲོན་ཚང་མས་བོད་ཀྱི་རིག་གཞུང་བཟང་པོ་འཁྲབ་སྟོན་གཟབ་རྒྱས་གནང་བར་ཡིད་རངས་བསྔགས་བརྗོད་གནང་། On September 20, the Tibetan Parliament in exile hosted…

ད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་ནས་ལ་་དྭགས་ཟངས་དཀར་གྱི་དགའ་སྟོན་ལ་མཉམ་ཞུགས་གནང་།

ཟངས་དཀར་དཔའ་འདུམ་གྲོང་སྡེའི་ཉེ་འཁྲིས་སུ་ཆགས་པའི་ས་ནྭི་མཚོ་ཐང་སྟེ་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་གུ་རུ་རིན་པོ་ཆེ་ཡིས་སྒོམ་སྒྲུབ་ཉམས་ལེན་གནང་ཡུལ་དུ་གྲགས་པའི་་གནས་ཁྱད་པར་ཅན་དང་། ༸རྒྱལ་བ་དོན་གྱི་བདག་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཞབས་ཀྱིས་བཅགས་ཏེ་ཆོས་འབྲེལ་ལན་འགར་བསྩལ་མྱོང་བའི་གནས་བྱིན་ཅན་དེར་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༣ ནས་ ༡༤ བར་ཉིན་གཉིས་རིང་ལ་དྭགས་ཟངས་དཀར་གྱི་དགའ་སྟོན་ཐེངས་དགུ་པ་སྐོང་ཚོགས་ཞུས་ཡོད་པ་བཞིན་དགའ་སྟོན་ཉིན་འདི་ག་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞན་སྣ་འཁྲབ་སྟོན་ཞུ་རྒྱུར་མགྲོན་འབོད་བྱུང་སྟབས། ཕྱི་ཚེས་ ༡༡ ཉིན་འདི་གའི་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་འཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་། སྒྱུ་རྩལ་བ་བཅས་ཁྱོན་མི་གྲངས་ ༡༥ རྡ་ས་ནས་འཁོར་ལམ་བརྒྱུད་ཕྱིན་ཐོན་ཞུས་ཏེ། དགའ་སྟོན་གྱི་ཉིན་དང་པོའི་དབུ་བྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལ་དྭགས་དབུས་འཛིན་ས་ཁུལ་གྱི་སྲིད་སྐྱོང་Brig. (Dr.) B.D. Mishra (Retd) མཆོག་དང་། Dr. Mohd Jaffar Akhoon, Chief Executive Councilor, LADDC, Kargilརྣམ་གཉིས་ཀྱི་དབུས་པའི་གནད་ཡོད་སྐུ་མགྲོན་ཁག་དང་། གནས་ཡུལ་གྱི་མང་ཚོགས་དང་ཕྱི་ཕྱོགས་ནས་ཕེབས་པའི་གཟིགས་མོ་བ་བཅས་མི་གྲངས་སྟོང་ཕྲག་འགའ་ཞིག་འདུ་འཛོམས་བྱུང་འདུག་པའི་སར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་ཡོད་ཅིང་།…

བོད་ཀྱི་རིག་གཞུང་དང་སྙིང་རྗེ། (Spirit of Tibet)

བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་རྣམས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༣ ཉིན་གྱི་དགོངས་མོར་<<བོད་ཀྱི་རིག་གཞུང་དང་སྙིང་རྗེ་>>ཞེས་པའི་དུས་སྟོན་མཛད་སྒོའི་ཐོག་ཡིད་དབང་རབ་ཏུ་འཕྲོག་པའི་བོད་ཀྱི་རིག་གཞུང་གཞས་སྣང་འཁྲབ་སྟོན་གཟིགས་འབུལ་རྒྱས་པར་ཞུས། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་གི་སྐུ་ཚབ་དོན་གཅོད་སྐུ་ཞབས་ཨེ་རིཀ་གར་སེཊི་(Eric Garcetti )མཆོག་ཆིབས་བསྒྱུར་བསྐྱངས་ཏེ་སྒྱུ་རྩལ་པ་ཚོས་ལྡི་ལི་གསར་པའི་ཀམ་ལ་ཌི་ཝི་ཁུལ་གྱི་(Multipurpose Hall)ཚོགས་ཁང་དུ་བོད་ཀྱི་གནའ་རབས་ཀྱི་ཁྱད་ཆོས་ལྡན་པའི་རིག་གཞུང་ཞབས་གཞས་འཁྲབ་སྟོན་ཞུས་ཡོད། ཨ་རི་གཞུང་ཚབ་སྐུ་ཞབས་གྷར་སེཊི་ཡིས་སྐུ་མགྲོན་དང་གཟིགས་མོ་བ་རྣམས་ལ་ཨ་རིའི་གཞུང་གིས་བོད་ཀྱི་རྩ་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་ཁས་ལེན་གནང་སོང་། དེ་བཞིན་རིག་གཞུང་འགྲེམས་སྟོན་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྐོུ་སྒྲོལ་མ་ཚེ་རིང་ཐེག་ཁང་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་སྐོུ་འཇིགས་མེད་འབྱུང་གནས་མཆོག། ཨེ་རི་གཞུང་ཚབ་མཆོག་དང་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གཙོས་པའི་ཆེ་མཐོའི་སྐུ་མགྲོན་གཞན་རྣམས་ཀྱང་ཕེབས་གནང་འདུག། Artists from the Tibetan Institute of Performing Arts presented a captivating cultural show at the Tibetan…

The visit of an Estonian parliamentary delegation. 

ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༠༡ ཉིན་ཨེ་སི་ཊོ་ནི་ཡིའི་གྲོས་ཚོགས་འཐུས་མི་སྐུ་ཚབ་ཚོགས་པ་འཚམས་འདྲིར་ཕེབས་འབྱོར་བྱུང་བར་བརྟེན་རྟེན་འབྲེལ་མཚོན་བྱེད་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་རྣམས་ནས་བོད་ཀྱི་གནའ་ཉམས་ལྡན་པའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་ཀུ་ཀར་ལེ་རའེ་ཌི་(Mr. Juku-Kalle Raid) མཆོག་གིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྐོུ་སྤེན་པ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ངོ་ཚོགས་གཙོ་དང་ཚོགས་གཞོན་མཆོག ཁྲིམས་ཞིབ་པ་མཆོག་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་འཛིན། རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་གཅོས་པའི་གཞུང་ཞབས་གནད་ཡོད་མི་སྣ་གལ་ཆེན་ཁག་མཛད་སྒོར་ཕེབས་གནང་མཛད།  དབུས་བོད་མིའི་སྒྲིག་འཛུགས་ནས་རེ་སྐུལ་ཞུས་ཏེ་གོ་སྒྲིག་ཞུས་པའི་མཛད་སྒོ་འདིར་ཨེ་སི་ཊོ་ནི་ཡའི་སྐུ་ཚབ་ཚོགས་པར་ཆེད་བསྟོད་སླད་གཞུང་འབྲེལ་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་ཚོས་༼འཛམ་གླིང་ཡང་རྩེ་༽ཞེས་འབོད་པའི་བོད་ཀྱི་གནའ་བོའི་རིག་གཞུང་ཕྱུག་པོ་དང་སྣ་འཛོམས་རང་བཞིན་མཚོན་པའི་ཁྱད་ཆོས་རྣམས་འཁྲབ་སྟོན་གཟབ་རྒྱས་ཞུས་པར་སོང་། ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཡིད་དབང་རབ་ཏུ་འཕྲོག་སྟེ་སྒྱུ་རྩལ་པ་ཚོས་འབད་བརྩོན་ཆེ་བསྐྱེད་གནང་བར་བསྔགས་བརྗོད་ཚད་མཐོ་པོ་གནང་། མཛད་སྒོ་འདི་ནི་རྒྱལ་སྤྱིའི་འབྲེལ་ལམ་ཇེ་ཆེར་འགྲོ་བཞིན་པའི་དུས་དེར་རིག་གཞུང་གི་བསམ་བློ་བརྗེ་རེས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤུལ་གཞག་རིག་གཞུང་བཟང་པོ་རྣམས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་རྒྱུའི་གལ་ཆེའི་རང་བཞིན་མངོན་པར་བྱས་ཡོད། On 1st September 2024, artists from the Tibetan Institute of Performing Arts (TIPA)…

བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་དྲན་སྲུང་བརྩི་གནང་བ་དང་བསྟུན་དབྱར་སྐྱིད་རྐང་བྲོ་གླུ་གཞས་ཀྱི་རྟིང་རྩོད་འགྲན་བསྡུར་གནང་སོང་།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་གར་གླུའི་རིག་རྩལ་ཁང་དུ་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་དྲན་སྲུང་བརྩི་གནང་བ་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་ཀྱི་རྟིང་རྩོད་འགྲན་བསྡུར་གནང་སྟེ་རྔོན་པ་རུ་ཁག་ལ་ཐེངས་འདིའི་རྒྱལ་ཁ་ཐོབ་སོང་།   ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྐོུ་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་སྐུའི་སྣེ་ཤན་པ་སྐུ་ཞབས་ Yashbir Singh མཆོག་དང་རྟེན་ཞལ་རྣམ་གཉིས།  ཀང་ར་རྫོང་གི་སྐོར་སྲུང་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ Hitesh Lakhanpal མཆོག་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་  Ram Swaroop མཆོག་དང་གཞན་ཡང་རྒྱ་གར་སྐུ་མགྲོན་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ་དང་ལས་ཟུར་རྣམ་པ། རྡ་ས་ས་གནས་འགོ་འཛིན་གཙོས་པའི་བཞུགས་སྒར་ཁུལ་གྱི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། ཟློས་ཟུར་ཚོགས་མི་རྣམ་པ། བཀུར་འོས་ཟུར་དཔང་རྣམ་པ་དང་གཞན་ཡང་གདན་ཞུས་སྐུ་མགྲོན་བཅས་ཁྱོན་མི་གྲངས་ཉིས་བརྒྱ་ལྷག་ཙམ་མཉམ་བཞུགས་གནང་སོང་། མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་དུས་དྲན་གྱི་ངོ་སྤྲོད་གསུང་བཤད་གནང་བ་དང་། དེ་རྗེས་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རུ་ཁག་གཉིས་དབར་གྱི་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་ཟུར་དཔང་ངོ་སྤྲོད་གནང་སྟེ་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་བར་རྐྱང་གཞས་དང་མཉམ་གཞས། འཁྲབ་གཞས་བཅས་རྟིང་རྩོད་ཀྱིས་འགྲན་བསྡུར་གནང་རྗེས་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་།  འགྲན་བསྡུར་གྲུབ་མཚམས་སུ་དམིགས་བལ་སྐུ་མགྲོན་རྒྱ་གར་དབུས་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་སྐུའི་སྣེ་ཤན་པ་སྐུ་ཞབས་ Yashbir Singh མཆོག་ནས་ཟུར་དཔང་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་དང་ལེགས་སྐྱེས་གསོལ་བསྩལ་གནང་པ་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལོ་ངོ་ཉི་ཤུ་ཧྲིལ་པོ་འཁོར་བའི་ལས་བྱེད་ཅིག་ལ་རང་གཞུང་ཆོས་རིག་ལས་ཁུངས་ནས་གསོལ་བསྩལ་གནང་བའི་ཕྱག་འཁྱེར་དང་བྱ་དགའ་ཐོབ་མཁན་རྣམས་ལ་ལེགས་སྐྱེས་གསོལ་བསྩལ་གནང་སོང་།  མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་པ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྤྱི་དང་ཡང་སྒོས་ཟློས་གར་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་གནང་རྒྱུར་དགོངས་བཞེད་ཀྱིས་ཐོག་མར་གསར་འཛུགས་གནང་པ་དང་། དེ་ནས་མི་རབས་རྒན་པ་རིམ་བྱོན་གྱིས་ཚོགས་པ་འདི་ཉིད་ཡར་རྒྱས་གོང་འཕེལ་གཏོང་བར་ཞབས་འདེགས་གང་ལེགས་ཞུས་ཡོད་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་མི་རབས་རྒན་བགྲེས་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་དགོས་པའི་སྐོར་གཞེན་སྐུལ་གནང་། དེ་བཞིན་ད་ལྟའི་ཆར་བོད་མིའི་གནས་སྡོད་བྱ་ཡུལ་ས་ཕྱོགས་གང་སར་ཟློས་ཟུར་རྣམས་པས་གནས་ཡུལ་ས་གནས་སོ་སོར་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་ཁྲིད་ཀྱིས་བྱ་བར་གཞོལ་ཏེ་ཁྱབ་བརྡལ་ཆེན་པོ་བྱུང་བ་ནི་བོད་ཀྱི་ཟློས་གར་ཚོགས་པ་ནས་རྨང་གཞིའི་སློབ་སྦྱོང་གཞི་རྟེན་བྱུང་བ་དང་སྦྱང་བརྩོན་བྱས་ཏེ་གྲུབ་འབྲས་བཟང་པོ་བྱུང་བར་སོང་། བོད་ཀྱི་ཟློས་གར་སྒྱུ་རྩལ་རྒྱུན་འཛིན་གྱིས་མི་རབས་གཞོན་པ་ཚོར་སློབ་ཁྲིད་གནང་བར་བསྔགས་བརྗོད་དང་། ཟློས་ཟུར་རྣམས་ནས་ཀྱང་ཟློས་གར་ཚོགས་པར་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་སོང་། དེ་བཞིན་འདི་ལོའི་དབྱར་སྐྱིད་འགྲན་བསྡུར་འདི་ཡང་སྔར་དང་མི་འདྲ་བར་སྒྱུ་རྩལ་སློབ་མ་རྣམས་ནས་རྣམ་དཔྱོད་རྩལ་བཏོན་གྱིས་ཡར་རྒྱས་རྣམ་པ་ཞིག་མངོན་ཐུབ་པ་བྱུང་སོང་སྙམ་པའི་ཚོར་སྙང་ཆེན་པོ་བྱུང་སོང་ལ། རུ་ཁག་སོ་སོའི་ནང་མཉམ་ཞུགས་གནང་མཁན་བྲོ་པ་རྒན་གཞོན་དང་དགེ་ལས་གཙོས་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། བཀའ་ཤག་གི་ངོས་ནས་ཆབ་སྲིད་ཁོ་ན་མིན་པར་རིག་གཞུང་དང་རྩེད་རིགས།…

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༣༡ ཉིན་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་གྱི་མཇུག་བསྡོམས་མཛད་སྒོ་བསྐྱངས་སོང་།

    ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༣༡ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་གར་གླུའི་རིག་རྩལ་ཁང་དུ་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ལེགས་གྲུབ་ཟིན་པའི་མཇུག་བསྡོམས་མཛད་སྒོའི་སྐབས་ཆིབས་སྒྱུར་བསྐྱངས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་སྐོུ་རྒྱ་རི་སྒྲོལ་མ་མཆོག་དང་དམིགས་བསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐོུ་བློ་བཟང་སྦྱིན་པ་མཆོག་དང་རང་གཞུང་ཆོས་རིག་ལས་ཁུངས་ཀྱི་སྐོུ་དྲུང་ཆེ་བདུད་འདུལ་རྡོ་རྗེ་མཆོག་ཕེབས་གནང་མཛད་ཡོད་པ་དང་། དེ་རིང་གི་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོར་བརྡར་འདི་ཁ་སྔོན་ཕྱི་ཟླ་ ༧ ཚེས་ ༡ ནས་ ༣༡ བར་ཉིན་གྲངས་སོ་གཅིག་རིང་བྱང་ཨ་རི་དང་སུད་སི་བཅས་ནས་སློབ་ཕྲུག་ཁྱོན་གསུམ་བཅུ་མཉམ་ཞུགས་གནང་འདུག    མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ཟབ་སྦྱོང་གི་བརྒྱུད་རིམ་ནང་ཁྱིམ་བདག་དང་དགེ་རྒན་ཚོས་ཐུགས་ཁུར་ཆེར་བསྐྱེད་ཀྱིས་དོན་སྨིན་ལྡན་པའི་གྲུབ་འབྲས་བཟང་པོ་བྱུང་བར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་རྗེས་སྦྱོང་བརྡར་ནང་མཉམ་ཞུགས་གནང་མཁན་སློབ་མ་ཚོས་ལྷ་མོའི་རྣམ་ཐར་དང་ནང་མ་སྟོད་གཞས། རོལ་ཆ་དཀྲོལ་གཏོང་དང་ཞབས་གཞས་འཁྲབ་སྟོན་སོགས་ལེ་ཚན་བཅོ་གཉིས་ཙམ་རྒྱ་ཆེའི་སྐུ་མགྲོན་ལྷན་རྒྱས་དང་ཁྱིམ་བདག་ཚོར་གཟིགས་འབུལ་གཟབ་རྒྱས་ཞུས་པར་ཀུན་གྱིས་བསྔགས་བརྗོད་ཆེན་པོ་གནང་སོང་།   དེ་རྗེས་སྐུ་མགྲོན་གཙོ་བོ་སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག་ནས་ད་ལྟའི་དུས་དེར་བོད་ནང་རྒྱ་ནག་གཞུང་གིས་རིག་གཞུང་བཙན་ཤེད་ཀྱིས་རྒྱ་བསྒྱུར་གྱི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། ང་ཚོའི་བཙན་བྱོལ་དུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ནས་༸རྒྱལ་བའི་བཀའ་དགོངས་བཞིན་རིག་གཞུང་སྲུང་སྐྱོབ་གནང་དགོས་སྐོར་དང་། བོད་ཀྱི་ཟློས་གར་ཚོགས་པ་དེའང་༸གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་དང་ཐུགས་བཞེད་ཟབ་མོས་ཐོག་མ་བཙན་བྱོལ་དུ་གྱར་མ་ཐག་ཏུ་གསར་འཛུགས་གནང་པ་ཞིག་ཡིན་པར་སོང་ད་སྒོས་ཕྱི་རྒྱལ་དུ་སྐྱེས་འཚར་བྱུང་བའི་སློབ་མ་རྣམས་ལ་རིག་གཞུང་བརྒྱུད་སྤྲོད་ཞུ་རྒྱུའི་གོ་སྐབས་བཟང་པོ་བྱུང་བར་བསྔགས་བརྗོད་ཆེན་པོ་གནང་བ་དང་། ཁྱིམ་བདག་ཚོའི་ངོས་ནས་སློབ་ཕྲུག་ཚོར་བློས་གཏོང་ཆེན་པོས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་བཀའ་སློབ་བཀའ་དྲིན་བསྐྱངས་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲུབ་སོང་། ། 2nd cultural immersion summer course concludes today at TIPA The…

A grand celebration was held to commemorate the 89th birthday of His Holiness The 14th Dalai Lama at TIPA.

༄༅།   །ཕྱི་ལོ་ ༢༠༢༤ ཟླ་བ  ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན།  བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུངས་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ཁང་གི་གསུང་ཆོས་ར་བའི་ནང་དངོས་གཞིའི་གཞུང་འབྲེལ་མཛད་སྒོ་སྐོང་ཚོགས་ཞུས་ཡོད་པ་བཞིན། ཉིན་དེའི་དགོང་དྲོའི་ཆུ་ཚོད་ ༦།༣༠ ཐོག་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་རྟེན་འབྲེལ་དགའ་སྟོན་བསྲུ་བརྩི་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང།  དཔལ་ལྡན་སྲིད་སྐྱོང་མཆོག་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེའི་ཀ་ར་རྫོང་གི་རྫོང་དཔོན་  Sh. Hemraj Bairwa, I.A.S. Deputy Commissioner Saurabh Jassal, I.A.S. Addl. Deputy Commissioner…

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་རྡ་སར་ཆེད་ཕེབས་སྐབས་གཞུང་འབྲེལ་ཕེབས་བསུའི་གསོལ་སྟོན་མཛད་སྒོ།

༄༅།   །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༡༨ ཉིན་བོད་དོན་ཐོག་ཚད་མཐོའི་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཚུང་གི་ཚོགས་གཙོ་སྐུ་ཞབས་ ( Michael McCaual) མཆོག་གི་སྣེ་ཁྲིད་འོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་(Nancy Pelosi) མཆོག་གིས་དབུས་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་རྡ་སར་ཆེད་ཕེབས་གནང་ཡོད་པ་བཞིན། དེ་ཉིན་གྱི་ཕྱི་དྲོའི་ཚོུད་ ༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཆེ་མཐོང་ཞུ་བའི་གཞུང་འབྲེལ་ཕེབས་བསུའི་གསོལ་སྟོན་འདེགས་འབུལ་ཞུ་བའི་མཛད་སྒོ་ཞིག་འདི་ག་བོད་ཀྱི་ཟློས་གར་ཚོགས་པར་སྐོང་ཚོགས་ཞུས་ཡོད། ཆེས་མཐོའི་སྐུ་མགྲོན་རྣམ་པ་བོད་ཀྱི་ཟློས་གར་ཚོགས་པར་ཕེབས་བཅར་སྐབས་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ཕེབས་བསུའི་མཇལ་དར་སྒྲོན་ཏེ་སྒྱུ་རྩལ་བ་རྣམས་ནས་གྲོ་སོ་ཕྱེ་མར་དང་བཀྲིས་གཤོལ་པ་འཁྲབ་སྟོན་ཀྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས། ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དང་སྐུ་འཁོར་ལྷན་རྒྱས་དང་ཨ་རི་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་ཁྱོན་བསྡོམས་ ༣༥ ཐོག་བོད་མིའི་སྒྲིག་འཛུགས་མཛད་གཙོ་ལྷན་རྣམ་པ་དང་།  ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ།  བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུག་ལགས།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་དང་ལྡི་ལི་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་བཅས་གཙོ་བོར་གྱུར་བའི་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་འཚམས་འདྲིའི་གསུང་བཤད་དང། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ཕེབས་སུའི་འཚམས་འདྲི་དང་བོད་ཀྱི་ཟློས་གར་ཚོགས་པ་ངོ་སྤྲོད་སྙིང་བསྡུས་གནང་རྗེས་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་གཟབ་རྒྱས་ཞུས་བསྟུན་དགོང་ཚིགས་འདེབས་འབུལ་ཞུས། འདི་ག་བོད་ཀྱི་ཟློས་གར་ཚོགས་པ་ངོས་ནས་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་ཐང་ག་རེ་ཕུལ་གནང་མཛད། ཆེས་མཐོའི་སྐུ་མགྲོན་རྣམས་ནས་ཐུགས་དགྱེས་འཚོར་ཆེན་པོས་བོད་ཀྱི་རིག་གཞུང་ལ་ཡིད་རངས་བསྔགས་བརྗོད་གནང་བའི་ངང་ནས་ཕེབས་བསུའི་གསོལ་སྟོན་གཟབ་རྒྱས་ངང་ལེགས་གྲུབ་བྱུང་ཡོད་པ་བཅས། Dharamshala, 18 June 2024: A high-level US bipartisan Congressional delegation led by…

Geshe Thupten Norbu la, along with a group of Taiwanese guests, visited Tibetan Institute of Performing Arts (TIPA).

སྤྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༣ ཉིན་ཐེ་ཝན་དུ་བཅའ་བཞུགས་དགེ་བཤེས་ཐུབ་བསྟན་ནོར་བུ་ལགས་དང་དད་ལྡན་ཆོས་ཞུ་བ་ཁག་ཅིག་བོད་ཀྱི་ཟློས་གར་ཚོགས་པར་ཆེད་ཕེབས་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་རྗེས་ཐེ་ཝན་ཆོས་ཞུ་ཁོངས་ནས་སྒྱུ་རྩལ་ཁག་ཅིག་ནས་རིག་གཞུང་འཁྲབ་སྟོན་གནང་ནས་མི་རིགས་ཕན་ཚུན་དབར་རིག་གཞུང་བརྗེ་ལེན་གྱི་འབྲེལ་བ་མཐུད་ཐུབ་པ་མ་ཙམ་མ་ཟད་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་འཁྲབ་སྟོན་གཟིགས་འབུལ་ཞུས་པ་པ་རྗེས་སུ་ཡིད་རང་དང་དགའ་སྤོབ་ཆེན་པོ་གནང་། On May 23, 2024, Geshe Thupten Norbu la, along with a group of Taiwanese guests, visited the Tibetan Institute of Performing Arts (TIPA). Artists from TIPA…

Diamond Jubilee celebrations of the Para Trg School Vikas, located at Sarasawa

སྤྱི་ལོ ༢༠༢༤ ཟླ་བ་ ༥ ཚེས་ ༡༧ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་གྱི་ཉེ་འཁྲིས་སུ་ཡོད་པའི་ས་ར་ས་ཝར་ས་གནས་སུ་རྟེན་གཞི་ཆགས་པའི་དྭང་སློབ་གནམ་སྦྱོང་བསྟི་གནས་ཁང་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པ་མགྲོན་འབོད་གནང་དོན་ལྟར་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་སྒྱུ་རྩལ་བ་གྲངས་ཉི་ཤུ་རྩ་བདུན་ཙམ་དུས་དྲན་མཛད་སྒོར་ཆེད་བཅར་གྱིས་དུས་སྟོན་གྱི་སྐུ་མགྲོན་གཙོ་བོ་རྒྱ་གར་དང་ཞབས་རུ་དཔོན་ཟུར་པ་སྐུ་ཞབས་ RS Jamwal མཆོག་དང་གནམ་སྦྱོང་བསྟི་གནས་ཁང་གི་གཙོ་འཛིན་དམག་སྤྱི་སྐུ་ཞབས་ཀ་པིལ་ཡཱ་དཱབ་སོགས་དམག་དཔོན་ཆེ་ཕྲ་ཁག་སོ་སོའི་ནང་མི་དང་རྒན་ཡོལ་དུ་ཕེབས་ཟིན་པའི་རྒྱ་བོད་དམག་དཔོནཟུར་པ་དང་ནང་མི་སོགས་མི་གྲངས་བཞི་བརྒྱ་ལྷག་ཙམ་ལྷན་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལབ་རྣམས་ནས་བོད་ཀྱི་མཐུན་མིན་རིག་གཞུང་གི་ཤུལ་བཞག་གཞས་སྣ་ཕུན་གསུམ་ཚོགས་པ་འཁྲབ་སྟོན་ཟབ་རྒྱས་ཞུ་ཐུབ་པ་བྱུང་ཡོད། དུས་སྟོན་འདི་ལྟ་བུ་ལ་མཉམ་ཞུགས་བྱ་རྒྱུ་ནི་དམིགས་བསལ་བོད་མིའི་སྤྱི་ཚོགས་དང་རྒྱ་གར་གཞུང་མང་ལ་གུས་བཀུར་མཚོན་བྱེད་དང་རྒྱ་གར་གཞུང་མང་གཉིས་དང་། སྒོས་སུ་དང་སློབ་གནམ་སྦྱོང་བསྟི་གནས་ཁང་གི་སྒྲིག་འཛུགས་ནང་སྲི་ཞུ་སྒྲུབ་མཁན་འདས་གསོན་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་མཚོན་ཆེད་ཅིག་ཏུ་གྱུར་ཡོད་སྟབས། སྐུ་མགྲོན་གཙོ་གཞོན་གྱིས་གཙོས་པའི་གཟིགས་མོ་བ་ཡོངས་ནས་ཆེ་མཐོའི་གུས་བརྩི་དང་བསྔགས་བརྗོད་གནང་སྟེ་ཐེངས་འདིའི་སྐོར་སྐྱོད་འཁྲབ་སྟོན་ཟབ་རྒྱས་ངང་ལེགས་གྲུབ་བྱུང་ཡོད། On May 17, 2024, the Tibetan Institute of Performing Arts (TIPA) had the honor of…