བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༦ འཁོར་བའི་དུས་དྲན་དང་བསྟུན་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་བ།

༄༅། །བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོ། ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་གྱི་མཛད་སྒོ་འདི་ཟླའི་ཚེས་ ༢༧ རེས་གཟའ་ལྷག་པ་༸རྒྱལ་བའི་ལྷག་དཀར་གྱི་དུས་ཚེས་ཁྱད་པར་ཅན་གྱི་ཕྱི་དྲོའི་ཚོུད་ ༣ ཐོག་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་བསྐོང་ཚོགས་ཀྱིས་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྐོུ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མིང་གི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆེས་མཐོའི་སྐུ་མགྲོན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་སྐོུ་ཡེ་ཤེས་དབང་མོ་མཆོག་བཅས་ཀྱིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དྲུང་ཆེ་དང་ལས་ཟུར་རྣམ་པ། རྡ་ས་ས་གནས་འགོ་འཛིན་གཙོས་པའི་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། ཟློས་ཟུར་ཚོགས་མི་རྣམ་པ་དང་། གཞན་ཡང་གདན་ཞུས་སྐུ་མགྲོན་བཅས་ལྷན་འཛོམས་ཐོག་ཉིན་དེར་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་པའི་དུས་ཆེན་དང་།  ༸རྒྱལ་བའི་གོ་སྟོན།  བྱམས་བརྩེའི་ལོ་བཅས་དུས་སྟོན་གསུམ་འཛོམས་ལ་རྟེན་འབྲེལ་ཞུ་བའི་སྔོན་འགྲོར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་དང་། སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ལས་རོགས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་སྒྱུ་རྩལ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་གཟུ་དཔང་རྣམས་ངོ་སྤྲོད་གནང་ཏེ་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐྱང་གཞས་དང་། འཁྲབ་གཞས་དང་གཏམ་བརྗོད་བཅས་འགྲན་བསྡུར་གྱི་ལམ་ནས་དུས་སྟོན་སྲུང་བརྩི་ཞུས་ཡོད་ཅིང་། དལན་གྱི་དབྱར་སྐྱིད་གཞས་སྣ་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཁ་ནི་རྒྱ་ལུ་རུ་ཁག་གིས་རྒྱལ་ཁ་བླངས་ཡོད་པ་རེད། དེ་ནས་ཆེས་མཐོའི་སྐུ་མགྲོན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་འདི་གའི་རྨང་གཞིའི་སྦྱོང་བརྡར་གྱི་ཡིག་རྒྱུགས་འཕྲོད་པའི་སྒྱུ་རྩལ་བ་རྣམས་ལ་མཇལ་དར་དང་ཕྱག་འཁྱེར་བསྩལ་གནང་བ་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཟུར་དཔང་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་དང་ལེགས་སྐྱེས་གནང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབྱར་སྐྱིད་འགྲན་བསྡུར་གྱི་བྱ་དགའ་ཐོབ་མཁན་ལ་ལེགས་སྐྱེས་བྱ་དགའ་གསོལ་བསྩལ་བཅས་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྤྱི་དང་། ཡང་སྒོས་བོད་ཀྱི་ཟློས་གར་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་གནང་སླད་གསར་འཛུགས་གནང་བ་བཞིན་མི་རབས་རྒན་པ་རིམ་བྱོན་གྱིས་བོད་ཀྱི་ཟློས་གར་ཚོགས་པ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུས་ཡོད་པས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་མི་རབས་རྒན་པ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་དགོས་པའི་སྐོར་གཞེན་སྐུལ་དང་སྦྲགས།  འདི་ལོའི་དབྱར་སྐྱིད་དུས་སྟོན་འདིར་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེ་ལོ་སྲུང་བརྩི་ཞུ་རྒྱུའི་དོན་དུ་བྱམས་བརྩེའི་བརྗོད་གཞི་ཐོག་འཁྲབ་སྟོན་བྱས་པའི་གཏམ་བརྗོད་དེས་ཚང་མར་མིག་ཆུ་ཤོར་དགོས་པ་སེམས་ལ་ཚོར་སྣང་ཆེན་པོ་ཞིག་བྱུང་སོོང་།   བོད་ཀྱི་ཟློས་གར་ཚོགས་པའི་ནང་བོད་ཀྱི་རྐང་བྲོ་གླུ་གཞས་ཐོག་སྦྱངས་རྩོན་གནང་སྟེ་ཟློས་གར་ནས་ཐོན་རྗེས་འཛམ་གླིང་ས་ཕྱོགས་གང་སར་གནས་ཡོད་པའི་ཟློས་ཟུར་རྣམས་ནས་རང་ཉིད་གནས་ཡུལ་ཀྱི་ས་གནས་སོ་སོར་བོད་ཀྱི་ཟློས་གར་རིག་གཞུང་སློབ་ཁྲིད་ཀྱིས་རྒྱུན་འཛིན་གནང་ཐུབ་པ་དེ་ཡང་རྨང་གཞི་ཚོགས་པ་འདིའི་ནང་སྦྱང་བརྩོན་བྱས་གྲུབ་འབྲས་ཆགས་ཡོད་པས་དེ་དག་མུ་མཐུད་རྒྱུན་འཛིན་གྱིས་མི་རབས་གཞོན་པ་ཚོར་སློབ་ཁྲིད་གནང་བ་ལ་བསྔགས་བརྗོད་དང་། གཞི་རྩའི་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ནང་སློབ་མ་གསར་འཇུག་ཐད་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་སྤྱི་མཚུངས་ལྟར་འདི་ག་ཟློས་གར་ལ་ཡང་སློབ་མ་གསར་འཇུག་ལ་དཀའ་ངལ་ཡོད་ཀྱང་། ད་ལན་སློབ་མ་གསར་འཇུག་གི་སྒྲིག་གཞི་དང་འབྲེལ་བའི་གནད་དོན་ཐོག་བསྐྱར་བཅོས་ཕྲན་བུ་ཞིག་བྱས་ཡོད་སྟབས། མ་འོངས་པར་འཛུགས་ཞུགས་བྱེད་མཁན་མང་དུ་ཡོང་བའི་རེ་བ་ཡོད་པ་དང་། ད་ཡོད་ཟློས་གར་ཚོགས་པའི་དགེ་ལས་ཚོགས་མི་ཡོངས་ནས་ཚོགས་པ་འདིའི་ནང་དུས་ཡུན་མང་ཙམ་ཞབས་ཞུ་བསྒྲུབ་གནང་དགོས་པའི་འབོད་སྐུལ་ཀྱང་གནང་ཡོད། TIPA’s 66th Anniversary Marked with Yarkyi Competition and Celebration of Compassion On the 11th day…

Official Visit and Annual General Meeting of the Tibetan Institute of Performing Arts

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༨ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དྷ་ས་ཁྱབ་ཁོངས་སུ་འཚམས་གཟིགས་ཐེངས་གཉིས་པ་འགོ་འཛུགས་གནང་ཡོད་པ་དང་།  ཉིན་རྒྱབ་ཏུ་བོད་ཀྱི་ཟློས་གར་ཚོགས་པར་ཕེབས་འབྱོར་སྐབས་བཀྲ་ཤིས་གཞོལ་པ་འཁྲབ་སྟོན་དང་བཅས་སྲོལ་རྒྱུན་གྱི་ལམ་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་དང་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས་ཚོགས་པའི་མཆོད་ཁང་ཕེབས་ནས་མར་མེ་ཞལ་ཕྱེ་དང་༸རྒྱལ་བའི་སྐུ་དཔར་མཐོང་སྒྲོལ་རིན་པོ་ཆེར་མཇལ་དར་དང་མཎལ་འདེགས་འདུས་དང་སྒྲུབ་ཐོབ་ཐང་སྟོང་རྒྱལ་པའི་འཇམ་སྐུ་ལ་མཇལ་དར་དང་མཇའ་ཁ་ཞུས།  དེ་རྗེས་ཡིག་ཚང་ལ་གཟིགས་ཞིབ་ཀྱིས་རྟེན་འབྲེལ་གསོལ་ཇ་བཞེས་ཏོག་འདེགས་འབུལ་རྗེས་སྒྱུ་རྩལ་བའི་སྡོད་ཁང་དང་ལས་ཤག་གསར་རྒྱག་འགྲོ་བཞིན་པའི་ལས་གཞི།  ཚོགས་པའི་གསོལ་ཚིགས་ཁང་དང་གསོལ་ཐབ་ཁང་ཉམས་གསོ་རྒྱ་སྐྱེད་ཟིན་པ་དང་འཚེམ་བཟོ་ཁང་བཅས་སུ་གཟིགས་སྐོར་གནང་གྲུབ་མཚམས་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད། དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་མཉམ་འཛོམས་ཀྱིས་ཐོག་མར་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་ད་རེས་དཔལ་ལྡན་སྲིད་སྐྱོང་མཆོག་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་ཕེབས་གཞོར་དང་བསྟུན་བོད་ཀྱི་ཟློས་གར་ཚོགས་པ་འདི་རྒྱ་གར་དབུས་ས་གཞུང་གི་ཁྲིམས་སྒྲིག་འོག་དེབ་བསྐྱེལ་ཞུས་པའི་ཚོགས་པ་ཞགས་ཡོད་པ་དང་།  ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་འགན་ཁུར་བཞེས་བཞིན་པ་སོང་དེབ་སྐྱེལ་ཚོགས་པའི་ཁྲིམས་སྒྲིག་ལྟར་ལོ་འཁོར་ཚོགས་ཆེན་ཐེངས་གཅིག་ཚོགས་དགོས་ནའང་ད་བར་དེ་ལྟར་གནང་ལམ་བྱུང་མེད་པ་སོང་མ་འོངས་ལ་རྒྱ་གར་དབུས་སའི་ཁྲིམས་སྒྲིག་འོག་དཀའ་ངལ་མི་ཡོང་སླད་ད་རེས་གཞུང་འབྲེལ་འཚམས་གཟིགས་གོ་སྐབས་དང་བསྲྟུན་ནས་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་དང་པོ་ཚོོགས།  ལས་བསྡོམས་སྙིང་བསྡུས་དང་རྩིས་ཁྲ་བཅས་སྒྲོགས་སྦྱང་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་ཟློས་གར་ཚོགས་པར་ད་ལྟའི་འཆར་ས་ཆའི་བདག་དབང་རྐྱེན་པས་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་སྐོར་འགྲེལ་བརྗོད་གནང་བ་དང་། དེ་བཞིན་སྒྲིག་འཛུགས་གཅིག་ཡིན་པའི་རྗེས་ཁྲིམས་དང་སྒྲིག་གཞི་དགོས་གལ་དང་འབྲེལ་བོད་ཀྱི་ཟློས་གར་ཚོགས་པའི་ཁྲིམས་དང་སྒྲིག་གཞི་ཁག་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བརྒྱུད་གཏན་འབེབས་གནང་རྒྱུ་ཡིན་པའི་སྐོར་དང་། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་གཞིས་ཆགས་ཁག་ནང་འཛུགས་སྐྲུན་གྱི་ལས་གཞི་འདི་ནི་བོད་ཀྱི་འཐབ་རྩོད་རྒྱུན་གནས་དང་གཞིས་ཆགས་ཁག་སྲ་བརྟན་ཡོང་སླད་ཡིན་པ་མ་ཟད། ད་ལྟའི་འཆར་རྒྱ་གར་ནང་བོད་རིགས་གཞོན་སྐྱེས་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ཀྱིས་བོད་པའི་རིག་གཞུང་ལྟེ་གནས་ཁག་གི་ནང་བོད་ཕྲུག་གི་གྲངས་འབོར་ཉུང་དྲག་པའི་དཀའ་ངལ་བཅས་ཀྱི་སྐོར་ཡང་འགྲེལ་བརྗོད་གནང་བ་དང་། བོད་ཀྱི་ཟློས་གར་ཚོགས་པ་འདི་སྒྱུ་རྩལ་རིག་གཞུང་གཅེས་འཛིན་ལྟི་གནས་གལ་ཆེ་ཡིན་པ་བཙན་བྱོལ་ད་ཕེབས་པ་ཐག་༸གོང་ས་མཆོག་ནས་ཐོག་མ་ཆེད་འཛུགས་མཛད་པའི་སྒྲིག་འཛུགས་གལ་ཆེ་སོང་།   དེའི་ནང་ཕྱགས་ལས་གནང་མཁན་དགེ་ལས་དང་སྒྱུ་རྩལ་བ་རྣམས་ནས་བོད་མི་རིགས་ཀྱི་མཐོུང་མ་ཡིན་པའི་རིག་གཞུང་བཟང་པོ་འདི་རྒྱུན་འཛིན་གྱི་བྱ་བཞག་རླབས་ཆེན་ཞིག་གནང་བཞིན་པ་བརྟེན་མུ་མཐུད་ཚོགས་པའི་ནང་རྒྱུན་རིང་ཙམ་བཞུགས་ནས་སྒྱུ་རྩལ་གོང་སྤེལ་དང་ཡར་རྒྱས་རྒྱུན་གནས་ཐོག་དགོངས་པ་བཞེས་དགོས་པའི་ལམ་སྟོན་དང་འབོད་བསྐུལ་གནང་།   དེ་རྗེས་ཟློས་གར་ཚོགས་པའི་ཚོགས་མི་རྣམས་ནས་དོག་འདྲི་ཁག་ལ་ལས་འདེབས་གསལ་བཤད་གནང་རྗེས་ཚོགས་འདུའི་རྒྱལ་ཁའི་ངང་གྲོལ།  ‎དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས་དང་སྡེ་འགན་ཡེ་ཤེས་བསྟན་འཛིན།  དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་ལྷན་བཅར་ཞུས་ཡོད་པ་བཅས།  On August 26, 2025, Honorable Sikyong Penpa Tsering of the Central Tibetan Administration conducted his…

རྒྱ་གར་པན་ཇབ་མངའ་སྡེའི་གྲོང་ཁྱེར་ལུ་དྷི་ཡ་ནར་༧སྐུའི་གོ་སྟོན་དང་འབྲེལ་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུའི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་གཟིགས་འབུལ་ཞུས།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༨ ཚེས་ ༡༥ ཉིན་རྒྱ་གར་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ན་གྲོང་སྡེའི་ (King Place) ཞེས་པའི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸རྒྱལ་བའི་གོ་སྟོན་དང་། བྱམས་བརྩེ་ལོ། རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༩ འཁོར་བ་བཅས་དུས་སྟོན་གསུམ་འཛོམས་ཀྱི་ཉིན་འདིར་རྒྱ་གར་པན་ཇབ་མངའ་སྡེ་ལུ་དྡི་ཡ་ན་དང་རྒྱ་གར་རྒྱལ་ས་ལྡི་ལིར་བཅའ་བཞུགས་རྒྱ་གར་ཚོང་ཤག་ལཱ་ལཱ་རྣམས་ནས་ད་བར་བཙན་བྱོལ་བོད་མིའི་རྣམས་ལ་འཚོ་རྟེན་ལ་སྨིན་པའི་བལ་ཚོང་གི་མཐུན་འགྱུར་རམ་འདེགས་གནང་བར་ཕྱོགས་གཉིས་ཀར་ཕན་ཐོགས་བྱུང་བའི་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་རྒྱས་འཛོམས་དུས་སྟོན་གྱི་མཛད་སྒོ་ཞིག་སྲུང་བརྩི་ཞུས་པའི་ནང་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་ཚེ་རིང་མཆོག་དང་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་བླ་བྲང་འཕགས་པ་ཚེ་རིང་མཆོག སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་ལགས།  དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་བཅས་དང་། དེ་བཞིན་སྐུ་མགྲོན་དུ་འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲུང་ཆེ་པན་ཀཇ་གྷོ་ཡལ་ (Pankaj Goyal) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སུཀ་མིན་དྷར་པལ་སིངྒ་གྷི་རེ་ཝལ་ (Sukhminderpal Singh Grewal) ལགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbet…

2025 The third cultural immersion summer course at TIPA

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༠༡ ཉིན་གྱི་སྔ་དྲོ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཟླ་བ་གཅིག་རིང་དབྱར་དུས་བོད་ཀྱི་ཟློས་གར་ཟབ་སྦྱོང་ཐེངས་གསུམ་པའི་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་སྐོུ་ལྕང་ར་ཐར་ལམ་སྒྲོམ་མ་མཆོག་གདན་ཞུས་ཀྱིས་ཟློས་གར་དབུ་འཛིན་དང་དགེ་ལས་སློབ་ཕྲུག་གཙོས་ཟབ་སྦྱོང་ཐོག་མཉམ་བཞུགས་གནང་མཁན་སློབ་ཕྲུག་དང་འབྲེལ་ཡོད་ཕ་མ་བཅས་མཉམ་ཞུགས་གནང་སོང་། སྔ་དྲོ་ཚོུད་ ༡༠།༠༠ ཐོག་མཛད་སྒོ་དངོས་སུ་དབུ་འཛུགས་གནང་བ་དང་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མར་མེ་ཞལ་ཕྱེས་མཛད་རྗེས་གསོལ་ཇ་འབྲས་སིལ་འདེབས་འབུལ་གནང་སོང་། མཛད་སྒོའི་དབུ་འཛུགས་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་དབུ་འཛུགས་གནང་བའི་དམིགས་ཡུལ་དང་དེ་སྔའི་ཟབ་སྦྱོང་གནང་མཉམ་ཞུགས་གནང་མཁན་ཚོར་ཕན་འབྲས་ཇི་བྱུང་ངོ་སྤྲོད་གནང་སོང་། The opening ceremony of the third cultural immersion summer course was attended by Kalon Tharlam Dolma Changra as the…

Namgyal Monastery to celebrate Pen-Dhe Lekshe Ling College expansion at TIPA.

ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༣ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་གཉེར་ཁང་རྒྱ་སྐྱེད་ཨར་སྐྲུན་ལས་གཞི་ཁག་ལེགས་གྲུབ་ཟིན་པའི་དགའ་སྟོན་རྟེན་འབྲེལ་ཞུ་ཆེད་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་༸སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་སྐུ་མགྲོན་གཙོ་བོར་གདན་ཞུ་དང་དེ་བཞིནགྲྭ་ཚང་ལྷན་རྒྱས་གཙོས་༸རིན་པོ་ཆེ་མཆོག་གི་ཞལ་སློབ་དང་ཨར་སྐྲུན་ལས་གཞའི་སྦྱིན་བདག སློབ་གྲྭའི་དགེ་ལས་བཅས་ཁྱོན་མི་གྲངས་ ༢༥༠ ལྷག་ལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་རྗེས་༸རིན་པོ་ཆེ་མཆོག་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པའི་གལ་ཆེ་རང་བཞིན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྙིང་བཅངས་ཀྱིས་བོད་ཀྱི་རིག་གཞུང་སྲུང་སྐྱོང་གནང་དགོས་པའི་བཀའ་སློབ་བཀའ་དྲིན་བསྐྱངས་གནང་མཛད་པ་དང་བོད་ཀྱི་ཟློས་གར་ཚོགས་པར་ཞལ་འདེབས་གསོལ་བསྩལ་གནང་བར་བཀྲིན་ཆེད་ཞུ།  སྐུ་མགྲོན་དང་དགེ་ལས་ཡོངས་ལ་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ནས་གསོལ་སྟོན་གཟབ་རྒྱས་ཤིག་ཕུལ་གནང་སོང་། On June 13, 2025, as requested by the Tibetan Institute of Performing Arts invited Khenpo Kyabje Tomthok Rinpoche as the…

༄༅། །བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་གནང་སོང་།

ཁ་ཉིན་ཕྱི་ཚེས་ ༢༠ ཉིན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོའི་འཚོགས་གནང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་སྐོུ་རྒྱ་རི་སྒྲོལ་མ་མཆོག ཆེ་བསྟོད་སྐུ་མགྲོན་དུ་༸སྐྱབས་རྗེ་གནས་ཆུང་སྐུ་རྟེན་རིན་པོ་ཆེ་མཆོག་དང་མཆོག་སྤྲུལ་ལྷ་རྒྱལ་རིན་པོ་ཆེ་མཆོག་གནད་ཞུ་གནང་འདུག དེ་བཞིན་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སློབ་གྲྭ་ཁག་གི་སློབ་སྤྱི་བཅས་རྒྱ་ཆེའི་མང་ཚོགས་སྟོང་ཚོ་གཅིག་ལྷག་འདུ་འཛོམས་ཀྱིས་བོད་ཀྱི་ཞོ་སྟོན་དུས་ཆེན་གྱི་མཛད་སྡོམ་མཛད་སྒོ་སྲུང་བརྩི་གནང་སོང་། མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ཞོ་སྟོན་མཇུག་སྡོམ་མཛད་སྒོའི་གསུང་བཤད་ནང་། སྔར་ལམ་ཡིན་ན་བོད་ཀྱི་ཞོ་སྟོན་དུས་ཆེན་སྲུང་བརྩི་གནང་རྒྱུར་རྒྱུན་གྲོན་གང་ཙམ་ཞིག་ཨ་རི་གཞུང་གི་རོགས་དངུལ་ (USAID) ལས་འཆར་འོག་བཀའ་འཕྲོལ་ཐོབ་སོན་བྱུང་ཡོད་ནའང་ཨ་རི་སྲིད་གཞུང་གསར་པའི་(USAID) རོགས་དངུལ་མཚམས་འཇོག་གནང་ཟིན་པར་བརྟེན་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་ཐབས་འཚོལ་བྱས་དང་བྱེད་བཞིན་པའི་ཐོག་བོད་ཀྱི་ཞོ་སྟོན་དུས་ཆེན་སྲུང་བརྩི་ཞུ་རྒྱུར་འབད་བརྩོན་ཞུས་པ་དེ་བཞིན་མངོན་འགྱུར་བྱུང་ཡོད། གང་ལགས་ཞེ་ན་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་སྐུ་ཡི་དགུང་གྲངས་ ༩༠ བཞད་པའི་གོ་སྟོན་རྟེན་འབྲེལ་འཁེལ་གྱི་ཡོད་པར་སོང་། ང་ཚོ་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཡོངས་ནས་བོད་ཀྱི་ཞོ་སྟོན་བཞུགས་སྒར་དུ་སྲུང་བརྩི་ཞུ་ཐུབ་པ་བྱུང་སོང་། ལྷག་དོན་དུ་ཁ་ཉིན་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྷ་མོ་བ་ཡོངས་ལ་དམིགས་བསལ་༸གསེར་མཇལ་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་ལྷ་མོའི་སྐྱིད་སྡུག་རེ་ནས་སྐུ་ཚབ་ཅིག་གིས་གསུང་ཐར་འབུལ་རྒྱུའི་གོ་བསྐལ་བཟང་པོ་ཞིག་བྱུང་ཡོད། དེ་བཞིན་༸རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་རྣ་བའི་བདུད་བརྩིས་བྱིན་གྱིས་རླབས་ཏེ་དེ་རིང་ངོས་རང་ནོར་གླིང་དུ་སླེབས་པའི་ཐུགས་ཚོར་བྱུང་ཞེས་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་ནི་ང་ཚོ་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ལྷ་མོ་བ་ཡོངས་ཀྱི་ཚེ་བསོད་ཆེན་པོ་ཡིན། སླད་མ་འོངས་པར་རོགས་དངུལ་སོགས་དཀའ་ངལ་གང་ཞིག་བྱུང་ཡང་ང་ཚོས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཞུ་ཆེད་ཐབས་ཤེས་ཡོད་རྒུ་རྩ་དྲུག་གིས་བོད་ཀྱི་ཞོ་སྟོན་དུས་ཆེན་སྲུང་བརྩི་ཞུ་ཐུབ་པ་གནང་རྒྱུ་དང་། ༸རྒྱལ་བ་དོན་གྱི་བདག་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་རིག་གཞུང་སྤྱི་དང་ལྷ་མོའི་ཟློས་གར་འཛིན་སྐྱོང་སྤེལ་གསུམ་མུ་མཐུད་ཞུ་རྒྱུའི་མཆོད་སེམས་བརྟན་པོ་ཡོད་ཅེས་ངོ་སྤྲོད་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་འགྲོ་བ་བཟང་མོ་ཉིན་འཁྱོངས་གཟིགས་འབུལ་ཞུས་གནང་སོང་། ལྷ་གཞུང་གཟིགས་འབུལ་གྲུབ་མཚམས་དེ་རིང་གི་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག་ནས་རང་གཞུང་ཆོས་རིག་ལས་ཁུངས་ནས་ལྷ་མོའི་སྐྱིད་སྡུག་ཁག་རྒྱུན་གནས་སྲ་བརྟན་ཐུབ་ཐབས་སུ་མ་དངུལ་རོགས་སྐྱོར་ཧིན་སྒོར་ ༤༥༠༠༠། ཕྱག་རྟགས་དེ་བཞིན་ལྷ་མོའི་སྐྱིད་སྡུག་བཅུ་བཞིའི་ཚོགས་གཙོ་རྣམས་ལ་འབུལ་གནང་སོང་། དེ་ནས་དེ་རིང་གི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་ནས་ཕྱོགས་མཐའི་ལྷ་མོ་ཚོགས་པའི་སྐྱིད་སྡུག་ནང་ལོ་ ༢༠ བསྟུད་མར་པྱག་ལས་གནང་མཁན་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་ཟློས་གར་ཚོགས་པ་མཐུང་ནས་གཟེངས་བསྟོད་ཕྱགས་འཁྱེར་ལྷ་མོ་ཚོགས་པའི་ཚོགས་གཙོར་བསྩལ་གནང་མཛད་རྗེས་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་བཀའ་སློབ་བཀའ་དྲིན་བསྐྱངས་གནང་མཛད་སྐབས། “བོད་ཀྱི་ཞོ་སྟོན་ཞེས་པ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་རང་མི་རིགས་ཀྱི་གོམས་སྲོལ་དང་གཤིས་ལུགས་སོགས་མཚོན་པའི་ཁྱད་ཆོས་ཆེན་པོ་ལྡན་པ་ཞིག་རེད། དེ་ནི་དུས་རབས་བཅུ་བཞི་ནས་བོད་དུ་ལྷ་མོ་འཁྲབ་པའི་སྲོལ་དར་རྒྱས་བྱུང་ཞིང་རིམ་བཞིན་འཕེལ་རྒྱས་བྱུང་བ་རེད།…

བོད་ཀྱི་ཟློས་གར་ཚོགས་སྒྱུ་རྩལ་སློབ་གཉེར་ཁང་གི་སློབ་ཚན་ཞིབ་བཤེར།

༄༅།   །ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༩ ནས་ ༡༡ བར་ཉིན་གྲངས་གསུམ་རིང་བོད་ཀྱི་ཟློས་གར་ཚོགས་པའི་གསོལ་མགྲོན་ཁང་དུ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་འགན་འཛིན་དྲུང་འཕར་བསོད་ནམས་བཟང་པོ་ལགས་དང་། ༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་རྣམ་གཉིས་དང་། འདི་གའི་རིག་གནས་དགེ་རྒན་བསོད་ནམས་ཚེ་བརྟན་ལགས་བཅས་ཚང་འཛོམས་ཐོག་ས་ར་མཐོ་སློབ་གི་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་རྩོམ་བྲིས་དང་ཕྱོགས་སྒྲིག་གནང་བའི་འདི་ག་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་བའི་བསླབ་གཞི་དང་ཀློག་དེབ་ཀྱི་རགས་ཟིན་གྱི་ནང་དོན་རེ་རེ་ལ་ཕན་ཚུན་གོ་བསྡུར་སྦྱངས་བཤད་ཀྱི་སྒོ་ནས་བསྐྱར་ཞིབ་མཐིལ་ཕྱིན་གནང་ཐུབ་པ་བྱུང་ཡོད། དེ་ཡང་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་བསླབ་གཞི་བསྐྱར་ཞིབ་ཚོགས་ཆུང་སྔ་རྗེས་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བའི་སློབ་གཉེར་བ་ཚོའི་གཞི་རིམ་གོང་མའི་ལོ་བཞི་དང་།  སྒྱུ་རྩལ་ཉེ་བའི་གཙུག་ལག་རམ་འབྱམས་པའི་ལོ་གཉིས་ཀྱི་བསླབ་གཞི་དང་དེའི་སྦྱོང་ཚན་ཀློག་དེབ་རྩོམ་བྲིས་ཕྱོགས་སྒྲིག་ཞུ་རྒྱུ་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་སུ་རེ་བསྐུལ་ཞུས་དོན་ལྟར་ཁོང་ནས་ཞལ་བཞེས་ཀྱིས་འདས་པའི་ཟླ་བ་དྲུག་ལྷག་ཙམ་རིང་བསླབ་གཞི་རྩ་འཛིན་གཞིར་བཟུང་སྦྱོང་ཚན་ཀློག་དེབ་རྩོམ་བྲིས་དང་ཕྱོགས་སྒྲིག་གནང་བ་བཞིན་ད་ལན་ཉིན་གསུམ་གྱི་རིང་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་བསླབ་གཞི་དང་ཀློག་དེབ་དེ་དག་དངོས་སུ་ལག་བསྟར་དོན་འཁྱོལ་ཐུབ་ཡོང་ཐབས་དང་མ་འོངས་པར་དུས་ཀྱི་འགྱུར་གྲོས་དང་བསྟུན་ཏེ་དུས་བསྟུན་ཁ་སྐོང་ཞུ་ཕྱོགས་བཅས་ཀྱི་ཐོག་གོང་གསལ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་དང་རྩོས་བྲིས་འགན་འཁུར་བ་འབུམ་རམས་པ་གཙང་ཕྲུག་སྟོབས་བཅས་ཀྱི་དབར་ཕན་ཚུན་དགོངས་ཚུལ་ལྷུག་པོར་གསུངས་པའི་སྒོ་ནས་བསྐྱར་ཞིབ་དང་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་པས་ཀློག་དེབ་དེ་དག་རིང་མིན་དངོས་སུ་ལག་བསྟར་སླད་པར་བསྐྲུན་ཞུ་རྒྱུ་ཡིན་ན། འདི་ནི་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་གཞུང་ལུགས་དང་ལག་ལེན་ཟུང་སྦྲེལ་གྱི་སྒོ་ནས་གཏན་ལ་ཕབ་པའི་བསླབ་གཞི་རྩ་འཛིན་གཞིར་བཟུང་སློབ་གཉེར་གྱི་བརྒྱུད་རིམ་དང་སྦྱང་གཞིའི་སློབ་ཚན་ཚད་ལྡན་དང་ཁ་གསལ་ཞིག་གི་ཐོག་ལ་སློབ་གཉེར་བ་ཚོས་རང་ཉིད་ཀྱི་སྒྱུ་རྩལ་གྱི་ལམ་བུར་ཤར་བསྐྱོད་ཐུབ་པ་ཞིག་ཆགས་ཡོད་པས། ལོ་རྒྱུས་རང་བཞིན་ལྡན་པའི་སྒྱུ་རྩལ་བསྟི་གནས་ཁང་འདི་ཉིད་མུ་མཐུད་རྒྱུན་གནས་དང་སྔར་ལྷག་གོང་འཕེལ་ཡོང་བའི་བྱ་གཞག་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་ཆོག་པ་ཡིན། ལས་དོན་འདི་མངོན་འགྱུར་ཡོང་ཐབས་སུ་ཐུགས་འཁུར་གནང་མཁན་གྱི་འབྲེལ་ཡོད་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། Curriculum Review at the Tibetan Institute of Performing Arts From April 9 to 11, 2025,…

TIPA performs for the German & Scottish Delegation.

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢ ཉིན་དགོང་དྲོ་ཚོུད་ ༦ ཐོག (Scottish) གྲོས་ཚོགས་ཀྱི་འཐུས་མི་དང་བདོ་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ ( Ross John Greer) མཆོག་དང་།བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཆེས་ལས་པ་མཁས་པ་ལྕམ་ (Eleanor Jane Byrne-Rosengren) མཆོག་དང་(Scottish green Groups) ཚོགས་པའི་ཞིབ་འཇུག་དང་སྲིད་ཇུས་འགན་འཛིན་སྐུ་ཞབས་ (Mr. Cameron E. William Garrett) མཆོག་དང་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ (…

TIPA Advances English Curriculum for Performing Arts Students

ི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་གསོལ་མགྲོན་ཁང་དུ་ཟློས་གར་སྒྱུ་རྩལ་སློབ་གཉེར་བའི་བསླབ་གཞི་རྩ་འཛིན་ཆེད་འཛུགས་ཚོགས་ཆུང་གིས་ལས་བགོས་ལྟར་དབྱིན་ཇའི་སྐད་ཡིག་གི་བསླབ་གཞི་འགན་ཁུར་བ་རྡ་ས་བོད་ཁྱིམ་གྱི་དབྱིན་དགེ་ཟུར་པ་རྒན་བསྟན་འཛིན་དར་རྒྱས་ལགས་སུ་དེ་སྔ་འདི་ནས་ཞབས་བསྐུལ་ཞུ་དོན་ལྟར་ཁོང་ནས་འདི་གའི་ཟློས་གར་གཞི་རིམ་གོང་མ་ལོ་རིམ་བཞི།  ཟློས་གར་ཉེ་བའི་གཙུག་ལག་རམ་འབྱམས་པ་ལོ་གསུམ།  ཟློས་གར་གཙུག་ལག་རམ་འབྱམས་པ་ལོ་གཉིས་བཅས་ཀྱི་བསླབ་གཞི་དང་སྦྱོང་ཚན་ཁག་རྩོམ་བྲིས་འཐུས་ཚང་གནང་བའི་རགས་ཟིན་དེ་དག་སྣོན་འཕྲི་དང་བསྐྱར་བཅོས་སླད་དབྱིན་ཡིག་བསླབ་གཞི་རྩོམ་སྒྲིག་ཐོག་ཤེས་མྱོང་ཅན་སམ་བྷོ་ཌའི་སློབ་གྲྭའི་དབྱིན་ཡིག་དགེ་རྒན་དང་ཤེས་རིག་ལས་ཁུངས་ཀྱི་དབྱིན་ཡིག་བསླབ་གཞི་དང་ཀློག་དེབ་རྩོམ་སྒྲིག་པ་རྒན་བསྟན་འཛིན་ཆོས་སྒྲོན་ལགས། རྩོམ་པ་པོ་བུ་ཆུང་བསོད་ནམས་དགས་པོ་ལགས་དང་རྩོམ་པ་པོ་དང་བསླབ་གཞི་རྩོམ་སྒྲིག་པ་འབུམ་རམས་པ་སྐལ་བཟང་དབང་འདུད་ལགས་དང་འདི་གའི་དབྱིན་དགེ་བློ་བཟང་ཚེ་རིང་ལགས་བཅས་ཚང་འཛོམས་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་བསླབ་གཞི་བསྐྱར་བཅོས་བྱ་རྒྱུའི་དགོས་དམིགས་དང་རྒྱབ་ལྗོངས་ངོ་སྤྲོད་ཞུས། དེ་རྗེས་དབྱིན་ཡིག་བསླབ་གཞིའི་རྩོམ་སྒྲིག་འགན་ཁུར་བ་རྒན་བསྟན་འཛིན་དར་རྒྱས་ལགས་ནས་རགས་ཟིན་བསླབ་གཞི་དང་དེ་འབྲེལ་ལོ་རིམ་སོ་སོའི་སྦྱོང་ཚན་ནང་དོན་ཁག་རེ་རེ་བཞིན་ཚོགས་ཐོག་ཏུ་གསལ་བཤད་ཀྱིས་སྦྱང་བཤད་ལྷུག་པོ་གནང་ནས་སྣོན་འཕྲི་སྤོར་གཅོག་ཞུ་སྒོ་ཇི་འོས་ཀྱིས་དགོངས་ཚུལ་ལྷུག་པོ་བྱུང་བ་དེས་བསླབ་གཞི་ཚད་ལྡན་དང་དངོས་སུ་ལག་བསྟར་དོན་འཁེལ་ཡོང་སླད་ཕན་ཐོགས་ཆེན་པོ་བྱུང་སོང་བར་བསྐྱར་ཞིབ་ཚོགས་ཆུང་གི་མཁས་མྱོང་ལྡན་པའི་ཚོགས་མི་ཡོངས་ནས་ཟློས་གར་སྒྱུ་རྩལ་ལྟི་གནས་ཁང་རྒྱུན་གནས་དང་སྒྱུ་རྩལ་སློབ་གཉེར་བ་ཚོར་ཕུགས་རྒྱང་རིང་པོར་ཤེས་འཇོན་གཉིས་ལྡན་ཡོང་རྒྱུའི་དོན་སྨིན་ལྡན་པའི་དགོངས་འཆར་གནང་བར་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ་བཅས་ཞུས་ཏེ་ཚོགས་འདུ་ལེགས་པར་གྲུབ་བོའོ། ། Dharamshala, April 1, 2025 – The Tibetan Institute of Performing Arts (TIPA) took a significant step towards strengthening its…

ཧཱར་མོ་ནི་ཁཱ་(Harmonica)ཚོགས་པའི་རོགས་དངུལ་མཐུན་འགྱུར་འོག་འཕྲོད་བསྟེན་ལ་དམིགས་ཏེ་འཐུང་ཆུ་གཙང་སེལ་འཕྲུལ་འཁོར་གསར་ཉོ་ཞལ་འདེབས་གནང་བར་དབུ་འབྱེད་ཞུས།

༄༅།   །ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༩ ཉིན་ཨ་རིར་བཅའ་བཞུགས་ཧཱར་མོ་ནི་ཁཱ་ (Harmonica) ཚོགས་པའི་ཚོགས་གཙོ་ཀེ་ཊི་སེ་གར་ (Katy Saegar) ལགས་ཀྱི་སྣེ་ཁྲིད་འོག་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་དད་ལྡན་ཆོས་ཞུ་བ་ཁག་ཅིག་དང་ལྷན་དུ་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་།  མཁས་དབང་རོ་བྷ་ཊ་ཐུར་མན། (Dr. Robert Thurman) དགེ་བཤེས་རྒྱལ་མཚན་རྡོ་རྗེ་ལགས་བཅས་བཞུགས་སྒར་རྡ་རམ་ས་ལར་༸གོང་ས་མཆོག་མཇའ་ཁ་དང་གསུང་ཆོས་ཞུ་བར་ཕེབས་དང་བསྟུན། དེ་ཉིན་ཕྱི་དྲོའི་ཚོུད་ ༦ པའི་ཐོག་ཧཱར་མོ་ནི་ཁཱ་ཚོགས་པའི་རོགས་དངུལ་མཐུན་འགྱུར་འོག་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་གཉེར་བ་རྣམས་ཀྱི་འཕྲོད་བསྟེན་ལ་དམིགས་ཏེ་འཐུང་ཆུ་གཙང་སེལ་འཕྲུལ་འཁོར་གསར་ཉོ་ཞལ་འདེབས་གནང་བར་དབུ་འབྱེད་ཞུས་པ་དང་སྦྲགས། བོད་ཀྱི་ཟློས་གར་སྒྱུ་རྩལ་ཚོགས་ཁང་དུ་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་གནང་སོང་།    མཛད་སྒོའི་ཐོག་ཧཱར་མོ་ནི་ཁཱ་ཚོགས་པའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དྲུང་ཆེ་དྲུང་འཕར། དེ་བཞིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་དང་སྐུ་མགྲོན་གཞན་ཁག་ཅིག་གདན་ཞུ་གནང་སོང་། མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་འཚམས་འདྲི་ཞུས་པ་དང་ཧཱར་མོ་ནི་ཁཱ་སོགས་པའི་ངོས་ནས་སྔ་རྗེས་སུ་བོད་ཀྱི་ཟློས་གར་ཚོགས་པའི་ལས་དོན་གོང་སྤེལ་ཡོང་རྒྱུར་དམིགས་ཏེ་དཔལ་འབྱོར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། དེ་བཞིན་༸སྐུ་ཡི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་གོང་མཐོར་ཡོང་སླད་ཕྱི་རྒྱལ་ཡུལ་གྲུ་ཁག་དང་སློབ་གྲྭ་ཆེན་མོའི་ནང་ཞབས་འདེགས་སྒྲུབ་མུས་དང་། ལྷག་དོན་དུ་ལོ་མང་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བསྒྱུར་དང་འབྲེལ་ཕྱག་དེབ་མང་པོ་ཕབ་བསྒྱུར་ཞུ་རྒྱུའི་ཞབས་ཞུ་བསྒྲུབས་གནང་བར་རྗེས་སུ་ཡི་རངས་བསྔགས་བརྗོད་ཞུས་སོང་ལ། བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་འདི་ཡང་ངོས་འཛིན་ཡོད་པའི་སྒྱུ་རྩལ་སློབ་ཆེན་ཞིག་ཏུ་ཡོང་རྒྱུར་སྔ་ཕྱི་བར་གསུམ་དུ་སློབ་སྟོན་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆ་ཞུས་སོང་། དེ་རྗེས་དགེ་བཤེས་རྡོ་རྗེ་རྒྱལ་མཚན་ལགས་ནས་རྗེ་ཙོང་ཁ་བའི་སློབ་ཡོན་བྱུང་རིམ་དང་དགོས་དམིགས། དེའི་གྲུབ་འབྲས་སོགས་ངོ་སྤྲོད་གནང་བ་དང་། སློབ་ཡོན་མཐུན་འགྱུར་གནང་མཁན་ཧཱར་མོ་ནི་ཁཱ་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང།  སླད་ཕྱིན་ཀྱང་མུ་མཐུད་སློབ་ཡོན་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུས་གནང་སོང་།…