ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༠ དགོང་དྲོ་ཚོུད་ ༦།༠༠ པ་རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་དུ་༸སྐྱབས་རྗེ་གཏེར་ཆེན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ༸སྐྱབས་རྗེ་འཇིགས་མེད་རིན་པོ་ཆེ་མཆོག་དང་རི་པ་བླ་བྲང་གི་སྐུ་འཁོར་ལྷན་རྒྱས། རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་དགོན་གྱི་མཁན་སྤྲུལ་རྣམ་པ་གཙོས་ཕྱོགས་མཐའི་ལྷ་མོ་ཚོགས་པའི་ཚོགས་མི་རྣམས་དང་ཨོ་གཞི་ཕུན་ཚོགས་གླིང་གི་སྐྱ་སེར་མང་ཚོགས་ལྔ་བརྒྱ་ལྷག་ཙམ་འདུ་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པས་གླིང་རྗེ་གེ་སར་རྒྱལ་པོའི་གཏམ་རྒྱུད་ལས་འཕྲོས་པའི་གླིང་བྲོ་བདེ་ཆེན་རོལ་མོའི་བྲོ་ཚན་མི་རྗེ་སེང་ཆེན་ནོར་བུ་དགྲ་འདུས་ཞེས་པའི་ལེའུ་དང། བོད་ཀྱི་གནའ་བོའི་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་གྲུབ་རྗེས་༸མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་བཀའ་དྲིན་བསྐྱངས་གནང་བདང་། རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་གིས་ད་ལན་ཞོ་སྟོན་རྒྱས་པ་ཐེངས་ ༢༩ ནང་མཉམ་ཞུགས་གནང་ཡོངས་ལ་དགོང་དྲོའི་གསོལ་ཚིགས་དང་ལེགས་འབུལ་གསོལ་བསྩལ་གནང་སོང་།

གཞི་རྩའི་གླིང་བྲོ་བདེ་ཆེན་རོལ་མོ་ཞེས་བྱ་བ་འདི་ནི་གསང་བ་མདོ་སྔགས་ཀྱི་དགོངས་སྤྱོད་ཡོངས་སུ་རྫོགས་པའི་གླུ་བྲོ་ངོ་མཚར་ཅན་ཞིག་སྟེ། རྗེ་བཙུན་འཇམ་པའི་དབྱངས་བསམ་བཞིན་མིའི་རྣམ་པར་རོལ་པ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་དགོངས་པའི་གཏེར་མཛོད་ལས་བྱུང་ཞིང་། འདི་ལྟར་བོད་ཁམས་མཐའ་དབུས་མེད་པར་ཁྱབ་བརྡལ་དུ་དར་ཞིང་གཞོན་ནུ་ཕོ་མོ་དག་གིས་བྲོ་གར་གྱི་སྟངས་སྟབས་དག་ལ་རྗེས་སུ་ཟློས་ཏེ་འཁྲབ་ཐུབ་པ་ཞིག་བྱུང་ན། ཡུལ་གངས་ཅན་དུ་བཀྲ་ཤིས་པ་རྟག་ཏུ་འཕེལ་ཞིང་འཛམ་གླིང་ཀུན་ཏུ་ནད་མུག་འཁྲུག་རྩོད་ཀྱི་བསྐལ་པ་ངན་པ་རྣམས་རྒྱུན་ཆད་ནས་དགའ་སྐྱིད་རྫོགས་ལྡན་གྱི་དཔྱིད་དཔལ་བླ་ལྷག་ཏུ་འཕེལ་བའི་རྟེན་འབྲེལ་རྨད་དུ་བྱུང་བར་བཞུགས་པར་གསུངས།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། རང་ཅག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བ་དང་བསྟུན་རྭ་སྒྲེང་རྒྱལ་པོའི་བྲོ་དཔོན་ནོར་བཟང་མཆོག་དང་གང་ཉིད་ཀྱི་སྲས་མོ་དབྱངས་འཛོམས་དང་སྐལ་བཟང་ཆོས་སྒྲོན་བཅས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས། ཕྱི་ལོ་ ༡༩༦༤ ལོར་ཨོ་རི་ས་གཞིས་གྲོང་གསུམ་པར་༸སྐྱབས་རྗེས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གདན་ས་བདུད་འདུལ་རབ་བརྟན་གླིང་དུ་དོན་གཉེར་ཅན་རྣམས་ལ་ལམ་སེང་གླིང་བྲོའི་ཆོ་ག་སློབ་སྟོན་འཁྲབ་འཁྲོད་བཅས་ཀྱི་བཀའ་དྲིན་བསྐྱངས་པ་དང་། འཕགས་ཡུལ་ཨོ་རི་སར་གླིང་བྲོའི་ཆོ་ག་ཡང་དར་གྱི་འཁྲབ་འཁྲིད་དང་ཚོགས་པ་བཅས་ཐོག་མ་དེ་དབུ་བརྙེས། ཕྱི་ལོ་ ༡༩༦༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རི་ས་གཞིས་ཆགས་སུ་ཆིབས་བསྒྱུར་སྔ་ཕྱིའི་སྐབས་གླིང་བྲོ་རྒྱས་བསྡུས་ཅི་རིགས་ཀྱི་སྒོ་ནས་གཟིགས་འབུལ་ཞུས་པར་ཐུགས་དགྱེས་ཚོར་ཚད་མེད་ཀྱིས་བསྔགས་བརྗོད་མཐུན་རྐྱེན་རྒྱབ་སྐྱོར་ཡང་མཛད། ཕྱི་ལོ་ ༡༩༧༤ ཡས་མས་ནས་འགོ་འཛུགས་ཀྱིས་གླིང་བྲོ་དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་དར་ཁྱབ་བྱུང་ཡོད།



བོད་གཞུང་ཟློས་གར་དུ་གླིང་བྲོའི་འཁྲབ་རྒྱུན་ཐོག་མར་ཕྱི་ལོ་ ༡༩༨༤ ལོ་མཇུག་ཏུ་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་བཀྲས་ཆུང་ལགས་ཨོ་རི་ས་དུ་མངགས་ནས་བྲོ་དཔོོན་ནོར་བཟང་གི་དྲུང་ནས་གླིང་བྲོ་བདེ་ཆེན་རོལ་མོའི་འཁྲབ་སྟོན་ལེགས་པར་ཞུས་ཏེ། ཕྱི་ལོ་ ༡༩༨༥ ཟླ་ ༧ ཚེས་ ༦ ཉིན་༸རྒྱལ་བའི་འཁྲུངས་སྐར་ཉིན་གངས་ཅན་སྐྱིད་གཤོངས་སུ་བོད་ཀྱི་ཟློས་གར་ཚོགས་པས་གླིང་བྲོ་རྒྱས་པ་འཁྲབ་སྟོན་ཞུས་འདུག་པ་དེ་ནས་ཟློས་གར་ཚོགས་པར་གླིང་བྲོའི་འཁྲབ་རྒྱུན་དར་བའི་འགོ་ཚུགས་ཡོད་ཀྱང་། དེ་ནས་རིམ་པས་ཟློས་གར་ཚོགས་པའི་ནང་འཁྲབ་སྟོན་པ་རྗེས་གྱུར་དང་འཁྲབ་སྟོན་པ་རྒན་པ་རྣམས་དགོངས་ཞུས་ཀྱིས་གླིང་བྲོའི་རྒྱུན་འཛིན་གནང་མཁན་དམིགས་བསལ་མ་བྱུང་བར་སོང་། གླིང་བྲོའི་འཁྲབ་སྟོན་ཐད་ཉམས་ཆག་ཆེན་པོ་བྱུང་བས་ཕྱི་ལོ་ ༢༠༢༣ ཟླ་མཇུག་ཏུ་འདི་ནས་རི་པ་བླ་བྲང་དུ་སྐྱབས་འཇུག་ཞུས་ཏེ་བཀའ་བཞེས་བཟང་པོས་སློབ་ཁྲིད་གནང་རྒྱུའི་ཞལ་བཞེས་བྱུང་སྟབས། བོད་ཀྱི་ཟློས་གར་ཚོགས་པའི་དགུང་ཁའི་གུང་གསེང་དང་བསྟུན་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༥ ཉིན་ཟློས་གར་ཚོགས་པའི་སྒྱུ་རྩལ་ཉམས་ཞིབ་པ་དང་རིག་གནས་དགེ་རྒན་བསོད་ནམས་ཚེ་བརྟན་ལགས་དང་ཟློས་དགེ་བསྟན་འཛིན་ཡོན་ཏན་ལགས། ཟློས་གར་བསྟན་འཛིན་བྱང་ཆུབ་ལགས། བརྙན་སྦྱོར་སྡེ་ཚན་གྱི་ལས་བྱེད་བསྟན་འཛིན་དཔལ་ལྡན་ལགས་བཅས་ཨོ་རི་ས་རུ་ཆེད་བཅར་གྱིས་གླིང་བྲོ་སློབ་ཁྲིད་ཞུ་བར་བཅར། ཕྱི་ཚེས་ ༡༦ ཉིན་ཐོག་མར་རི་བ་བླ་བྲང་དུ་བཅར་ཏེ་༸སྐྱབས་རྗེ་གཏེར་ཆེན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་འཇིགས་མེད་རིན་པོ་ཆེ་མཆོག་མཇལ་བཅར་ཞུས་ཏེ་ཕྱི་ཚེས་༡༦ ནས་ ༣༠ བར་ཉིན་གྲངས་བཅོ་ལྔའི་རིང་གླིང་བྲོ་བདེ་ཆེན་རོལ་མོའི་རྒྱུན་འཛིན་པ་མཆོག་སྤྲུལ་ཀརྨ་ཤེས་སྒྲུབ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་གླིང་བྲོ་བདེ་ཆེན་རོལ་མོའི་ལོ་རྒྱུས་རྒྱབ་ལྗོངས་དང་དབྱངས་ཀྱི་འགྱུར་ཁུག གླིང་བྲོའི་སྒྱུ་རྩལ་དང་གར་སྟབས། རོལ་མོ་དང་བྲོ་ཆས། དོན་སྟངས་སོགས་སློབ་ཁྲིད་ཡོངས་སུ་ཞུས་པ་དང་། ༸རིན་པོ་ཆེ་མཆོག་གི་སྲས་མོ་སྐུ་འཁོར་རྣམ་པ་དང་གཞི་གྲོང་བཞི་པའི་གླིང་བྲོའི་འཁྲབ་སྟོན་པ་རྒན་གྲས་བཅས་ནས་སྟངས་སྟབས་དང་ངག་གི་འགྱུར་ཁུག་སོགས་སློབ་ཁྲིད་ཕར་མ་གནང་སྟེ། གླིང་བྲོའི་རྒྱུན་འཛིན་པ་མཆོག་སྤྲུལ་ཀརྨ་ཤེས་སྒྲུབ་རིན་པོ་ཆེ་མཆོག་ནས་ཐུགས་སྣང་ཆེ་བཞེས་ཀྱིས་ནག་པོ་འབྲུ་བཤེར་འོག་སློབ་ཁྲིད་གནང་བ་དང་། དམིགས་བསལ་གྱི་བྲོ་དཔོན་བསྟན་འཛིན་བྱང་ཆུབ་ལགས་དང་བྲོ་དཔོན་བསྟན་འཛིན་ཡོན་ཏན་ལགས་གཉིས་ཆེད་དམིགས་ཀྱིས་སྲས་མོ་རྣམ་པའི་སྐུ་མདུན་ནས་ངག་གི་འགྱུར་ཁུག་འདོན་སྟངས་སོགས་སློབ་ཁྲིད་དམིགས་བསལ་གནང་བ་ནས་བཟུང་བོད་ཀྱི་ཟློས་གར་ཚོགས་པར་གླིང་བྲོ་བདེ་ཆེན་རོལ་མོའི་རྒྱུན་འཛིན་སླར་གསོ་བྱུང་བ་ནི་རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་དགོན་དང་རི་པ་བླ་བྲང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། དེ་རིང་༸སྐྱབས་རྗེ་གཏེར་ཆེན་ནམ་མཁའ་རིན་པོ་ཆེ་མཆོག་དང་༸སྐྱབ་རྗེ་འཇིགས་མེད་རིན་པོ་མཆོག་བསྟནའཛིན་གྱི་སྐྱེས་བུ་དམ་པའི་སྐུ་མདུན་དུ་བོད་ཀྱི་ཟློས་གར་ཚོགས་པས་གླིང་བྲོ་བདེ་ཆེན་རོལ་མོའི་འཁྲབ་རྒྱུན་བསྐྱར་གསོ་ཞུས་ཏེ་འཁྲབ་སྟོན་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞུ།
Revival and Presentation of Lingdro Dechen Rolmo at Thubten Men-drol Ling Monastery
The Tibetan Institute of Performing Arts (TIPA) presented a performance of Lingdro Dechen Rolmo at Thubten Men-drol Ling Monastery on 20 March 2026 at 6:00 PM. The event was held in the esteemed presence of His Eminence Namkha Drimed Rabjam Rinpoche, His Eminence Jigme Rinpoche, the Ripa Labrang entourage, abbots and tulkus of the monastery, Lhamo troupes from various regions across India, and members of the monastic and lay community of Phuntsok Ling Tibetan Settlement. Over 500 people attended the program.
TIPA performed a chapter from the epic of King Gesar of Ling, “The Noble King Sengchen Norbu Draduse,” along with traditional Tibetan song and dance presentations. The audience, including the chief guest, highly appreciated the performance, followed by an address from the dignitaries. The monastery also hosted the 29th Grand Shoton Festival, which included a communal dinner and offerings for all participants.



Lingdro Dechen Rolmo, known as the “Dance of Great Bliss,” is a profound sacred dance rooted in both esoteric and exoteric Tibetan traditions, attributed to the enlightened vision of Mipham Rinpoche. It is believed that the widespread practice of this dance brings harmony, auspiciousness, and relief from suffering.
Following the Tibetan diaspora in 1959, the dance was preserved in exile and revived in 1964 in Odisha under the guidance of Norzang, a former dance master, and his family. TIPA later incorporated the dance into its repertoire in 1985; however, over time, its practice declined due to a lack of trained performers.
In late 2023, TIPA sought support from Ripa Labrang to revive the tradition. In January 2024, a team of TIPA artists underwent intensive training in Odisha under the guidance of Khenpo Karma Shedrup Rinpoche and senior practitioners, receiving comprehensive instruction in the history, techniques, music, and significance of the dance.
Through this initiative, Lingdro Dechen Rolmo has been successfully revitalized within TIPA. The institute expresses its deep gratitude to Ripa Labrang and Thubten Men-drol Ling Monastery for their invaluable support and guidance. It was a great honor for TIPA to present this restored sacred dance in the presence of such revered masters.

















