འདི་ལོར་རང་གཞུང་བོད་མིའི་སྒྲིག་འཛུགས་ནས་ལོ་ཧྲིལ་པོ་༸རྒྱལ་བའི་གོ་སྟོན་དུས་ཆེན་སྲུང་བརྩི་ཞུ་མུས་ལྟར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོས་ལས་ཁུངས་དང་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་རིག་གཞུང་ལྷན་ཁང་ཟུང་སྦྲེལ་ཐོག་བོད་ཀྱི་ཟློས་གར་ཚོགས་པ་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༧ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ བར་ཐེ་ཝན་དུ་གདན་ཞུ་གནང་བར་སོང་། འདི་གའི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་གིས་སྣེ་ཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་གཙོས་ཟློས་དགེ་དང་འཁྲབ་སྟོན་པ་ཁྱོན་མི་གྲངས་ ༡༨ ཕྱོགས་སྐྱོད་འཁྲབ་སྟོན་ཆེད་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༥ ཉིན་བཞུགས་སྒར་ནས་ཕྱིར་ཐོན་གྱིས་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་དེ་ཕྱི་ཚེས་ ༢༧ ཉིན་ཐི་ཝན་དུ་བདེ་འབྱོར་བྱུང་ཞིང་། སྐབས་དེར་གནམ་ཐང་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་དང་ལས་བྱེད། ཐེ་ཝན་རིག་གཞུང་ལྷན་ཁང་གི་ལས་བྱེད་དང་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་ནས་ཕེབས་བསུ་ཞུས་རྗེས་ཐེ་ཝན་རྒྱལ་ས་ཐེ་པའི་མགྲོན་ཁང་དུ་ཕྱིར་ཐོན་གྱིས་བཞུགས་གནས་སོགས་གྲ་སྒྲིག་འཐུས་ཚང་གནང་འདུག་ཅིང་ཐེ་ཝན་རིག་གཞུང་ལྷན་ཁང་ནས་ཕྱི་ཟླ་ ༩ ཚེས་ ༢༧ ནས་ཕྱི་ཟླ་ ༡༠ ཚེས་ ༠༧ བར་འཁྲབ་སྟོན་དང་བཞུགས་གནས་གོ་སྒྲིག་གནང་བཞིན་ཡོད། ཕྱི་ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་སྡིངས་ཆའི་ནང་སྒྲ་སྒམ་དང་གློག་སོགས་མཐུན་རྐྱེན་ཇི་བཞིན་ཡོད་མེད་བརྟག་དཔྱད་ཀྱིས་བསྐྱར་སྦྱོང་ལེགས་པར་བྱས། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༣༠ ཉིན་ཐེ་ཝན་རྒྱལ་ས་ཐེ་པའི་ཚོགས་ཁང་ (Tawain Traditional Theatre Center) ནང་ཉིན་རྒྱབ་ཚོུད་ ༢:༣༠ ཐོག་ཐེ་ཝན་རླུང་འཕྲིན་གསར་ཤོག་ཁང་གི་གསར་འགོད་པ་ཁག་ཅིག་ཚོགས་ཁང་དུ་ངོ་བཅར་གྱིས་བོད་ཀྱི་ཟློས་གར་ཚོགས་པའི་རིག་གཞུང་འཁྲབ་སྟོན་ཁག་གཉིས་གཟིགས་ཕུད་ཞུས་རྗེས་ཐེ་ཝན་རིག་གཞུང་ལྷན་ཁང་གི་གཙོ་འཛིན་(Han, Tzu-Ying) མཆོག་ནས་བོད་ཀྱི་ཟློས་གར་ཚོགས་པ་ཐེ་ཝན་དུ་གདན་ཞུ་གནང་དགོས་དོན་ངོ་སྤྲོད་གསུང་བཤད་རྗེས་ཐེ་ཝན་གསར་འཕྲིན་གསར་འགོད་པ་ཁག་ཅིག་ནས་རིག་གཞུང་ལྷན་ཁང་གི་གཙོ་འཛིན་དང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གཉིས་ལ་བཅར་འདྲིགནང་སོང་། དེའི་ཉིན་དགོང་དྲོ་ཚོུད་ ༧།༠༠ ཐོག་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་ཚོགས་ཁང་ནང་ཆེད་དུ་གདན་ཞུའི་སྐུ་མགྲོན་ཁོངས་སུ་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རིག་གཞུང་ལྷན་ཁང་གི་འགན་འཛིན་དང་ལས་བྱེད། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་དང་དོན་ཁང་གི་ལས་བྱེད། དེ་བཞིན་སྐུ་མགྲོན་དང་གཟིགས་མོ་བ་མི་གྲངས་ ༩༠༠ ལྷག་ཙམ་ཚོགས་ཁང་གི་ཞབས་སྟེགས་ཆ་ཚང་ཁེངས་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་གཟིགས་མོར་དགའ་སྤྲོའི་ངང་མཉམ་བཞུགས་གནང་སོང་།


、西藏表演藝術學院大合照-1024x683.jpg)
སྐབས་དེར་གཞས་སྣ་འགོ་འཛུགས་མ་ཞུས་གོང་ཐེ་ཝན་ནང་སྙན་གྲགས་ཆེ་བའི་མདོ་འཛིན་པས་བོད་ཀྱི་ཟློས་གར་ཚོགས་པ་ངོ་སྤྲོད་དང་གཞས་སྣ་ཁག་གཟིགས་འབུལ་ཞུ་རྒྱུའི་ལེ་ཚན་ཁག་རྒྱ་སྐད་ནང་སྙན་སྒྲོན་ཞུས་རྗེས་རིག་གཞུང་འཁྲབ་སྟོན་དངོས་གཞིའི་འགོ་འཛུགས་ཀྱིས་ཚོུད་ ༡:༣༠ ལྷག་ཙམ་བོད་ཀྱི་མཐོུང་མ་ཡིན་པའི་རྐང་གྲོ་གྲུ་གཞས། འཆམ། བྲོ་བརྡུང་དང་བོད་ཀྱི་ཨ་ལྕེའི་ལྷ་མོའི་རྔོན་པའི་འདོན་སོགས་གཟིགས་འབུལ་ཞུས་པར་སྐུ་མགྲོན་གཙོས་པའི་རྒྱ་ཆེའི་གཟིགས་མོ་རྣམས་ནས་ཡི་རངས་བསྔགས་བརྗོད་དང་དགའ་བསུའི་ཐལ་སྒྲ་སྒྲོག་ནས་མཇུག་བསྡོམས་སུ་ཐེ་ཝན་རིག་གཞུང་ལྷན་ཁང་གི་གཙོ་འཛིན་དང་ཐེ་ཝན་སྐུ་ཚབ་དོན་གཅོད། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བཅས་སྡིངས་ཆའི་སྟེང་གདན་ཞུས་ཀྱིས་ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་སྐུ་མགྲོན་དང་འཁྲབ་སྟོན་པ་ཡོངས་ལ་དགའ་བསུའི་མཇལ་དར་སྒྲོན་པ་དང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དང་ཐེ་ཝན་རིག་གཞུང་ལྷན་ཁང་གི་གཙོ་འཛིན་ལ་མཇལ་དར་དར་ཕྱགས་རྟགས། དེ་བཞིན་ཐེ་ཝན་སྐུ་ཚབ་དོན་གཅོད་མཆོག་ལ་མཇལ་དར་ཕུལ་ནས་ཉིན་དང་པོའི་འཁྲབ་སྟོན་ལེགས་པར་འགྲུབ། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡ ཉིན་དགོང་དྲོ་ཚོུད་ ༧ ཐོག་བསྐྱར་དུ་ཚོགས་ཁང་དེ་གའི་ནང་རིག་གཞུང་འཁྲབ་སྟོན་ཐེངས་གཉིས་པ་གཟིགས་འབུལ་ཞུ་སྐབས་སྐུ་མགྲོན་གཙོས་པའི་རྒྱ་ཆེའི་གཟིགས་མོ་བ་ཉིན་དང་པོ་ནང་བཞིན་མི་གྲངས་ ༩༠༠ ཡས་མན་མཉམ་བཞུགས་གནང་ཡོད་པར་བརྟེན། བོད་ཀྱི་ཟློས་གར་ཚོགས་པ་ཐེ་ཝན་དུ་ཕྱི་ལོ་ ༢༠༡༨ རྗེས་སྐོར་སྐྱོད་འཁྲབ་སྟོན་དངོས་སུ་བཅར་ཐུབ་པ་དང་དེ་ཡང་རྒྱལ་ས་ཐེ་པེའི་ནང་འཁྲབ་སྟོན་གཉིས་གཟིགས་འབུལ་ཞུ་ཐུབ་པ་དེས་བོད་མི་རིགས་དང་ཐེ་ཝན་མི་རིགས་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་དམ་ཟབ་དེ་སྔ་ནས་ཡོད་བཞིན་པའི་ཐོག་རིག་གཞུང་འཁྲབ་སྟོན་བརྒྱུད་ནས་ཐེ་ཝན་མི་མང་གི་སེམས་ངོགས་སུ་བློ་ཐག་ཉེ་རུ་གཏོང་ཐུབ་པ་བྱུང་བ་དང་དེ་ཡང་ཐེ་ཝན་གསར་ཤོག་མང་པའི་ནང་གནས་ཚུལ་ཁྱབ་སྤེལ་གྱིས་བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་ཐོག་གོ་རྟོགས་གང་ལེགས་དང་དེ་རེས་ཐེ་ཝན་དུ་ལོ་མང་རྗེས་དངོས་སུ་སྐོར་སྐྱོད་འཁྲབ་སྟོན་ཞུ་རྒྱུའི་གོ་སྐབས་བྱུང་བ་དེས་སྒྱུ་རྩལ་བ་མང་པོ་ཞིག་ཐེངས་དང་པོ་ཕྱི་ཕྱོགས་སུ་འཁྲབ་སྟོན་བསྐྱོད་པར་སོང་མཐོང་རྒྱ་ཐོས་རྒྱ་གོང་སྤེལ་ཐད་ཕན་ཐོགས་དང་བོད་ཀྱི་གནའ་བོའི་རིག་གཞུང་བཟང་པོ་དེ་བརྒྱུད་སྤེལ་ཐུབ་པ་བཅས་བྱུང་ཡོད། པྱི་ཚེས་ ༤ ཉིན་ཐེ་ཝན་ཤར་ཕྱོགས་ཧཱ་ནན་རྫོང་གི་ཚོགས་ཁང་དང་འཁྲབ་སྟོན་ཁང་། ཕྱི་ཚེས་ ༦ ཉིན་ཅཱ་དབྱེ་གྲོང་ཁྱེར་གྱི་ཚོགས་ཁང་ནང་འཁྲབ་སྟོན་ཞུས་རྗེས་ཐེ་ཝན་རིག་གཞུང་ལྷན་ཁང་གི་གོ་སྒྲིག་ཞུས་པའི་སྐོར་སྐྱོད་འཁྲབ་སྟོན་མཇུག་སྒྲིལ་གྱིས་ཕྱི་ཚེས་ ༨ ཉིན་ཐེ་ཝེ་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཐེ་ཝན་ནང་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ཅིག་གིས་གོ་སྒྲིག་འོག་ཕྱི་ཚེས་ ༨ ནས་ ༡༥ བར་གྲོང་འཁྱེར་ཁག་ ༤ ནང་༸རྒྱལ་བའི་གོ་སྟོན་དང་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་དང་འབྲེལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཞུ་རྒྱུའི་ལས་རིམ་གཏན་འཁེལ་ཟིན་པ་ལྟར་འཁྲབ་སྟོན་ཞུ་རྒྱུ་དང་ཐེ་ཝན་རྒྱལ་ས་ཐེ་པའི་ནང་འཁྲབ་སྟོན་ཐེངས་དང་པོ་དང་གཉིས་པའི་གནས་ཚུལ་རྣམས་ཐེ་ཝན་གྱི་གསར་ཤོག་ཆེ་ཁག་ནང་འདོན་སྤེལ་ཞུས་གནང་སོང་།



The Tibetan Institute of Performing Arts (TIPA) visited Taiwan at the kind invitation of the Ministry of Culture, Taiwan.
The Tibetan Institute of Performing Arts (TIPA) has embarked on a cultural tour across Taiwan at the joint invitation of the Taiwan Ministry of Culture, the Office of Tibet Taiwan, and the Taiwanese Buddhist Center. The tour, running from September 27th to October 15th, aims to showcase Tibet’s vibrant and unique cultural heritage to Taiwanese audiences.

Led by The Director Mr. Dhondup Tsering, an 18 member delegation including The Artistic Director, instructors, musicians, and performers departed from Dharamshala on 25th of September and arrived in Taiwan on 27th of September. The group received a warm reception at the airport from representatives of the Ministry of Culture, the Office of Tibet, and the Taiwan Tibetan Association.
Rehearsals and Preparations
From September 27 to October 7, the Ministry of Culture, Taiwan, organized performances and accommodations. Tipa held rehearsals to fine-tune sound, lighting, and stage arrangements ahead of their scheduled performances.
First Major Performance in Taipei
On 30th September, TIPA performed its first major performance at the Taiwan Traditional Theatre Center in Taipei.
Afternoon Session: Taiwanese media attended the program, followed by remarks from Mr. Kao Yu Chen, Director of the Ministry of Cultural Center, and an interview with TIPA’s Director, Mr. Dhundup Tsering.
Evening Program: More than 900 guests, including officials, cultural dignitaries, and representatives of the Office of Tibet, filled the theatre. Hosted by a well-known Taiwanese emcee, the performance featured Tibetan folk songs, traditional dances, drumming, and opera in a 90-minute showcase. The evening concluded with ceremonial scarf exchanges, as a token of friendship and cultural solidarity.
Expanding Performances Across Taiwan
TIPA performed again to a full house on October 1st, marking its first Taiwan tour since 2018. The event drew widespread media attention, highlighting Tibet’s cultural richness and reinforcing ties between the Taiwanese and Tibetan communities.
The touring schedule includes:
•Hualien County – October 4th
•Chiayi City – October 6th
From October 8th to 15th, TIPA will collaborate with the Office of Tibet and Tibetan Buddhist centers across Taiwan. Alongside performances, the group will also present talks on His Holiness the Dalai Lama’s Four Commitments, deepening cultural and spiritual exchanges.
The tour has already received significant coverage in Taiwanese newspapers and media outlets, helping to promote a broader understanding of Tibet’s traditions and values across Taiwan.


















