ད་ལན་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་གཙོས་པའི་ཟློས་དགེ་དང་སྒྱུ་རྩལ་བ་དང་ལས་བྱེད་བསྡོམས་གྲངས་ ༤༢ བོད་མིའི་གཞིས་ཆགས་མན་སྤར་ཕན་བདེ་གླིང་དུ་ངོ་བསྐྱོད་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༨ ནས་ཟླ་ ༤ ཚེས་ ༡ བར་ཉིན་གྲངས་ ༥ རིང་དེ་གའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ས་གནས་ཀྱི་ལས་སྣེ་དང་ས་གནས་མང་ཚོགས་བཅས་ལ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་དང་། ལྷ་གཞུང་འཁྲབ་སྟོན། དེ་བཞིན་བོད་མིའི་ཡུལ་གྱར་བའི་གནས་བབས་དང་བྱམས་བརྩེའི་སེམས་རྒྱུད་བརྗོད་བྱར་བྱས་པའི་གཏམ་བརྗོད་བཅས་གཟིགས་འབུལ་ཞུས་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༩ ཡི་དགོང་དྲོའི་ཆུ་ཚོད་ ༧ ཐོག་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཚོགས་ཁང་ནང་དུ་མགྲོན་གྱི་གཙོ་བོ་སྐུ་མགྲོན་གཙོ་བོ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། དམིགས་བསལ་སྐུ་མགྲོན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ཆེས་མཐོའི་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་འགོ་འཛིན་མཆོག གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་དང་དགོན་སྡེ་གྲྭ་ཚང་ཁག་གི་སྐྱབས་གནས་མཁན་བླ་དང་དགེ་འདུན་གྱི་སྡེ། རྒྱ་ཆེའི་ས་གནས་ཀྱི་མང་ཚོགས་བཅས་ཚང་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་དགའ་བསུའི་འཚམས་འདྲི་ཞུ་བ་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པའི་ངོ་སྤྲོད་སྙིང་བསྡུས་དང་ད་རེས་མན་སྤར་ཕན་བདེ་བོད་མིའི་གཞིས་ཆགས་སུ་རིག་གཞུང་འཁྲབ་སྟོན་ཞུ་དགོས་པའི་དགོས་དམིགས་སོགས་གསལ་བཤད་ཞུས་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་ “ཡུལ་གྱར་བའི་སེམས་པ།” བྱམས་བརྩེ་ནི་སེམས་ཅན་ཀུན་ལ་གཞན་ཕན་གྱི་རྩ་བ་ཡིན་།” ཞེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་གཏམ་བརྗོད་གཟིགས་འབུལ་ཞུས་པར་ས་གནས་ཀྱི་མང་ཚོགས་ནས་སེམས་འགུལ་ཆེ་བའི་དགའ་སྐྱོ་ཟུང་འབྲེལ་གྱི་མིག་ཆུ་ཡང་གཏོང་བཞིན་དུ་ཐུགས་སྣང་ཆེན་པོས་གསན་གཟིགས་གནང་ཡོད།



ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་མན་སྤར་ཕན་བདེ་གླིང་མི་མང་ཚོགས་ཁང་གི་མདུན་ངོས་ཀྱི་སིལ་པོལ་རྩེད་ཐང་དུ་གུར་ཕུབ་སྟེ་མགྲོན་གྱི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་མཆོག་དང་དམིགས་བསལ་སྐུ་མགྲོན་དང་གདན་ཞུའི་སྐུ་མགྲོན་གཙོས་པའི་རྒྱལ་ཆེའི་ས་གནས་མང་ཚོགས་ལྔ་བརྒྱ་ལྷག་ཙམ་འདུ་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་ལྷ་གཞུང་ཁྱེའུ་པདྨ་འོད་འབར་གཟིགས་འབུལ་ཞུས་ཡོད་ཅིང་། ཕྱི་ཚེས་ ༣༡ ཉིན་གྱི་དགོང་དྲོའི་ཆུ་ཚོད ༧ པའི་ཐོག་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་ས་གནས་རང་བདེན་ཚོགས་ཆུང་དང་། དམིགས་བསལ་སྐུ་མགྲོན་ས་གནས་མཉམ་འབྲེལ་ཚོགས་གཙོ། ཆེས་མཐོའི་སྐུ་མགྲོན་ས་གནས་འགོ་འཛིན་མཆོག་དང་གདན་ཞུའི་སྐུ་མགྲོན་གཙོས་རྒྱལ་ཆེའི་མང་ཚོགས་ཚོགས་ཁང་ནང་འཚང་ཀ་ཤིག་ཤིག་མཉམ་བཞུགས་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་རིག་གཞུང་གཞས་སྣ་སྣ་ཚོགས་ཤིག་གཟིགས་འབུལ་ཞུས་ཡོད་པ་རེད། ད་ལན་མན་སྤར་ཕན་བདེ་གླིང་དུ་སྐོར་སྐྱོད་འཁྲབ་སྟོན་ཞུས་པ་དེ་ནི་བོད་ཀྱི་ཟློས་གར་ཚོགས་པའི་སྣེ་འཁྲིད་འོག་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་བསྐོང་ཚོགས་ཞུས་པ་དང་བསྟུན་ཏེ་ས་ཐག་ཉེ་འབྲེལ་གྱི་གོ་སྐབས་བཟུང་སྟེ་ཉེ་འཁོར་དབུས་གཞིས་ཆགས་ཁག་ཏུ་སྐོར་སྐྱོད་འཁྲབ་སྟོན་ཞུ་རྒྱུའི་ཆ་ཤས་ཤིག་ཆགས་ཡོད་ཅིང་། མན་སྤར་ཕན་བདེ་གླིང་དུ་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་འདི་ནི་ལོ་ངོ་ ༣༠ རྗེས་སུ་ཐེངས་དང་པོ་ཆགས་ཡོད་པ་རེད། བོད་ཀྱི་ཟློས་གར་ཚོགས་པ་ནས་ཇི་ལྟར་མགྲོན་འབོད་གནང་དོན་ལྟར་ཉིན་དང་པོའི་སྐུ་མགྲོན་གཙོ་བར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། ཉིན་མཐའ་མའི་སྐུ་མགྲོན་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་འགོ་འཛིན་མཆོག་ཕེབས་གནང་བ་ཙམ་དུ་མ་ཟད་། ས་གནས་འཁྲབ་སྟོན་ཞུ་སྐབས་ཐོག་མཐའ་བར་གསུམ་དུ་དེ་གའི་ས་གནས་འགོ་འཛིན་མཆོག་གི་སྣེ་ཁྲིད་ལམ་སྟོན་འོག་ས་གནས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་ནས་མཐུན་འགྱུར་དང་རམ་འདེགས་གང་གཟབ་གནང་བ་ལ་བརྟེན་ས་གནས་ཀྱི་རྒྱ་ཆེའི་མང་ཚོགས་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་ལ་ཆེ་མཐོང་དང་དགའ་སྤྲོའི་ཚོར་སྣང་ཆེན་པོས་འཁྲབ་སྟོན་ཀུན་ལ་མཉམ་ཞུགས་གནང་བ་མ་ཟད་ཞལ་འདེབས་ཡང་རྒྱ་མི་ཆུང་བ་ཞིག་གནང་སྟེ་རིག་གཞུང་སྐོར་སྐྱོད་ཀྱི་ལས་རིམ་ཚང་མ་ལེགས་གྲུབ་ཐུབ་པ་བྱུང་ཡོད།
TIPA cultural performance tour to Mainpat Phendeling Tibetan Settlement
TIPA concluded a successful five-day cultural tour to the Mainpat Phendeling Tibetan Settlement, drawing strong public participation and widespread appreciation.
Led by the Director of TIPA, a 42 member troupe including the Artistic Director, teachers, staff, and performers presented a series of traditional Tibetan songs, dances, opera and theatrical productions from March 28 to April 1, 2026. The performances highlighted themes of exile and compassion, reflecting the resilience and cultural identity of the Tibetan community.

The opening event on March 29 at the settlement’s community hall was attended by key dignitaries, including the President of the Local Tibetan Assembly, the President of Rangdhen Tsokchung, and the Settlement Officer representing the Central Tibetan Administration. In his address, the TIPA Director introduced the institute and outlined the objectives of the tour. Performances received an emotional response from the audience.
On March 30, more than 500 residents gathered for a morning performance at the community ground, where the troupe staged the traditional opera Padma Woebar. Another cultural evening on March 31 featured a variety of performances, drawing an enthusiastic crowd and prominent community leaders.



Organized in connection with the 29th Shoton Festival in Odisha, the tour also marked TIPA’s first visit to Mainpat Phendeling in over 30 years. Local authorities and community leaders played a key role in supporting the program, which helped strengthen cultural pride and reaffirm TIPA’s role in preserving Tibetan heritage.















