སྒྱུ་རྩལ་བ་བསྟན་འཛིན་ཕན་ཐོགས་ལགས་ནི། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་གཏོགས་པའི་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ཁོང་ནི་ཟློས་གར་སྒྱུ་རྩལ་སྤྱི་དང་ཡང་སྒོས་རོལ་མོ་དང་བྲོ་གར་སོགས་ལ་དུང་བ་ཟབ་པའི་དབང་གིས་ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་ཟློས་གར་སྒྱུ་རྩལ་ཁང་དུ་ཡིག་རྒྱུགས་ཀྱི་ལམ་ནས་འཛུལ་ཞུགས་བྱས་པའི་སློབ་མ་ཞིག་ཡིན། ད་ལྟའི་ཆར་སྒྱུ་རྩལ་ལོ་རིམ་ལྔ་པའི་ནང་སློབ་གཉེར་གནང་མུས་ལགས།
Tenzin Phenthok is from Paonta Cholsum Tibetan settlement, Himachal Pradesh. She joined Tibetan Institute of Performing arts in 2017. She is currently in the fifth year of training and pursuing her passion to become a professional artist.
༡། ཁྱེད་ཉིད་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་དུ་འཛུལ་ཞུགས་གནང་རྒྱུའི་བསམ་བློའི་ཤུགས་རྐྱེན་དེ་གང་ནས་བྱུང་བ་ཡིན་ནམ།
བསྟན་འཛིན་ཕན་ཐོགས། སྤྱིར་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་རོལ་མོའི་བསྟན་བཅོས་ལས། འགའ་ཞིག་འགའ་ལ་མི་མཛེས་ཤིང་། །ལ་ལ་གཞན་ལ་མཛེས་མ་ཡིན། །མཁས་རྨོངས་སྐྱེས་པ་བུད་མེད་སོགས། །ཀུན་ལ་མཛེས་པ་རོལ་མོ་ཡིན་ཞེས་རོལ་དབྱངས་རིག་པའི་གཞུང་ལུགས་ལ་སྡོམ་ཚིག་ཆེན་པོ་ཞིག་གནང་ཡོད། རོལ་མོ་ནི་ཐོག་མཐའ་བར་གསུམ་མམ་དུས་རྟག་ཏུ་རང་ཉིད་ཀྱི་བླ་སྲོག་ལྟ་བུ་ཡིན་ཞིང་། ཆུང་དུས་ནས་ཞབས་བྲོ་འཁྲབ་རྒྱུར་དགའ་བ་མ་ཟད་གླུ་དབྱངས་ལེན་རྒྱུའི་སྤྲོ་སེམས་དེས་ང་རང་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གླིང་དུ་རེ་ཞུ་དང་ཚོད་ལྟ་བྱེད་པར་སྐུལ་མ་བཏང་བྱུང་། རོལ་དབྱངས་ཀྱིས་ངའི་བླ་སྲོག་དང་སེམས་ཁམས་ལ་བདེ་སྐྱིད་དང་ཞི་བདེའི་འོད་སྣང་སྦྱིན་གྱིན་འདུག །
Q1: What inspired you to give an audition at Tibetan institute of Performing Arts?
Tenzin Phenthok: Music has always been my soul. Since a child, I like dancing and singing. My interest in music has inspired me to apply and give an audition at the Tibetan Institute of Performing arts. Music gives happiness and peace to my soul.
༢། ཁྱེད་ཀྱི་བསམ་པར་ཇི་ལྟར་བྱས་ན་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱུ་རྒྱུའི་ཐད་ནུས་པ་དམིགས་བསལ་ཞིག་འདོན་ཐུབ་ཀྱི་རེད་དམ།
བསྟན་འཛིན་ཕན་ཐོགས། ངས་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཚོས་སློབ་ཁྲིད་གནང་སྐབས་དོ་དབྱིངས་ཆེན་པོས་ངང་བོད་ཀྱི་སྒྱུ་རྩལ་རིག་གནས་ལ་སྦྱང་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ་དང་། འཛིན་གྲྭའི་ཤེས་བྱ་ཕུད་ངས་འབྱུང་ཁུངས་གཞན་དག་རི་ལོ་རྒྱུས་དང་ཟིན་བྲིས་ལ་ཞིབ་འཇུག་བྱས་ནས་ང་ཚོའི་བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་ཡིན། དེ་ལྟར་བྱས་ན་ངས་རང་ཉིད་ཀྱིས་ང་ཚོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉར་ཚགས་བྱེད་བཞིན་ཡོད་པ་ཚོར་བྱུང་།
Q2: How best do you think you could make a difference for preserving Tibetan tradition and culture?
Tenzin Phenthok: I work very hard in studying the Tibetan culture and arts in class from our teachers at the institute. Apart from class knowledge, I dwell on the histories and notes from other sources to study, research and learn more about our Tibetan performing arts. And by doing this, I feel I am preserving our Tibetan tradition and culture.
༣། བོད་ཀྱི་རིག་གཞུང་འཁྲབ་སྟོན་སྒྱུ་རྩལ་ནང་ནས་ཁྱེད་ཀྱི་ཆེས་དགའ་ཤོས་གང་ཡིན་ནམ། རྒྱུ་མཚན་ཅི་ཕྱིར།
བསྟན་འཛིན་ཕན་ཐོགས། དྲང་མོ་ཞུས་ན་ང་ལ་ཞིབ་ཕྲའི་གདམ་ག་དམིགས་བསལ་གང་ཡང་མེད། ངས་ཐུན་མོང་མ་ཡིན་པའི་སྟངས་སྟབས་ལ་བརྟེན་ནས་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་སྣ་ཚོགས་ལོངས་སུ་སྤྱོད་བཞིན་ཡོད། དེ་ནི་གླུ་ལེན་གར་འཁྲབ་དང་། རོལ་ཆ། གཏམ་བརྗོད། ལྷ་མོའི་ཟློས་གར་བཅས་ཡིན། ང་རང་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གླིང་གི་དངོས་སྦྱོང་སློབ་མ་ཞིག་ཡིན་སྟབས། བོད་ཀྱི་རོལ་དབྱངས་སྒྱུ་རྩལ་འཚོལ་ཞིབ་དང་སློབ་གཉེར་བྱེད་མུས་ཡིན།
Q3: Which performing art form, you love the most. Why?
Tenzin Phenthok: I don’t have a specific choice, honestly speaking. I enjoy all forms of arts in their unique way, be it singing, dancing, playing instruments, theatre and operas. As a trainee of the Tibetan Institute of Performing arts, I am still exploring and learning Tibetan music and art.
༤། ཁྱེད་ཀྱི་མིག་དཔེ་བཟང་ཤོས་འདི་སུ་ཡིན་ནམ། རྒྱུ་མཚན་གང་གི་ཐད་ནས་ཡིན་ནམ།
བསྟན་འཛིན་ཕན་ཐོགས། སྐྱེ་བོ་རེ་རེར་རང་ཉིད་ཀྱི་མི་ཚེའི་ནང་ལམ་སྟོན་པ་རེ་ཡོད་པ་བཞིན། ངའི་མིག་དཔེ་ནི་བདག་གི་རྨོ་ལགས་ཡིན། ཁོང་གིས་འཚོ་བའི་དཀའ་སྡུག་ལ་མི་འཛེམ་པར་ང་ལ་ལྟ་རྟོག་བྱེད་ཀྱིན་ཡོད་ལ་སྐབས་འགར་ངས་ཁོ་མོར་སྐུ་རླུང་ལངས་ནས་ལྷིང་འཇགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱེད་ཐུབ་མིན་ཤེས་འདོད་ཆེ། ངས་ཁོང་ལ་ཡིད་སྨོན་བྱེད་ཀྱིན་ཡོད་ལ། སྔོན་དཔག་བྱས་ན་ཁོང་དང་འདྲ་བར་འགྱུར་སྲིད་སྙམ།
Q4: Who is your role model and why?
Tenzin Phentok: My role model is my grandmother. She has been taking care of me despite the hardships of life. Sometimes, I wonder how she can remain calm and patient in chaos. I admire her and foresee becoming like her someday.
༥། ཁྱེད་ཀྱི་མ་འོངས་པའི་ཕུགས་འདུན་ནམ་དམིགས་ཡུལ་ཅི་ཞིག་ཡིན།
བསྟན་འཛིན་ཕན་ཐོགས། ངའི་མ་འོངས་པའི་དམིགས་ཡུལ་ནི་ཤུགས་རྐྱེན་ལྡན་པའི་སྒྱུ་རྩལ་པ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་ལ། སྒྱུ་རྩལ་དེས་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གླིང་གི་སྐུ་ཚབ་མཚོན་པའི་ཐོག་བོད་ཀྱི་འཁྲབ་སྟོན་སྒྱུལ་གྱི་འདུ་ཤེས་དང་བློ་གྲོས་བརྒྱུད་སྤེལ་བྱེད་འདོད་ཆེན་པོ་ཡོད། བཅའ་འདྲི་གནང་བར་བཀའ་དྲིན་ཆེ།
Q5: What is your future Goal?
Tenzin Phenthok: My future goal is to become an influential artist. I want to be an ambassador of the Tibetan Institute of Performing arts and spread awareness and wisdom of our Tibetan performing arts.