
ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༥ ཉིན་གྱི་དགོང་དྲོ་ཚོུད་ ༦ ཐོག་ Pulverturngasse རྟེན་གཞི་ཆགས་པའི་ཚོགས་ཁང་ཆུང་ཆུང་ཞིག་ནང་ Austria ནང་བཅའ་བཞུགས་སྒྱུ་རྩལ་ཐོག་རྒྱབ་སྐྱོར་གནང་མཁན་གནད་ཡོད་མི་སྣ་ Margret, Christian S, Daniela, Gabreila གཙོ་བོར་འགྱུར་བའི་ཕྱི་རྒྱལ་སྐུ་མགྲོན་ཁག་ཅིག་དང་ Austrai ཁུལ་དུ་ཐོག་མ་གཞིས་སྤོས་གནང་ནས་བཅའ་བཞུགས་གནང་མཁན་བོད་རིགས་སྐུ་ཞབས་བློ་བཟང་ལགས་དང་། ཨ་ཅག་ཀུན་བཟང་དབང་མོ་ལགས། ཚེ་རིང་ལྷ་མོ་ལགས། གཞན་ཡང་བོད་རིགས་ན་གཞོན་བོད་དོན་ཞུ་སྐུལ་གྱི་དྭང་བླངས་ཚོགས་མི་བཅས་ཁྱོན་མི་གྲངས་ ༤༠ ལྷག་ཙམ་ལ་བོད་ཀྱི་ཟློས་གར་ཚོགས་པ་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་ཡོད།
དེ་ཡང་ Austria བཅའ་བཞུགས་བོད་རིགས་བོད་ཀྱི་རིག་གཞུང་ཐོག་ཤ་ཞེན་དང་རྒྱབ་སྐྱོར་གནང་མཁན་བསྟན་འཛིན་གཡུ་སྒྲོན་ལགས་ནས་གོ་སྒྲིག་མཐུན་འགྱུར་གནང་བ་ཞིག་ཡིན་ཞིང་། འཁྲབ་སྟོན་གྱི་ཐོག་མར་བསྟན་འཛིན་གཡུ་སྒྲོན་ལགས་ནས་འཚམས་འདྲི་དང་། ད་ལན་གློ་བུར་དུ་དུས་ཚོད་ཐུང་ཐུང་ཞིག་གི་ནང་རིག་གཞུང་གཞས་སྣ་འཁྲབ་སྟོན་དེ་གོ་སྒྲིག་ཞུ་དགོས་དོན་ནི་བོད་ཀྱི་ཟློས་གར་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་འོག་སྒྱུ་རྩལ་བ་ཁྱོན་ ༢༦ རྒྱ་གར་ནས་ཆེད་དུ་མངགས་ནས་ཡོ་རོབ་ཁུལ་གྱི་རྒྱབ་ཁབ་ཁག་ཅིག་ལ་རིག་གཞུང་སྐོར་སྐྱོད་དུ་ཆེད་ཕེབས་གནང་ཡོད་པའི་གོ་སྐབས་དེ་དམ་འཛིན་གྱིས་ཁུལ་དེའི་གནད་ཡོད་མི་སྣ་ཚོར་བོད་ཀྱི་ཟློས་གར་རིག་གཞུང་ངོ་སྤྲོད་དང་གོ་རྟོགས་ཁྱབ་སྤེལ་ཞུ་རྒྱུའི་དགོས་དམིགས་བཅངས་ཏེ་འཁྲབ་སྟོན་དེ་གོ་སྒྲིག་ཞུས་པ་ཡིན་པ་དང་། དུས་ཚོད་ཐུང་ཐུང་ནང་འབྲེལ་གཏུགས་ཞུ་དགོས་བྱུང་སྟབས་གནད་ཡོད་མི་སྣ་མང་པོ་ཞིག་སྔོན་ནས་ལས་རིམ་གཞན་གཏན་འཁེལ་ཟིན་པ་ཡོད་སྟབས་བཅར་ཐུབ་མེད་ནའང་གང་འཚམ་ཞིག་མཉམ་བཞུགས་གནང་ཐུབ་ཡོད་པ་རྣམས་ནས་མ་འོངས་པར་བོད་ཀྱི་ཟློས་གར་ཚོགས་པ་ས་གནས་སུ་རྒྱལ་སྤྱིའི་སྒྱུ་རྩལ་དུས་སྟོན་གྱི་སྡིངས་ཆ་གལ་ཆེའི་རིགས་ཀྱི་ནང་གོ་སྐབས་འཚོལ་སྒྲུབ་ཐོག་རྒྱབ་སྐྱོར་དང་། ད་རེས་རིག་གཞུང་འཁྲབ་སྟོན་འདི་གསར་འགྱུར་བརྒྱུད་ལམ་དང་གསར་ཤོག་ཁག་ཁྱབ་སྤེལ་དང་། གནད་ཡོད་ཀྱི་རྒྱབ་སྐྱོར་བ་ཚོར་བརྒྱུད་བསྒྲགས་རྒྱ་ཆེ་ཡོང་བའི་རེ་འདུན་ཞུས། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་འཚམས་འདྲི་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པ་ངོ་སྤྲོད་དང་། ད་རེས་ཡུ་རོབ་ཁུལ་དུ་རིག་གཞུང་སྐོར་སྐྱོད་ཀྱི་དམིགས་ཡུལ་གསལ་བཤད་ཞུས། ད་རེས་དུས་ཚོད་ཐུང་ཐུང་ནང་འདི་ག་བཅའ་བཞུགས་རྒྱུན་དུ་བོད་ཀྱི་རིག་གཞུང་ཐོག་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་བསྟན་འཛིན་གཡུ་སྒྲོན་ལགས་ནས་སེམས་ཚོར་ཆེན་པོས་ད་རིང་དགོང་དྲོའི་རིག་གཞུང་དགོང་ཚོགས་གོ་སྒྲིག་མཐུན་འགྱུར་གནང་བ་ལ་རྗེས་སུ་ཡིད་རངས་དང་བཀའ་དྲིན་ཆེ་ཞུས། ད་རེས་རིག་གཞུང་འཁྲབ་སྟོན་འདི་བརྒྱུད་དེ་གནད་ཡོད་སྐུ་མགྲོན་དང་གཟོགས་མོ་བ་རྣམས་ནས་མ་འོངས་པར་བོད་ཀྱི་ཟློས་གར་ཚོགས་པ་ཡུ་རོབ་རྒྱལ་ཁབ་ཁག་དང་། སྒོས་སུ་ Austrai ནང་རྒྱལ་སྤྱིའི་རིག་གཞུང་དུས་སྟོན་གལ་ཆེའི་སྡིངས་ཆའི་ཐོག་མཉམ་བཞུགས་བྱ་རྒྱུའི་མཐུན་འགྱུར་དང་རྒྱབ་སྐྱོར་ཡོང་བའི་ཞབས་སྐུལ་ཞུས་ཡོད་པ་བཅས།



On the evening of 15 May 2026, the Tibetan Institute of Performing Arts (TIPA) presented a special live Tibetan cultural performance at a hall located on Pulverturngasse in Vienna, Austria. The event, held at 6 PM, brought together around 40 distinguished guests, including prominent supporters of arts and culture in Austria, members of the Tibetan community, and young Tibetan volunteers actively engaged in Tibet advocacy initiatives.
Among the invited guests were Austrian art supporters Margret, Christian S., Daniela, and Gabriela, along with senior Tibetan residents in Austria, including Mr. Lobsang, Ms. Kunchang Wangmo, and Ms. Tsering Lhamo. The cultural evening was organized through the dedicated coordination and support of Tenzin Youdon, an Austria-based Tibetan cultural enthusiast and long-time supporter of Tibetan arts and heritage.
Opening the program, Tenzin Youdon welcomed the guests and explained that the cultural evening had been organized within a very short period following the arrival of the TIPA delegation in Europe. She highlighted that 26 artists from India, under the leadership of TIPA Director Dhondup Tsering, were invited to several European countries as part of an ongoing cultural tour aimed at promoting Tibetan performing arts internationally and strengthening cultural exchange opportunities.



Although many prominent cultural figures in Austria were unable to attend due to prior commitments, the invited guests who participated expressed strong appreciation for the initiative and conveyed their interest in supporting future opportunities for TIPA to participate in important international art and cultural festivals across Europe. They also encouraged broader media coverage and public promotion of Tibetan performing arts in Austria and beyond.
During the event, TIPA artists presented vibrant traditional Tibetan songs and dances, offering the audience a unique glimpse into the richness and diversity of Tibetan cultural heritage. The performances were warmly received and highly appreciated by all attendees.
Addressing the gathering, TIPA Director Dhondup Tsering introduced the history, mission, and achievements of the institute and explained the objectives of the ongoing European cultural tour. He expressed heartfelt gratitude to Tenzin Youdon for her tireless efforts and continued dedication to supporting Tibetan culture. He also appealed to the distinguished guests and supporters to help facilitate opportunities for TIPA’s participation in major international cultural festivals, particularly in Austria and other European countries, in order to further promote Tibetan culture and artistic traditions on the global stage.













