སྒྱུ་རྩལ་བ་བསྟན་འཛིན་ཡོན་ཏན་ལགས་ནི། རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། བྱིས་དུས་ཀྱི་ཚོར་འདུ་ཡོད་ཚད་རོལ་དབྱངས་དང་སྒྱུ་རྩལ་ལ་བཅོལ་ཏེ་ནར་སོན་ཞིང་། དམིགས་བསལ་བོད་ཀྱི་ཟློས་གར་སྒྱུ་རྩལ་ལ་དུང་བ་རབ་ཏུ་ཟབ་པའི་དབང་གིས་ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གླིང་དུ་ཡིག་རྒྱུགས་ཀྱི་ལམ་ནས་འཛུལ་ཞུགས་བྱས། ད་སྐབས་སྒྱུ་ རྩལ་ལོ་རིམ་ལྔ་པའི་ནང་སློབ་གཉེར་བྱེད་མུས་ཡིན་པ་དང་། སླད་ཕྱིན་ཚོགས་ཁོངས་གང་རུང་ཞིག་གི་ ནང་རོལ་དབྱངས་སློབ་སྟོན་པའི་ལས་རིགས་གཉེར་འདོད་ཀྱིས་འདུན་པ་རབ་ཏུ་ཆེ།ཁོང་གིས་སྒྱུ་རྩལ་གྱི་འདོད་ཚུལ་གཞིགས་ན། སྒྱུ་རྩལ་གྱི་ཚོར་འདུ་རེ་རེའི་ཁྲོད་དུ་རང་ཉིད་ཀྱི་རྨི་ལམ་དང་ཉམས་འགྱུར་སྣ་ཚོགས་འདྲེས་ཡོད་པར་ངོས་འཛིན་སྣང་བཞིན་འདུག
Tenzin Younten is from Hunsur Rabgyaling Tibetan settlement, Karnataka. He joined the Tibetan Institute of Performing arts in 2017. He is currently in the fifth year of training and foresees to become a music instructor of an institute someday.
༡། ཁྱེད་ཉིད་བོད་ཀྱི་ཟློས་གར་སྒྱུ་རྩལ་ཆེད་ལས་ཁང་དུ་འཛུལ་ཞུགས་གནང་རྒྱུའི་བསམ་བློའི་ཤུགས་རྐྱེན་ གང་ནས་བྱུང་བ་ཡིན་ནམ།
བསྟན་འཛིན་ཡོན་ཏན། རོལ་དབྱངས་རིག་པའི་གཞུང་ལུགས་སམ་རོལ་མོའི་བསྟན་བཅོས་ལས། ཆོས་རྗེ་ ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས། རོལ་མོ་སྦྱོར་བ་གཞན་ལ་ཕན་པ་ཡི། །དྲི་མེད་གཞུང་ འདི་བདག་གིས་བཤད་པར་བྱ། །ཞེས་དང་། <<ས་བཅུའི་མདོ་འགྲེལ་>>ལས། སྙན་ངག་དང་། གར་ སྟབས་དང་། གཏམ་རྒྱུད་དང་རོལ་མོ་རྣམས་ནི་ཡིད་མ་བདེ་བའི་གཉེན་པོའོ། །ཞེས་གསུངས་པའི་ལེགས་ བཤད་འདི་དག་གིས་རོལ་མོའི་ཕན་ཡོན་རྟོགས་ངེས། འོན་ཀྱང་ང་རང་ལ་མཚན་ན། ཆུང་དུས་ནས་རོལ་ མོ་མཁན་ཞིག་ཡིན། ངའི་དྲན་འཆར་ངོགས་སུ་ཨ་མས་རང་ཁྱིམ་དུ་བོད་ཀྱི་སྲོལ་རྒྱུན་གླུ་གཞས་གཏོང་ཚད་མཐོ་བ་དང་ཁོ་མོས་རོལ་དབྱངས་སྦྲེལ་མཐུད་དང་ལོངས་སྤྱོད་བྱེད་སྟངས་ཀྱིས་ང་ལ་ལམ་བུ་འདིའི་ཁོངས་སུ་ཤུགས་ཀྱིས་དོ་དབྱིངས་དང་སྤྲོ་སྣང་བསྩལ་བ་དྲན་བྱུང་། དེར་བརྟེན་ང་ཚོའི་སྲོལ་རྒྱུན་རིག་གནས་ ཀྱི་འཁྲབ་སྟོན་སྒྱུ་རྩལ་སློབ་སྦྱོང་བྱེད་ཆེད་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གླིང་དུ་ཕྱི་ལོ་ ༢༠༡༧ ལོར་འཛུལ ཞུགས་བྱས་པ་ཡིན།
Q1: What inspired you to give an audition at Tibetan institute of Performing Arts?
Tenzin Younten: I have always been a music goer since childhood. I remember my mother playing Tibetan traditional songs at home with the highest volume and the way she connects and enjoys music has given me exposure and interest in this field. So, to learn our cultural and traditional performing art, I gave an audition at the Tibetan Institute of performing arts, where luckily, I got selected in the year 2017.
༢། ཁྱེད་ཀྱི་བསམ་པར་ཇི་ལྟར་བྱས་ན་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུའི་ཐད་ནུས་པ་ དམིགས་བསལ་ཞིག་འདོན་ཐུབ་ཀྱི་རེད་དམ།
བསྟན་འཛིན་ཡོན་ཏན།སྒྱུ་རྩལ་ནི་བསམ་བློའི་བཟོ་སྒོ་ཞིག་ཡིན་པར་བརྟེན། ངའི་འོས་འགན་གཙོ་བ་ནི་ སློབ་གཉེར་ཡག་པོ་བྱས་ཏེ་འཁྲབ་སྟོན་སྒྱུ་རྩལ་སྣ་མང་ལ་རྒྱུས་ལོན་བྱེད་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། དེ་ ལྟར་བྱས་ན་ང་ཚའི་བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་དང་སྲོལ་རྒྱུན་རིག་གཞུང་གྱི་འདུ་ཤེས་གོང་སྤེལ་བྱེད་ཐུབ་ངེས། དེས་ངས་བོད་ཀྱི་སྲོལ་རྒྱུན་འཁྲབ་སྟོན་སྒྱུ་རྩལ་དང་རིག་གཞུང་བྱ་གཞག་ཉར་ཚགས་བྱ་རྒྱུའི་ཐད་ལེ གས་སྐྱེས་འབུལ་ཐུབ།
Q2: How best do you think you could make a difference for preserving Tibetan tradition and culture?
Tenzin Younten: My primary focus is to study well in class and upgrade my understanding of various performing arts being a trainee. So that I can spread awareness about our Tibetan performing arts, culture and traditions. Doing this way, I could make a difference in preserving Tibetan performing tradition and culture.
༣། བོད་ཀྱི་རིག་གཞུང་འཁྲབ་སྟོན་སྒྱུ་རྩལ་ནང་ནས་ཁྱེད་ཀྱི་ཆེས་དགའ་ཤོས་གང་ཡིན་ནམ། རྒྱུ་མཚན་ཅི་ ཕྱིར།
བསྟན་འཛིན་ཡོན་ཏན། རོལ་མོའི་བསྟན་བཅོས་ལས། འགའ་ཞིག་འགའ་ལ་མི་མཛེས་ཤིང་། །ལ་ལ་གཞན་ ལ་མཛེས་མ་ཡིན། །མཁས་རྨོངས་སྐྱེས་པ་བུད་མེད་སོགས། །ཀུན་ལ་མཛེས་པ་རོལ་མོ་ཡིན་ཞེས་གསུངས་པ་བཞིན། ངས་གླུ་གཞས་ཉན་པའི་སྐབས་དང་གླུ་གཞས་གཏོང་སྐབས་རང་ཉིད་ལ་སེམས་བདེ་ཞིང་ ལྷིང་འཇགས་ཤིག་ཡོང་གི་འདུག ང་རང་ཆུང་དུས་ནས་གླུ་དབྱངས་ལེན་རྒྱུར་དགའ་པོ་ཡོད་ལ། སྒྱུ་རྩལ་གྱི་ ལམ་བུ་དེར་འགྲོ་འདོད་ཧ་ཅང་ཆེན་པོ་ཡོད།
Q3: Which performing art form, you love the most. Why?
Tenzin Younten: There is peace of mind and calmness whenever I listen and sing a song. I have been singing since my childhood and wish to commit my journey in singing.
༤། ཁྱེད་ཀྱི་མིག་དཔེ་བཟང་ཤོས་འདི་སུ་ཡིན་ནམ། རྒྱུ་མཚན་གང་གི་ཐད་ནས་ཡིན་ནམ།
བསྟན་འཛིན་ཡོན་ཏན། རང་ཉིད་སེམས་ཤུགས་ཆགས་པ་དང་བློ་ཕམ་པའི་གནས་ཚུལ་ཅི་ཞིག་བྱུང་ཡང་། ཨ་མས་ང་ལ་རེ་བའི་མིག་ཟུང་སྦྱིན། ངས་ཁོ་མོའི་སྙིང་དབུས་ནས་རང་ཉིད་ལ་ཧུར་བརྩོན་རང་བཞིན་དང་ སྒུལ་ཤུགས་ཕུན་སུམ་ཚོགས་པ་ཞིག་ཐོབ། དེར་བརྟེན་ཁོ་མོ་ནི་ངའི་འཚོ་བའི་ཁྲོད་ཀྱི་མིག་དཔེ་བཟང་ཤོས་ དེ་ཡིན། ཁོང་གིས་འབད་བརྩོན་བྱེད་སྐབས་བཟོད་བསྲན་དང་ལྷིང་འཇགས། ཞི་བདེ་བཅས་ལ་ཡིད་སྨོན་ བྱེད་འོས་པ་ཞིག་ཡིན། ངས་བོད་ཀྱི་ན་གཞོན་གཞས་པ་རྟ་མགྲིན་ནོར་བུའི་སྐད་ངག་གླུ་གཞས་ལེན་བཏང་ གིས་རྣམ་པར་ཡིད་སྨོན་བྱེད་ཀྱི་ཡོད། ངས་ཁོང་གི་གླུ་དབྱངས་ཀྱི་སྒྲ་གདངས་དང་ཉམས་འགྱུརལ་དགའ་ ཞིང་། ང་ཚོའི་བར་གྱི་རོལ་མོའི་བྲོ་བ་དང་འདྲ་ས་མང་པོ་མཐོང་བཞིན་ཡོད།
Q4: Who is your role model and why?
Tenzin Younten: Whenever I feel low and demotivated, my mom gives me hope. I picture myself in her and receive an abundance of positivity and motivation. Therefore, she is my role model in life. Her patience, calmness and peacefulness in times of struggle, hardships are admirable. I also adore Tamding Norbu, who is a singer from Tibet. I like his voice and style of singing. I see many musical tastes and similarities between us.
༥། ཁྱེད་ཀྱི་མ་འོངས་པའི་ཕུགས་འདུན་ནམ་དམིགས་ཡུལ་ཅི་ཞིག་ཡིན་ནམ།
བསྟན་འཛིན་ཡོན་ཏན། ངའི་མ་འོངས་བའི་དམིགས་ཡུལ་ནི་འགན་འཁུར་ཅན་གྱི་མི་སྣ་ཞིག་ཏུ་འགྱུར་རྒྱུ་དེ་ ཡིན། ངས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཁང་དུ་ལས་ཀ་བྱེད་ཅིང་གསར་སྐྱེས་གཞོན་ནུ་མང་པོར་བོད་ཀྱི་རོལ་ དབྱངས་སྒྱུ་རྩལ་དང་འཁྲབ་སྟོན་སྒྱུ་རྩལ་ཁག་སློབ་ཁྲིད་བྱ་རྒྱུའི་བསམ་པ་ཡོད། བཅའ་འདྲི་གནང་བ་བཀའ་ དྲིན་ཆེ།
Q5: What is your future Goal?
Tenzin Younten: My future goal is to become a responsible human being. I foresee myself working here in TIPA as an instructor and teaching the younger generations and students the Tibetan performing arts and culture.