བོད་ཀྱི་ཟློས་གར་ཚོགས་པའི་ཡོ་རོབ་ཀྱི་སྐོར་སྐྱོད་འཁྲབ་སྟོན་གྱི་ལས་རིམ་འགྲོ་མུས་ཡིན་པ་ལྟར་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༧ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་དགེ་རྒན་དང་སྒྱུ་རྩལ་བ་ཁྱོན་མི་གྲངས་ ༢༦ ཨསྟྲེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཝི་ནཱ་ནས་ཕྱིར་ཐོན་གྱིས་ས་ལཱ་ཝཀྱ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་བ་རཱ་ཊེ་སི་ལཱ་ཝ་རུ་བསྐྱོད་དེ་དགོང་དྲོ་ཚོུད་ ༧ ཐོག་དེ་གའི་གྲོང་ཁྱེར་ཟློས་གར་ཁང་ཆེན་དུ་ (City Theatre of P.O. Hviezdoslav) གནད་ཡོད་སྐུ་མགྲོན་དུ་ཁྲིམས་ཞིབ་བློན་ཆེན་ཟུར་པ་དང་ལས་ཐོགས་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་རི་ཡ་ཀོ་ལི་ཀོ་ཝ་མཆོག་དང་། (Maria Kolikova – Member of Parliament and Former Minister of Justice) རིག་གཞུང་བློན་ཆེན་ཟུར་པ་སྐུ་ཞབས་སིལ་ཝི་ཡ་ཧ་རོན་ཁོ་ཝ་མཆོག (Silvia Hroncova – Former Minister of Culture,) གྲོང་ཁྱེར་ཟློས་གར་ཁང་ཆེན་གྱི་འགན་འཛིན་སྐུ་ཞབས་ཝ་ལཱ་ཌི་སི་ལཱ་ཝ་ཕེ་ཀེ་ཊེ་མཆོག (Vladislava Fekete – Director of the city Theatre) གྲོས་ཚོགས་འཐུས་མི་སྐུ་ཞབས་ཀཱ་རོལ་གཱ་ལེཀ་མཆོག (Karol Galeck – Members of Parliament) བཅས་ཀྱིས་དབུས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་གཟིགས་མོ་གཟིགས་མཁན་མི་གྲངས་ ༢༠༠ ལྷག་ཙམ་ལྷན་འཛོམས་སར་བོད་ཀྱི་ཟློས་གར་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་གཞས་སྣ་སྣ་ཚོགས་གཟིགས་འབུལ་དང་། བོད་ནང་རྒྱ་ནག་གཞུང་གིས་བཙུགས་པའི་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭའི་བརྗོད་གཞིའི་ཐོག་གཏམ་བརྗོད་འཁྲབ་སྟོན་ཞུས་ཅིང་། གཏམ་བརྗོད་སྐབས་གླེང་མོལ་རྣམས་དེ་གའི་སྐད་ཡིག་ཏུ་བསྒྱུར་ཏེ་གཤམ་ཡིག་ཏུ་གཟིགས་འབུལ་ཞུས་ཡོད་པས། སྐུ་མགྲོན་དང་གཟིགས་མོ་ཡོངས་ནས་ཚོར་སྣང་ཆེན་པོས་གསན་གཟིགས་གནང་བ་མ་ཟད་བོད་ཀྱི་རིག་གཞུང་ཕྱུག་པོ་དང་ཁུངས་ལྡན་ཡོད་པར་ཡིད་ཆེས་དང་། བོད་ནང་གི་དངོས་ཡོད་གནས་སྟངས་གསལ་རྟོགས་བྱུང་བར་སེམས་ཚོར་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་གནང་བ་བྱུང་ཡོད།



ད་ལན་གྱི་འཁྲབ་སྟོན་དེ་ནི་སུད་སི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་དང་ས་ལཱ་ཝཀྱ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་བ་རཱ་ཊེ་སི་ལཱ་ཝ་རུ་བཅའ་བཞུགས་བོད་དོན་ཐོག་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་སྐུ་ཁ་སཱ་སྦ་ཀི་སི་མཆོག་(Csaba Kiss) དང་ཁོང་གི་སྐུ་ཟླ་སུ་ཛཱན་ནེ་ཀི་སི་མཆོག་(Suzanne Kiss)རྣམ་གཉིས་ཡིན་ཞིང་། འཁྲབ་སྟོན་གྱི་ཐོག་མར་སུད་སི་སྐུ་ཚབ་དོན་གཅོད་སྐོུ་འཕྲིན་ལས་ཆོས་སྐྱིད་ལགས་ནས་སྐུ་མགྲོན་རྣམས་ལ་འཚམས་འདྲི་སྦྲགས། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༩ ལོར་ཚོགས་ཁང་དེ་ག་རང་དུ་ཞབས་གསོར་བཀྲིན་བསྐྱངས་ནས་དད་ལྡན་མང་ཚོགས་ལ་གསུང་ཆོས་དང་བཀའ་སློབ་མཛད་འཕྲིན་རླབས་ཆེན་བསྐྱངས་མཛད་ཡོད་པ་ངོ་སྤྲོད་དང་། ད་རེས་ཕྱི་ལོ་ ༢༠༢༦ ལོར་བོད་ཀྱི་ཟློས་གར་ཚོགས་པ་ས་ལཱ་ཝཀྱ་རྒྱལ་ཁབ་ཏུ་དངོས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་དང་བོད་ནང་གི་དངོས་འབྱུང་གནས་སྟངས་སྐོར་གཏམ་བརྗོད་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུའི་གོ་སྒྲིག་མངོན་འགྱུར་ཡོངས་ཐབས་སུ་དེ་གར་བཅའ་བཞུགས་བོད་དོན་ཐོག་རྒྱུན་དུ་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཁ་སཱ་སྦ་ཀི་སི་མཆོག་དང་ཁོང་གི་སྐུ་ཟླ་སུ་ཛཱན་ནེ་ཀི་སི་མཆོག་རྣམ་གཉིས་ཀྱིས་མཐུན་འགྱུར་གནང་བར་བརྟེན་བྱུང་བས་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུས། དེ་བཞིན་ཁོང་གིས་བོད་ཀྱི་ཟློས་གར་ཚོགས་པ་དངོས་སུ་ཨོ་རོབ་ཁུལ་དུ་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་གྱི་དགོས་པ་དང་དམིགས་ཡུལ་གཙོ་བོ་ནི་བོད་ནང་རྒྱ་ནག་དམར་པོའོ་སྲིད་གཞུང་གི་བོད་མིའི་ངོ་བོ་དང་། སྐད་ཡིག ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བརྟེན་བཙན་བྱོལ་ནང་༸གོང་ས་མཆོག་གི་ཆེད་ཐོག་མར་ཆེད་འཛུགས་གནང་བའི་བོད་ཀྱི་ཟློས་གར་ཚོགས་པས་སོ་སོའི་ཕ་མེས་ནས་བརྒྱུད་པའི་ཟློས་གར་གྱིརིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་དམིགས་སུ་བཀར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱ་མིའི་འཁྲབ་སྟོན་པ་དང་བོད་རིགས་འཁྲབ་སྟོན་པ་མཉམ་བསྲེས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཁྲབ་སྟོན་དུ་ཡོང་ནས་བོད་ཀྱི་རིག་གཞུང་ཡིན་ལུགས་རྫུན་གཏམ་བསྒྲགས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་རྒྱ་ནག་ཅན་གྱི་རྣམ་པར་བཟོ་རྒྱུའི་གོ་སྐབས་འཛིན་བཞིན་ཡོད་པ་སོང་། བོད་ཀྱི་གནའ་བོའི་ཟློས་གར་རིག་གཞུང་གི་ཁུངས་ལྡན་ཇི་ཡིན་གསལ་སྟོན་ཆེད་དངོས་སུ་སྐོར་སྐྱོད་ཞུས་པ་ཞིག་ཆགས་ཡོད་པ་ངོ་སྤྲོད་གསལ་བཤད་གནང་ཡོད། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་བོད་ཀྱི་ཟློས་གར་ཚོགས་པའི་བྱུང་རིམ་དང་ད་བར་རིག་གཞུང་གཅེས་འཛིན་ཐོག་ལས་དོན་ཇི་ཞུས་ཀྱི་ངོ་སྤྲོད་ཞུས་ཡོད། དེ་གར་གསུང་གཤད་གནང་བ་རྣམས་དེ་གའི་སྐད་ཡིག་ཐོག་སྐད་ཐོག་ཐད་ཀར་བསྒྱུར་གནང་ཡོད། འཁྲབ་སྟོན་གྱི་མཐའ་མར་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་གནད་ཡོད་སྐུ་མགྲོན་དང་གོ་སྒྲིག་ཞུ་མཁན་ཡོངས་ལ་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་དྲན་རྟེན་ཕྱག་རྟགས་འབུལ་གནང་བ་རྣམས་སུད་སི་སྐུ་ཚབ་དོན་གཅོད་མཆོག་ནས་སྐུ་མགྲོན་རྣམ་པར་འབུལ་གནང་ཡོད། ད་ལན་བོད་ཀྱི་ཟློས་གར་ཚོགས་པའི་ལོ་རྒྱུས་ནང་ Solvakia རྒྱལ་ཁབ་དུ་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་ཞུ་ཐུབ་པ་ཐེངས་དང་པོ་ཆགས་ཡོད་པས་ཁུལ་དེའི་རླུང་འཕྲིན་གསར་ཁང་ནས་ཟློས་གར་སྤྱི་ཁྱབ་འགན་འཛིན་དང་སྒྱུ་རྩལ་བ་རྣམས་ལ་བཅའ་འདྲི་དང་ལེན་ཞུ་རྒྱུའི་གོ་སྐབས་བྱུང་བར་བརྟེན་བོད་དོན་དྲིལ་བསྒྲགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཅས།
TIPA Successfully Concludes Historic Cultural Performance in Bratislava, Slovakia
The cultural tour performance of the Tibetan Institute of Performing Arts (TIPA) was successfully concluded in Bratislava, the capital city of the Slovak Republic, as part of its ongoing Europe tour program. On 7 May 2026, the TIPA tour group, led by Director Mr. Dondup Tsering and accompanied by the Artistic Director, teachers, and 26 artists, departed from Vienna, Austria, and arrived in Bratislava to present a special evening of traditional Tibetan cultural performances and theatre.
The performance was held at the renowned City Theatre of P.O. Hviezdoslav at 7:00 PM and was attended by distinguished guests, including former Minister of Justice and current Member of Parliament Ms. Maria Kolikova, former Minister of Culture Ms. Silvia Hroncova, Director of the City Theatre Ms. Vladislava Fekete, Member of Parliament Mr. Karol Galek, and more than 200 guests from different communities and countries.
During the program, TIPA artists presented a vibrant showcase of traditional Tibetan songs and dances under the theme “Dance from the Roof of the World,” highlighting the richness and authenticity of Tibet’s ancient cultural heritage. The audience was also deeply moved by a powerful theatre production depicting the reality of the Chinese government’s colonial boarding school policies in Tibet and the ongoing threats faced by Tibetan identity, language, religion, and culture. The theatre dialogues were translated into the Slovak language through subtitles, enabling the local audience to better understand the message and emotional depth of the performance. The program received enthusiastic appreciation from the audience, many of whom expressed admiration for the richness of Tibetan culture and a deeper understanding of the current situation inside Tibet.



The event was organized by the Office of Tibet Geneva with the generous support of long-time Tibet supporters Mr. Csaba Kiss and his wife Ms. Suzanne Kiss, based in Bratislava. At the beginning of the event, Representative Ms. Thinlay Chukki welcomed the distinguished guests and highlighted the historical significance of the theatre, recalling the visit of His Holiness the 14th Dalai Lama to the same venue in 2009, where he delivered teachings and guidance to the public.
In her address, Representative Thinlay Chukki explained that the primary objective of TIPA’s Europe tour is to preserve, promote, and strengthen traditional Tibetan performing arts, which were safeguarded in exile under the guidance of His Holiness the Dalai Lama following Tibet’s occupation. She further emphasized that while the Chinese government continues efforts to erase Tibetan identity and misrepresent Tibetan culture abroad through state-sponsored performances, TIPA remains committed to presenting the authentic and original traditions of Tibetan performing arts to the international community.
Following the address, TIPA Director Mr. Dhondup Tsering introduced the history of the institute and outlined its ongoing efforts to preserve and promote Tibetan performing arts in exile for future generations. All speeches during the event were translated live into the Slovak language for the audience.



At the conclusion of the program, TIPA presented traditional Tibetan scarves and souvenirs as tokens of appreciation to the distinguished guests and organizers. The presentations were made by Representative Thinlay Chukki in recognition of their continued support for the Tibetan cause and cultural preservation initiatives.
This cultural visit to Slovakia marks the first-ever performance tour by TIPA in the country in the institute’s history. During the visit, local radio stations also conducted interviews with the TIPA Director and artists, helping to further raise awareness about Tibetan culture and the current situation in Tibet among the Slovak public.



















