༄༅། །བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༧ འཁོར་བའི་དུས་སྟོན་སྲུང་བརྩི་དང་འབྲེལ་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་རྒྱལ་ཁའི་ང་གྲུབ་སོང་།

   ཕྱི་ལོ་ ༢༠༢༦ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༧ འཁོར་བའི་དུས་སྟོན་མཛད་སྒོ་རེས་གཟའ་མིག་དམར་ཉིན་རྒྱབ་ཚོུད་ ༢།༠༠ ཐོག་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་སྐོང་ཚོགས་གནང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཆོའི་ཁྲིམས་ཞིབ་པ་ཆེ་བ་སྐུ་ངོ་ཡེ་ཤེས་དབང་མོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ། ལས་ཟུར་རྣམ་པ། རྒྱ་གར་དབུས་གཞུང་གི་སྐུའི་སྣེ་ཤན་པའི་ལས་ཁུངས་ཀྱི་སྐུ་ཚབ་བསྟན་འཛིན་ཆོས་འཛོམས་ལགས་དང་ཕྱགས་རོགས་ Amit Sharma ལགས་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ཟློས་ཟུར་ཚོགས་མི་རྣམ་པ། གཞན་ཡང་གདན་ཞུས་སྐུ་མགྲོན་བཅས་འདུ་འཛོམས་ཀྱིས་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་གནང་སོང་།      དེ་ཉིན་མཛད་སྒོའི་ཐོག་མར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ཕྲག་གཅིག་གིས་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེ་མཆོད་ཕུལ་བར་གདུང་སེམས་མཉམ་སྐྱེད་ཀྱིས་མྱ་ངན་གུས་བཏུད་སྐར་མ་གཅིག་གནང་སོང་། དེ་རྗེས་མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་དང་། སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་ཟུར་དཔང་རྣམས་ངོ་སྤྲོད་གནང་རྗེས་དབྱར་སྐྱིད་རྐང་བྲོ་གླུ་གཞས་ཀྱི་འགན་བསྡུར་དངོས་གཞི་དབུ་འཛུགས་གནང་སོང་།  ཐེངས་འདིའི་རུ་ཁུག་གཉིས་ཀྱི་འགྲན་བསྡུར་ནང་རྐྱང་གཞས་གོ་སྟོན་བརྟན་བཞུགས་བསྟོད་དབྱངས་དང་། གར་གླུ་ཁ་ཆེའི་མཆོད་དང་གར་གླུ་བཀྲ་ཤིས་གངས་དཀར་རྩེ། མངའ་རིས་བར་ཀྱོག་གི་འཁྲབ་གཞས་བྱ་དེ་ཁྱུ་བྱུག་སྔོན་མོ་དང་ལྷོ་ཁའི་འཁྲབ་གཞས་ཉི་མ་ཤར་གྱི་ཕྱོགས་ནས་ཤར་ཡོང་། འབའ་ལིང་ཐང་གི་འཁྲབ་གཞས་འཛམ་གླིང་གསེར་གྱི་ཉི་མ་དང་ཁམས་སྡེ་དགེེའི་བྲོ་ས་སྐྱིད་ཡག་མོ་བཅས་ལེའུ་བརྒྱད་གཟིགས་འབུལ་གནང་སྟེ་མཐར་ཕྱོགས་བསྡོམས་བརྒྱ་ཆ་གཅིག་གིས་རྒྱ་ལུ་རུ་ཁག་རྒྱལ་ཁ་ཐོབ་པར་སོང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་སྐུ་ངོ་ཡེ་ཤེས་དབང་མོ་མཆོག་ནས་བྱ་དགའ་ཐོབ་མཁན་གྱི་རུ་ཁག་བྱ་དགའ་གསོལ་བསྩལ་གནང་བ་དང་། དམིགས་བསལ་སྐུ་མགྲོན་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ནས་ཟུར་དཔར་རྣམས་དང་བོད་ཀྱི་ཟློས་གར་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་བྱུང་བའི་སློབ་མ་གཉིས་ལ་ཕྱག་འཁྱེར་གསོལ་བསྩལ་གནང་སོང་།   སྐབས་འདིར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ནས་བཀའ་སློབ་ནང་། བོད་དུ་དུས་རབས་མང་པོའི་གོང་ནས་ཟློས་གར་སྒྱུ་རྩལ་དར་ཡོད་པ་ནི་དུས་རབས་བདུན་པའི་སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐོན་མི་སམ་བྷོའི་སྐུ་དུས་སུ་ཟློས་གར་ཞེས་པའི་ཐ་སྙད་རིམ་པས་བྱུང་ཡོད་པ་དང་།རྒྱལ་ཐོག་སོ་གཉིས་པ་གནམ་རི་སྲོང་བཙན་སྐབས་བློན་པོ་རྣམས་ལ་བསྟོད་པ་འབུལ་སྐབས་གླུ་དབྱངས་ཀྱི་ལམ་ནས་འབུལ་སྲོལ་སོགས་གནའ་སྔ་མོ་ནས་བྱུང་ཡོད། དེ་བཞིན་བོད་ཀྱི་ལྷ་མོའི་ཟློས་གར་འདི་ནི་དུས་རབས་བཅུ་བཞིའ་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་ཅིང་སྐབས་དེར་འཕྱོངས་རྒྱས་བུ་མོ་སྤུན་བདུན་གྱིས་ལྷ་མོ་འཁྲབ་པ་དང་གྲུབ་ཆེན་རང་ཉིད་ནས་རྔ་སྦུབ་དཀྲོལ་ཏེ་གསར་གཏོད་གནང་བཞེད་རྒན་རབས་ཚོའི་གསུང་རྒྱུན་དུ་གྲགས། དེ་ལྷན་ནང་མ་དང་སྟོད་གཞས་ནི་ཐོག་མར་སྟོད་མངའ་རིས་ནས་དར་ཞིང་། རིམ་པས་དབུས་གཙང་གི་ཕྱོགས་སུ་དར་འཕེལ་བྱུང་བ་དང་དུས་རབས་ཉི་ཤུའི་ནང་ནང་མ་མཁས་པ་ཨབ་རྡུལ་རཱ་མན་དང་ཨ་ཇོ་རྣམ་རྒྱལ། འ་མ་རི་སོགས་བྱུང་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ངོ་བོ་སྲུང་སྐྱོབ་དང་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་ཡོང་ཆེད་བོད་ཀྱི་ཟློས་གར་ཚོགས་པ་ཐོག་མར་གསར་འཛུགས་གནང་བ་དང་། སྐབས་དེར་བཟོ་ཞིང་འབྲོག་གསུམ་གྱི་གཞས་དང་། ཆོས་རྒྱལ་ཁྲི་སྲོང་དང་ཁྲི་རལ་གྱི་རྒྱལ་རབས་འཁྲབ་གཞས་སོགས་༸སྐྱབས་རྗེ་ཁྲི་འཆང་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ནས་ལྗགས་རྩོམ་མཛད་པ་སོགས་བོད་ཀྱི་རིག་གཞུང་བདག་གཅེས་གནང་རྒྱུར་ཕྱག་ལས་ཞེ་དྲགས་གནང་ཡོད་ལ། ལྷག་དོན་དུ་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་རྒྱུར་ཐུགས་འགན་ཆེན་པོ་བཞེས་གནང་ཡོད་པ་དང་། དེ་བཞིན་དེ་རིང་གི་འཁྲབ་སྟོན་སོགས་ལ་བལྟས་ན་རིག་གཞུང་རྒྱུན་འཛིན་ཞེ་དྲགས་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞེས་བཀའ་སློབ་བཀའ་དྲིན་བསྩལ་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་གྲུབ་རྗེས་རྒྱ་ཆེའི་སྐུ་མགྲོན་དང་གཟིགས་མོ་བ་རྣམས་ལ་གསོལ་ཇ་བཞེས་ཏོག་འདེགས་འབུལ་གནང་སྟེ་དབུ་བརྙེས་པའི་མཛད་སྒོ་རྒྱལ་ཁའི་ངང་གྲུབ་སོང་། །  གཞི་རྩའི་དེ་རིང་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་སྔོན་འགྲོའི་སྦྱོང་བརྡར་ནི་ཕྱི་ཟླ་ ༧ ཚེས་ ༡ ནས་ཟླ་ ༨ ཚེས་ ༡༠ བར་ཉིན་གྲངས་བཞི་བཅུ་རིང་སློབ་གཉེར་བ་རྣམས་ཀྱིས་ཉིན་མཚན་ལྟོད་མེད་ཀྱིས་འབད་བརྩོན་ཆེ་བསྐྱེད་དང་རུ་དཔོན་གཉིས་ཀྱིས་སྣེ་འཁྲིད་འོག་རུ་ཁག་ནས་གནའ་བོའི་གླུ་གཞས་འཚོལ་སྒྲུབ་དང་རྒན་རབས་གཞས་དཔོན་སོགས་ཐུགས་འཕྲད་ཞུས་ཏེ་གླུ་གཞས་བསྡུ་རུབ་ཞུས་ཏེ་འཁྲབ་སྟོན་གནང་བ་ཞིག་ཡིན་པས་སྒྱུ་རྩལ་བ་རང་ངོས་ནས་རྣམ་དཔྱོད་དང་སྒྱུ་རྩལ་གྱི་རིག་ནུས་སོགས་འདོན་སྤེལ་ཞུས་པ་ཞིག་ཡིན་པ་རེད། Tibetan Institute of Performing Arts Marks 67th Anniversary yesterday Tibetan Institute of Performing Arts (TIPA) marked its 67th anniversary on August 11 with…

༄༅། །བོད་ཀྱི་ཟློས་གར་ཚོགས་པའི་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ཐེངས་བཞི་པའི་མཇུག་བསྡོམས་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་སོང་།

 དེ་རིང་སྔ་དྲོ་ཚོུད་ ༡༠།༣༠ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་སྐབས་བཞི་པའི་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོ་ཚོགས་གནང་སོང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་དྲུང་ཆེ་སྐོུ་ཀརྨ་ཆོས་དབྱིངས་མཆོག་གདན་ཞུ་གནང་ཡོད་པ་དང་། དེ་བཞིན་ད་ལན་གྱི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གྱི་སློབ་མའི་ཕ་མ་སྤུན་མཆེད་གཙོས་ཟློས་གར་དགེ་ལས་ཚོགས་མི་རྣམས་ཕེབས་གནང་མཛད་འདུག   མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་སྐུ་མགྲོན་གཙོ་བོ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆེད་ཕེབས་ཟབ་སྦྱོང་ནང་མཉམ་བཞུགས་གནང་མཁན་སློབ་ཕྲུགས་རྣམ་པ་དང་ཕ་མ་སྤུན་མཆེད་ཡོངས་ལ་འཚམས་འདྲི་དང་སྦྲགས་བོད་ཀྱི་ཟློས་གར་ཚོགས་པའི་དགོས་དམིགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་བཞུགས་བོད་རིགས་ན་གཞོན་ཚོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ལ་དོ་བྱིངས་དམིགས་བསལ་ཡོང་བཞིན་པར་སོང་། དེ་ནས་ཕྱི་ལོ་ ༢༠༢༣ ལོ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་བྱུང་བཞིན་པའི་བོད་རིགས་ན་གཞོན་ཚོའི་དབྱར་ཁའི་གུང་གསེང་དང་བསྟུན་འདི་གར་ཟབ་སྦྱོང་གོ་སྒྲིག་ཐོག་མར་ཞུས་པ་ལྟར་སློབ་ཕྲུག་སུམ་ཅུ་ཙམ་མཉམ་ཞུགས་གནང་བ་ནས་དེ་བར་དབྱར་དུས་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ཐེངས་བཞི་འདི་ཆགས་ཡོད།      སྒྱུ་རྩལ་སྦྱོང་བརྡར་འདིའི་ནང་དགེ་རྒན་ཚོས་རང་ནུས་གང་ཡོད་ཀྱིས་སློབ་གཉེར་བ་ཚོར་བོད་ཀྱི་སྐད་ཡིག་གཙོས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་དང་རོལ་ཆ། ཞབས་བྲོ་དང་མཉམ་གཞས་སོགས་སློབ་ཁྲིད་གཟབ་རྒྱས་གནང་བཞིན་ཡོད་པ་དང་། སློབ་གཉེར་བ་དེ་རྣམས་ཀྱི་མ་འོངས་པར་རང་གནས་སུ་ལོག་སྟེ་སོ་སོའི་ས་ཁུལ་དུ་བོད་ཀྱི་ཟློས་གར་སྒྱུ་རྩལ་དང་རང་གི་ངོ་བོ་སོགས་རྒྱུན་འཛིན་དར་སྤེལ་གང་ཐུབ་ཡོང་རྒྱུའི་འབོད་བསྐུལ་ཞུས་གནང་རྗེས་ཟབ་སྦྱོང་གནང་མཉམ་ཞུགས་གནང་མཁན་གྱི་སློབ་གཉེར་བ་རྣམས་ནས་གཞས་སྣ་འཁྲབ་སྟོན་དང་རོལ་ཆ་དཀྲོལ་གཏོང་། ནང་མ་སྟོད་གཞས་སོགས་ལེའུ་མི་འདྲ་བ་བཅུ་གཉིས་ཙམ་གཟིགས་འབུལ་ཞུས་གནང་སོང་།   ཐེངས་འདིར་སྐུ་མགྲོན་གཙོ་བོ་མཆོག་ནས་ཟབ་སྦྱོང་གནང་མཉམ་ཞུགས་གནང་མཁན་སློབ་གཉེར་བ་ཡོངས་ལ་ཕྱག་འཁྱེར་དང་མཇལ་དར་གནང་སྟེ་མང་ཚོགས་སུ་བཀའ་སློབ་ཕེབས་དོན་དུ། ད་ལན་སློབ་ཕྲུག་རྣམས་ནས་དོ་དབྱིངས་ཆེན་པོས་ཟློས་གར་སྒྱུ་རྩལ་སློབ་སྦྱོང་གནང་བར་ཕེབས་པ་དང་། ཕ་མ་ཚོས་རྒྱབ་སྐྱོར་མཐུན་འགྱུར་གནང་བ་ནི་ཧ་ཅང་ཡག་པོ་བྱུང་འདུག དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲོག་འོག་དེ་གའི་དགེ་རྒན་རྣམ་པས་ཟླ་གཅིག་རིང་ཧུར་ཐག་འབད་ཐག་གིས་གཞས་སྣ་འཁྲབ་སྟོན་དང་རོལ་ཆ་དཀྲོལ་གཏོང་སོགས་སློབ་ཁྲིད་གནང་སྟེ་དེ་རིང་སློབ་མ་རང་ངོས་ནས་འཁྲབ་སྟོན་གཟིགས་འབུལ་ཧ་ཅང་ཡག་པོ་ཞུས་གནང་སོང་ཐུགས་རྗེ་ཆེ། དེ་ནི་བོད་མི་རིགས་ཀྱི་རིག་གཞུང་རྒྱུན་འཛིན་བྱས་པའི་ལས་དོན་ཞིག་ཡིན། ཀུན་གྱིས་མཁྱེན་གསལ་ལྟར་ད་སྐབས་རྒྱ་གནང་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་བཏང་བའི་ཛ་དྲག་གནས་སྟངས་འོག་ང་ཚོས་རིག་གཞུང་བདག་གཅེས་དང་རྒྱུན་འཛིན་བྱེད་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་དོན་ལྟར་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་གནང་དགོས་ཞེས་གསུངས་པ་བཞིན་བོད་ཀྱི་འཐབ་འརྩོད་དེ་མི་རིགས་ཤིག་གི་འཐབ་རྩོད་སོང་།  བོད་རིགས་ཡོངས་ཀྱི་བོད་མིའི་ངོ་བོའི་སྲུང་སྐྱོབ་ཐད་ངོ་གདོང་ཙམ་ཡིན་པར་སོ་སོའི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག  ཆོས་དང་རིག་གཞུང་དེ་དག་ན་གཞོན་ཚོའི་སེམས་རྒྱུད་ནང་སྦྱར་ཐུབ་པ་ཞིག་དགོས་པ་དེའི་ལས་འགན་གཙོ་བོ་ནི་ནང་ཁྱིམ་ནས་འགོ་འཛུགས་དགོས་པ་ནང་ཁྱིམ་གྱི་ཕ་མ་ཚོས་སོ་སོའི་ཕྲུ་གུ་ལ་བོད་སྐད་ཐོག་བཀའ་མོལ་གནང་ནས་དེའི་གོམས་གཤིས་སྐྲུན་ཐུབ་ན་བོད་པའི་ངོ་བོ་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་ཀྱི་རེད།  དཔལ་ལྡན་ཤེས་རིག་དྲུང་ཆེ་མཆོག་བརྒྱུད་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་འཛིན་གྲྭའི་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་རྣམས་ལ་ཕྱག་ཁྱེར་གནང་བ་དང་། བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་འཛིན་གྲྭའི་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་རྣམས་ནས་རིག་གཞུང་གཞས་སྣ་སོགས་གཟིགས་འབུལ་ཞུས་གནང་སོང་། གཞི་རྩའི་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲིག་འོག…

TIPA hosted Special talk with Jhola Techung.

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༧ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་སྔ་དྲོ་ཕྱག་ཚོད་ ༩།༠༠ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ཟློས་ཟུར་སྒྱུ་རྩལ་པ་གྲགས་ཅན་ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པའི་དགེ་ལས་ཚོགས་མི་ཡོངས་ལ་<<བོད་ཀྱི་ཟློས་གར་སྒྱུ་རྩལ་རིག་གནས་ཀྱི་གལ་གནད་དང་རྒྱུན་འཛིན་གནང་ཕྱོགས། མ་འོངས་པའི་མདུན་ལམ་སྐོར་>>  ཚོགས་མི་ཡོངས་ལ་སེམས་འགུལ་ཐེབས་པའི་གསུང་བཤད་གནང་རྗེས་སྒྱུ་རྩལ་སློབ་གཉེར་བ་རྣམས་ནས་དོགས་གནད་བཀའ་འདྲི་ཞུས་བསྒྲུབས་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་མཆོག་ནས་ལེགས་གསོལ་མཇལ་དར་དང་ཕྱག་རྟགས་ཕུལ་གནང་སོང་།On 17 July 2026, at 9:00 a.m., the Tibetan Institute of Performing Arts (TIPA) hosted an inspiring talk in…

Dinner reception on 91st Birthday of His Holiness the 14th Dalai Lama.

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྦྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ ལ་ཕེབས་པའི་གཞུང་འབྲེལ་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གྱི་དགོང་དྲོ་ཆུ་ཚོད་ ༧ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་།  ཆེད་དུ་གདན་ཞུ་ཕུལ་བའི་ཀང་ར་རྫོང་ཁོངས་ཀྱི་རྒྱ་གར་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་གནད་ཡོད་མི་སྣ་རྣམས་ལ་ལེགས་གསོལ་ཞུ་ཆེད་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་གཟིགས་འབུལ་རྗེས་གཞུང་འབྲེལ་གསོལ་སྟོན་འདེགས་འབུལ་ཞུས། On July 6, 2026, on the official birthday anniversary marking the 91st year of His Holiness the Dalai Lama at 7:00 in the evening, the Kashag (Cabinet) of…

བོད་ཀྱི་ཟློས་གར་ཚོགས་པའི་བསླབ་གཞིའི་སློབ་དེབ་སློབ་ཁྲིད་གནང་ཕྱོགས་སྐོར་དགེ་རྒན་ཚོར་སྔོན་འགྲོའི་ངོ་སྤྲོད་དང་ཟབ་སྦྱོང་འགོ་འཛུགས་ཞུས་པ།

བོད་ཀྱི་ཟློས་གར་ཚོགས་པ་ནས་བོད་ཀྱི་ཟློར་གར་སྒྱུ་རྩལ་ཐོག་གཞི་རིམ་གོང་མ་ལོ་བཞི་དང་། ཉེ་བའི་གཙུག་རམ་འབྱམས་པ་ལོ་གསུམ་དང་གཙུག་ལག་རམ་འབྱམས་པ་ལོ་གཉིས་བཅས་ཀྱི་བསླབ་གཞི་རྩ་འཛིན་དང་སློབ་དེབ་གཏན་འབེབས་སླད་བོད་ཀྱི་ཟློས་གར་སྒྱུ་རྩལ་རིག་གནས་ཐོག་མཁྱེན་རྒྱ་དང་ཉམས་མྱོང་ཟབ་པའི་མཁས་པ་ཁག་ལ་བཀའ་བསྡུར་སྦྱངས་བཤད་ཀྱི་སྒོ་ནས་དེ་འབྲེལ་ཚོགས་ཆུང་ཟུར་འཛུགས་ཀྱིས་སློབ་དེབ་དང་སྦྱོང་ཚན་རྩོམ་བྲིས་དང་ཕྱོགས་སྒྲིག་བྱས་ཡོད་པ་བཞིན་ཚོགས་པའི་འགན་འཛིན་ལྷན་ཚོགས་ནས་ལག་བསྟར་ཞུ་འཐུས་ཆོག་པའི་བཀའ་འཁྲོལ་བསྩལ་ཡོད་པ་ལྟར། སློབ་དེབ་དེ་དག་ལག་བསྟར་ཚུལ་མཐུན་ཐུབ་སླད་དུ་སློབ་དེབ་རྩོམ་བྲིས་གནང་མཁན་འབུལ་རམས་པ་གཙང་ཕྲུག་སྟོབས་ལགས་སུ་རེ་བསྐུལ་ཞུས་དོན་ལྟར་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ནས་འགོ་བཙུགས་ཀྱིས་ཕྱི་ཚེས་ ༡༠ བར་ཉིན་ལྟར་ཚོུད་ ༡ རིང་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་རྣམས་ལ་སློབ་དེབ་ཀྱི་ནང་དོན་རྣམས་ངོ་སྤྲོད་དང་གོ་རྟོགས་སྤེལ་བའི་གཟབ་སྦྱོང་གོ་སྒྲིག་ཞུས་ཡོད་པ་དེའི་དགོས་པ་དང་དམིགས་ཡུལ་གཙོ་བོ་ད་ཡོད་དགེ་རྒན་རྣམས་ཀྱི་སློབ་དེབ་ཀྱི་ནང་དོན་དང་། གཞུང་ལུགས་ཀྱི་ཁྱད་ཆོས་དང་རྒྱབ་ལྗོངས་ཀྱི་གནད་དོན་རྣམས་འཐུས་ཚང་རྟོགས་ནས་ངེས་པ་རྙེད་པའི་སྒོ་ནས་སློབ་ཕྲུག་ཚོར་སློབ་ཁྲིད་དོན་སྙིང་ལྡན་པ་ཡོང་ཆེད་དུ་ཡིན།   TIPA Launches Teacher Orientation and Training for New Tibetan Performing Arts Curriculum Dharamshala, 3 July 2026-Tibetan…

དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོ་ཚོགས་གནང་སོང་།

ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༣༠ ཉིན་རྒྱབ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་འོག་མའི་ནང་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་ཐེངས་བཞི་པའི་དབུ་འབྱེད་མཛོད་སྒོ་བསྐོང་ཚོགས་གནང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་དཔལ་ལྡན་ཆོས་རིག་བཀའ་བློན་སྐུ་ངོ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གདན་ཞུ་གནང་སོང་།    མཛོད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཇལ་དར་དང་མར་མེ་ཞལ་ཕྱེ་གནང་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སློབ་མ་རྣམས་དང་ཁྱིམ་བདག་བཅས་ཚོགས་མི་ཡོངས་ལ་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་བ་དང་། ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་དབྱར་དུས་བོད་ཀྱི་ཟློས་གར་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་བཀའ་སློབ་ནང་། ད་ལན་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་ཐེངས་བཞི་པའི་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཚོས་སློབ་གྲྭའི་གུང་གསེང་དང་བསྟུན་ཏེ་བོད་ཀྱི་ཟློས་གར་རིག་གཞུང་སློབ་སྦྱོང་གནང་བར་ཕེབས་པར་འཚམས་འདྲི་ཞུ་རྒྱུ་དང་། དེ་བཞིན་སློབ་ཕྲུག་ཚོར་རྒྱབ་སྐྱོར་གནང་མཁན་གྱི་ཕ་མ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་། སྤྱིར་སློབ་ཕྲུག་རྣམ་པས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཐོག་ཟླ་བ་གཅིག་རིང་སློབ་སྦྱོང་གནང་སྐབས་ངེས་པར་དུ་སློབ་ཕྲུག་ཕན་ཚུན་བཀའ་མོལ་གནང་སྐབས་བོད་སྐད་ཀྱི་ལམ་ནས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ད་སྐབས་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་སྐུ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཞིག་དང་བཅའ་སྡོད་སློབ་གྲྭའི་གནས་སྟངས་འོག་བོད་ནང་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྤེལ་དང་སྤེལ་བཞིན་པར་སོང་། ང་ཚོ་བཙན་བྱོལ་དུ་ཡོད་པའི་གཞོན་ནུ་ཚོས་རང་མི་རིགས་ཀྱི་སྐད་ཡིག་ལ་ཐུགས་སྣང་གནང་དགོས་པ་དང་། དེ་བཞིན་བོད་ཀྱི་ཟློས་གར་རིག་གཞུང་སྤྱི་དང་རྐང་བྲོ་གླུ་གཞས་སོགས་ལ་དོ་སྣང་དང་འབད་བརྩོན་གནང་བ་ལྷུན་དུ་རང་ཉིད་ཀྱི་འཕྲོད་བསྟེན་ལའང་ཐུགས་སྣང་དགོས་པའི་བཀའ་སློབ་གནང་གྲུབ་མཚམས་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་མཛད་རིམ་རྒྱལ་ཁའི་ངང་གྲུབ་སོང་།     སྤྱིར་ད་ལན་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་འདི་ཉིད་ཕྱི་ཟླ་ ༧ ཚེས་ ༠༡-༣༡ བར་ཚོགས་ཀྱིན་ཡོད་པ་དང་། ཟབ་སྦྱོང་འདིའི་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་བཞི་ཙམ་ནས་སློབ་ཕྲུག་བཅུ་བདུན་ཙམ་མཉམ་ཞུགས་གནང་སོང་། Fourth Cultural Immersion Summer Course Opens at…

༄༅། །བོད་ཀྱི་ཟློས་གར་ཚོགས་པ་དང་ཟློས་ཟུར་ཁྱུང་བྱང་གཞུང་པ་བསོད་ནམས་བཀྲ་ཤིས་ལགས་གཉིས་ཟུང་སྦྲེལ་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མིག་ཡིད་རྣ་བའི་དགའ་སྟོན་འགུགས་པའི་ལྕགས་ཀྱོ་ལས་མཆེད་པའི་མཆོད་སྤྲིན་གར་རོལ་གྱི་བྱུང་རབས་དངོས་བྱུང་གློག་བརྙན་དང་གཞས་སྣ་ཁག་ཅིག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་ཆེའི་མང་ཚོགས་ལ་གཟིགས་འབུལ་ཞུས་གནང་སོང་།

ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༠ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཟློས་ཟུར་ཁྱུང་བྱང་གཞུང་པ་བསོད་ནམས་བཀྲ་ཤིས་ལགས་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་སྦྲེལ་གྱིས་ཁོང་གིས་བརྩམས་གནང་བའི་གཞས་སྣ་བདུན་ཙམ་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མིག་ཡིག་རྣ་བའི་དགའ་སྟོན་འགུགས་པའི་ལྕགས་ཀྱུ་ཞེས་པ་ལས་མཆེད་པའི་མཆོད་སྤྲིན་གར་རོལ་གྱི་གར་གྱི་བྱུང་རབས་ཀྱི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་གནང་སོང་། ཕྱི་ཟླ་ ༦ ཚེས་ ༢༠ ཉིན་གྱི་དགོང་དྲོ་ཕྱག་ཚོད་ ༦།༠༠ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཟློས་ཟུར་ཁྱུང་བྱང་གཞུང་པ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་བཟོ་སྐྲུན་གནང་བའི་དངོས་བྱུང་གློག་བརྙན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མིག་ཡིད་རྣ་བའི་དགའ་སྟོན་འགུགས་པའི་ལྕགས་ཀྱོ་ལས་མཆེད་པའི་མཆོད་སྤྲིན་གར་རོལ་གྱི་བྱུང་རབས་དངོས་བྱུང་གློག་བརྙན་གཟིགས་འབུལ་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་སྐུ་ངོ་དཔལ་ལྡན་དོན་གྲུབ་མཆོག་གདན་ཞུས་གནང་ཡོད་པ་དང་། དེ་བཞིན་བོད་མི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཁག་ཅིག་དང་མཁས་དབང་རྣམ་པ། རིག་གཞུང་ཉམས་ཞིབ་པ་གཙོས་རྒྱ་ཆེ་མང་ཚོགས་བརྒྱ་ཕྲག་ཅིག་ཙམ་ཕེབས་གནང་སོང་།    ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་མཆོག་ནས་ཟློས་ཟུར་ཁྱུང་བྱང་གཞུང་པ་བསོད་ནམས་བཀྲ་ཤིས་ལགས་དང་བོད་ཀྱི་ཟློས་གར་ཚོགས་པའི་གཉིས་ཟུང་སྦྲེལ་གྱིས་ལས་རིམ་དེ་ལྟར་སྤེལ་དགོས་པའི་དམིགས་ཡུལ་དང་། བརྒྱུད་རིམ་སོགས་ངོ་སྤྲོད་གནང་སོང་། དེའི་རྗེས་ཁོང་གིས་བཟོ་སྐྲུན་གནང་བའི་དངོས་བྱུང་གློག་བརྙན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མིག་ཡིད་རྣ་བའི་དགའ་སྟོན་ལས་མཆེད་པའི་མཆོད་སྤྲིན་གར་རོལ་གྱི་གློག་བརྙན་གཟིགས་འབུལ་ཞུས་གྲུབ་རྗེས། བོད་ཀྱི་ཟློས་གར་ཚོགས་པ་དང་ཟུང་སྦྲེལ་གནང་བའི་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་གནང་སོང་བས་རྒྱ་ཆེ་མང་ཚོགས་ནས་དགའ་བསུ་ཆེན་པོ་གནང་སོང་། གཞས་སྣ་གཟིགས་འབུལ་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ཟློས་ཟུར་ཁྱུང་བྱང་གཞུང་པ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་ལོ་ངོ་བཞི་བཅུ་ལྷག་ཙམ་རིང་བོད་ཀྱི་ཟློས་གར་སྒྱུ་རྩལ་ཐོག་འབད་འབུངས་ཆེ་བསྐྱེད་ཀྱིས་སྐུ་ལས་བསྐྱོན་པར་གཟེངས་བསྟོད་ཕྱག་རྟགས་གནང་སོང་།  སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་སྐུ་ངོ་དཔལ་ལྡན་དོན་གྲུབ་མཆོག་ནས་དེ་རིང་ཟློས་ཟུར་བསོད་ནམས་བཀྲ་ཤིས་ལགས་ཀྱིས་བཟོ་སྐྲུན་གནང་བའི་དངོས་བྱུང་གློག་བརྙན་དང་གཞས་སྣ་གསར་རྩོམ་ཞུས་པ་ཁག་གཟིགས་འབུལ་ལེགས་གྲུབ་བྱུང་བར་བསྔགས་བརྗོད་གནང་བ་དང་། སྐུ་ངོ་མཆོག་ནས་ཀྱང་ཆོས་རྗེ་སཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་མཛད་གནང་བའི་རོལ་མོའི་བསྟན་བཅོས་གཟིགས་རྒྱུ་བྱུང་བར་སོང་། སླད་ཕྱིན་སྒྱུ་རྩལ་པ་ཚོས་ཀྱང་རོལ་མོའི་བསྟན་བཅོས་གཙོས་བོད་ཀྱི་ཟློས་གར་རིག་གནས་སྤྱི་བྱིངས་ལ་ཐུགས་སྣང་གནང་དགོས་པ་དང་། ད་སྐབས་སྤྱི་ཚོགས་ཁྲོད་ལྷག་དཀར་སྒོར་གཞས་དར་སྲོལ་ཆེན་པོ་བྱུང་བ་དེར་བསྔགས་བརྗོད་ཡོད་ཀྱང་གཞས་སྣ་འཁྲབ་སྟོན་པ་མང་པོས་སྒྲ་སྒམ་བརྒྱུད་དེ་གཞས་སྣ་འཁྲབ་སྟོན་གནང་བ་ལས་རང་ཉིད་ཀྱི་ཁ་ནས་བཏང་སྟེ་འཁྲབ་སྟོན་བྱེད་ཀྱི་མེད་སྟབས། ངེས་པར་དུ་གླུ་ཁ་ནས་བཏང་སྟེ་འཁྲབ་སྟོན་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། རྒྱ་ཆེའི་མང་ཚོགས་ནས་ཀྱང་བོད་ཀྱི་ཟློས་གར་ཚོགས་པར་དམིགས་དཔེ་ཡར་བལྟས་གནང་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་སོང་། མཐར་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་གྲུབ་རྗེས་གཟིགས་མོ་རྒྱལ་ཁའི་ངང་གྲོལ་གནང་སོང་། བོད་ཀྱི་ཟློས་གར་ཚོགས་པའི་ཟློས་ཟུར་ཁྱུང་བྱང་གཞུང་པ་བསོད་ནམས་བཀྲ་ཤིས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།…

༄༅།   །བོད་ཀྱི་ཟློས་གར་ཚོགས་ཕྱི་རྒྱལ་སྐོར་སྐྱོད་ལས་རིམ་མཐའ་མ་དེ་ཨིན་ཡུལ་དུ་མཇུག་བསྒྲིལ་ལེགས་གྲུབ་བྱུང་བ།

འདི་ལོ་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེ་ལོ་སྲུང་བརྩི་དང་འབྲེལ་སུད་སི་དོན་ཁང་ཁྱབ་ཁོངས་རྒྱལ་ཁབ་ཁག་ལྔའི་ནང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་འོག   སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་དགེ་རྒན་དང་སྒྱུ་རྩལ་བ་ཁྱོན་བསྡོམས་ ༢༦ གི་སྐོར་སྐྱོད་ལས་རིམ་མཐའ་མ་དེ་སུད་སིར་ལེགས་གྲུབ་རྗེས་ཕྱི་ཚེས་ ༢ ཉིན་སུད་སིར་ནས་ཨིན་ཡུལ་དོན་ཁང་གི་མགྲོན་འབོད་དང་སྒྲིག་མཐུན་འགྱུར་འོག་སུས་སི་རྒྱལ་ས་ Zurich ནས་ཨིན་ཡུལ་དུ་ཕྱིར་ཐོན་གྱིས་གནམ་ཐང་དུ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་དང་བསྟན་འཛིན་ནམ་མཁའ་རྣམ་གཉིས་དང་།  ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ས་དང་དངས་བླངས་ཞབས་ཞུ་བཅས་ནས་ཕེབས་བསུ་རྗེས།   ཨིན་ཡུལ་དུ་གཏན་གཞི་ཆགས་པའི་བཀའ་བརྒྱུད་བསམ་ཡས་རྫོངས་ཀྱི་ཆོས་ཚོགས་ནང་ཨིན་ཡུལ་སྐུ་ཚབ་དོན་གཅོད་མཆོག་སྐོུ་ཚེ་རིང་དབྱངས་སྐྱིད་ལགས་ནས་ཕེབས་བསུའི་མཇལ་དར་འཚམས་འདྲིའི་གསུང་བཤད་གནང་།  ཕྱི་ཚེས་ ༣ ཉིན་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་དང་མཐུན་འགྱུར་འོག་ Oxford གཙུག་ལག་སློབ་གཉེར་ཁང་གི་ Wolfson College གྱི་ Himalayan Suudies Centre  གྱི་སློབ་དཔོོན་བླ་མ་སྐྱབས་ལགས་དང་ Dr. Thupten Kelsang, AHRC Early Carrer Research Fellow, Aisis Department, Victorrai & Albert Museum, London…

༄༅།   །བོད་ཀྱི་ཟློས་གར་ཚོགས་པ་ཡུ་རོབ་ཀྱི་སྐོར་སྐྱོད་ལས་རིམ་མཐའ་མ་དེ་སུད་སིར་མཇུག་བསྒྲིལ་ལེགས་གྲུབ་བྱུང་བ།

འདི་ལོ་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེ་ལོ་སྲུང་བརྩི་དང་འབྲེལ་སུད་སི་དོན་ཁང་ཁྱབ་ཁོངས་རྒྱལ་ཁབ་ཁག་ལྔའི་ནང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་འོག   སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་དགེ་རྒན་དང་སྒྱུ་རྩལ་བ་ཁྱོན་བསྡོམས་ ༢༦ གི་རིག་གཞུང་སྐོར་སྐྱོད་ལས་རིམ་མཐའ་མ་དེ་སུད་སི་རྒྱལ་ས་ Zurich ཉེ་འཕྲིས་གྲོང་ཁྱེར་ Wadenswill ཚོགས་ཁང་ཕྱི་ཚེས་ ༣༠ དང་ ༣༡ ཉིན་རིག་གཞུང་གཞས་སྣ།  ལྷ་མོ།  གཏམ་བརྗོད་དང་དེང་དུས་ཨ་ཀ་མའི་རོལ་དབྱངས་འདུས་ཚོགས་བཅས་སུད་སི་དང་ལིཀ་ཌེན་སིཌཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་སྐོག་ཚོསག་གནང་ཡོད།  ཉིན་གཉིས་ཀར་མགྲོན་གྱི་གཟོ་བོ་སུད་སི་རི་ཀོང་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་སུད་སི་དོན་ཁང་གི་དོན་གཅོད་རྣམ་གཉིས་གཙོས་པའི་གཞན་ཡང་གདན་ཞུའི་སྐུ་མགྲོན་དང་སོ་སོའི་རིག་གཞུང་ལ་དགའ་ཚེན་དང་རྒྱབ་སྐྱོར་མཚོན་ཆེད་བོམང་ཚོགས་ཁྱོན་ ༥༠༠ ཡན་མན་མཉམ་བཞུགས་གནང་འདུག   ཉིན་དང་པོའི་འཁྲབ་སྟོན་ལས་རིམ་འགོ་བཙུགས་མ་ཞུས་སྔོན་ སུད་སི་དང་ལིཀ་ཌེན་སིཌཡན་བོད་རིགས་མི་མང་གི་ཚོགས་གཙོ་ཉེ་འདུལ་རྒྱ་མཚོ་ལགས་ནས་ད་རེས་བོད་ཀྱི་ཟློས་གར་ཚོགས་པ་སུད་སིར་སྐོར་སྐྱོད་འཁྲབ་སྟོན་གོ་སྒྲིག་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་།   དེ་རྗེས་སུད་སི་དོན་ཁང་གི་སྐུ་ཚབ་སྐོུ་འཕྲིན་ལས་ཆོས་སྐྱིད་ལགས་དང་ད་རེས་བོད་ཀྱི་ཟློས་གར་ཚོགས་པ་སུད་སི་དོན་ཁང་ཁྱབ་ཁོངས་རྒྱལ་ཁབ་ཁག་ལྔའི་ནང་རིག་གཞུང་སྐོར་སྐྱོད་ལས་རིམ་གྱི་བྱུང་རིམ་དང་དེའི་དགོས་པ་དང་དམིགས་ཡུལ་སྐོར་གསུང་བཤད་གནང་།   དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ད་རེས་སུད་སི་དོན་ཁང་ཁྱབ་ཁོངས་རྒྱལ་ཁབ་ཁག་ལྔའི་ནང་གི་སྐོར་སྐྱོད་ལས་རིམ་མཐའ་མ་དེ་སུད་སིར་མཇུག་བསྒྲིལ་ཞུ་རྒྱུར་བརྟེན་ད་བར་ལས་རིམ་མཐའ་དག་སུད་སི་དོན་ཁང་གི་མཐུན་འགྱུར་དང་།  འབྲེལ་ཡོད་བོད་རིགས་ཚོགས་པའི་ཚོགས་གཙོ་རྒྱུན་ལས་དང་མང་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་མཐུན་འགྱུར་ལ་བརྟེན་ནས་ལེགས་གྲུབ་བྱུང་བར་ཚང་མར་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུས།  ད་རེས་བོད་ཀྱི་ཟློས་གར་ཚོགས་པ་ཨུ་རོབ་རྒྱལ་ཁབ་ཁག་ལྔ་དང་ཨིན་ཡུལ་བཅས་སུ་རིག་གཞུང་སྐོར་སྐྱོད་ཐད་དགེ་ལས་འཁྲབ་སྟོན་པ་ཁྱོན་བསྡོམས་ ༢༦ ནས་སྐོར་སྐྱོད་འཁྲབ་སྟོན་པ་གྲངས་ ༢༤ ཡི་ཕར་འགྲོ་ཚུར་འོང་གི་གནམ་གྲུའི་ལམ་གྲོན་ཆ་ཚང་སུད་སི་དང་ལིཀ་ཌེན་སིཌཡན་བོད་རིགས་མི་མང་གི་མཐུན་འགྱུར་གནང་ཡོད།  སུད་སི་དོན་ཁང་ཁྱབ་ཁོངས་རྒྱལ་ཁབ་ Germany, Austria and Switzerland ས་གནས་སོ་སོར་སྐོར་སྐྱོད་འཁྲབ་སྟོན་སྐབས་སུ་ཁུངས་སོ་སོའི་བོད་རིགས་ཚོགས་པ་ནས་མཐུན་འགྱུར་དང་།  Slovakia – Bratislava and Chez Republic – Prague དུ་སྐོར་སྐྱོད་འཁྲབ་སྟོན་གོ་སྒྲིག་མཐུན་འགྱུར་ཆ་ཚང་སུད་སི་དོན་ཁང་ནས་གནང་ཡོད།  འདི་ལོ་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེ་ལོ་སྲུང་བརྩི་དང་འབྲེལ་བོད་ཀྱི་ཟློས་གར་ཚོགས་པ་སུད་སི་དོན་ཁང་ཁྱབ་ཁོངས་རྒྱལ་ཁབ་ཁག་ལྔའི་ནང་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་སྐབས་སུ་ཁུལ་དེའི་བོད་རིགས་རྒན་བྱི་བར་གུསམ་ལ་བོད་ཀྱི་རིག་གཞུང་གོ་རྟོགས་རྒྱུད་སྤེལ་དང་། ཕྱི་རྒྱལ་མི་རིགས་བོད་དོན་དང་རྒྱབ་སྐྱོར་གནང་མཁན་དང་རིག་གཞུང་ལ་ཐུགས་སྣང་ཡོད་མཁན་ཚོར་རྒྱ་ནག་དམར་པོའི་གཞུང་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཙོས་པའི་བོད་ཀྱི་ངོ་བོའི་རྩ་བསླག་གཏོང་རྒྱུའི་ངན་ཇུས་གཏིང་ནས་རྒྱུ་ནག་དམར་པོའི་གཞུང་གིས་བཀོད་བྱུས་འོག་ཕྱི་རྒྱལ་ཡུལ་གྲུ་གང་སར་བོད་ཀྱི་རིག་གཞུང་སྲི་ལྷད་ཀྱིས་སྐོར་སྐྱོད་ཁྱབ་སྤེལ་ཞུ་བཞིན་པའི་གདོང་ལེན་ཚུལ་དུ་ད་རེས་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱི་གནའ་བོའི་རིག་གཞུང་ངོ་མ་ཇི་བཞིན་༸གོང་ས་མཆོག་གི་ཆེས་ཐོག་མ་གསར་ཛུགས་མཛད་པའི་རབོད་ཀྱི་ཟློས་གར་ཚོགས་པས་འདས་པའི་མི་ངོ་ ༦༧ རིང་བོད་མིའི་སྒྲིག་འཛུགསཀྱིས་མཐུན་འགྱུར་དང་མི་རབས་རྒན་པ་ཚོས་སྐུལ་ལས་སྐྱོན་ནས་བདོ་ཀྱི་རིག་གཞུང་གཅེས་འཛིན་བདག་ཉར་ཞུས་པའི་རིག་གཞུང་ཁུངས་ལྡན་ད་རེས་སྐོར་སྐྱོད་ལས་རིམ་ནང་ངོ་སྤྲོད་དང་རྒྱུད་བསྒྲགས་ཞུ་ཐུབ་པ་བྱུང་ཡོད་པ།  འཇར་འཁོར་བོད་རིགས་ཚོགས་པའི་གོ་སྒྲིག་དང་མཐུན་འགྱུར་འོག་ཕྱི་ལོ་…