TIPA Hosts Foreign Delegation

ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༥ ཉིན་དགོང་དྲོ་ཚོུད་ ༦ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་ (Georg Peter Enzweilier, Deputy head of Mission, Germany Embassy, New Delhi)    ཇར་མན་གཞུང་ཚབ་ཁང་གི་རྒྱ་གར་དོན་གཅོད་ལས་རོགས་ཇོར་ཇི་པི་ཊར་གྷར་ཌི་ཨེན་ཛེ་ཝེ་ལར་དང་ཁོང་གི་ལྕམ་སྐུ་ཇུ་ལི་ཡ་ཨིན་ཌི་ར་ཨུ་གྷི་ནི་ཨེན་ཛེ་ཝེ་ལར། (Stefan Schott, head of FNF India)  དེ་བཞིན་ཇར་མན་རང་དབང་ལྷན་ཚོགས་རྒྱ་གར་ཡན་ལག་གི་འགན་འཛིན་སི་ཊི་ཕན་ཤོཊ། དང་།…

༄༅། །བོད་ཀྱི་ཟློས་གར་ཚོགས་པས་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཞེས་པའི་གཏམ་བརྗོད་རྒྱས་པ་ཞིག་གཟིགས་འབུལ་ཞུས་གནང་སོང་།

ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༤ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཞེས་པའི་གཏམ་བརྗོད་གཟིགས་ཕུད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་སྐུ་ངོ་དབུ་རྒྱན་བསྟན་འཛིན་མཆོག་གདན་ཞུ་མཛད་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་རང་དབང་ཅན་གྱི་འགན་འཛིན་རྣམ་པ་དང་དྲུང་ཆེ་ཆུང།  སློབ་གྲྭ་ཁག་གི་འགན་འཛིན་དང་གཞུང་ཞབས་སྲི་ཞུ་བ་དང་གསར་འགོད་པ་བཅས་འདུ་འཛོམས་གནང་སོང་།   མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ད་ལན་གཏམ་བརྗོད་གཟིགས་ཕུད་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་གསུང་བཤད་ནང་། ད་ལན་གྱི་གཟའ་འཁོར་འདི་ནི་དཔལ་ལྡན་བཀའ་ཤག་གི་བཀོད་ཁྱབ་ཕེབས་དོན་ལྟར་ང་ཚོ་རང་དབང་ལུང་པར་གནས་འཁོད་བཙན་བྱོལ་བོད་མི་ཚོགས་སྒེར་ཡོངས་ནས། ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པར་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་ཅི་རིགས་སྤེལ་རྒྱུ། ཞེས་པའི་དགོངས་དོན་ལྟར་བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་གཞུང་གསར་རྩོམ་བགྱིས་ཏེ་འཁྲབ་སྟོན་ཞུས་པ་ཞིག་ཡིན། སྤྱིར་བཏང་ཀུན་གྱིས་མཁྱེན་གསལ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་ནི། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ཡོངས་སུ་བཙན་འཛུལ་བྱས་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་རང་རེའི་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཟང་པོ་དག་མ་འོངས་རྗེས་རབས་པ་རྣམས་ནས་མི་ཉམས་རྒྱུན་འཛིན་གནང་རྒྱུའི་ལྷ་དགོངས་སྤྱི་ཕེབས་འོག་ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་དབུ་བརྙེས་པ་ནས་ད་བར་མི་ལོ་རེ་བདུན་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་གར་རིག་གཞུང་སྤྱི་དང་། ལྷག་དོན་དུ་ཨ་ལྕེ་ལྷ་མོའི་ཟློས་གར་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་གནང་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ནས་བོད་ས་བཙན་བཟུང་བྱེད་སྒོ་བརྩམས་པ་ནས་བཟུང་བོད་ཀྱི་ཆོས་དང་རིག་གཞུང་གཙོས་པའི་དགོན་སྡེ་སྟོང་ཕྲག་ལྔ་ལྷག་རྩ་གཏོར་བཏང་ཞིང་། བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ཙམ་སྡུག་སྦྱོར་མནར་གཅོད་འོག་འདས་གྲོངས་སུ་གྱུར་ཡོད།…

The Tibet Fund Hosts Special Gathering at TIPA Auditorium

ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༨ དགོང་དྲོ་ཚོུད་ ༦ ཐོག་བོད་ཀྱི་ཐེབས་རྩ་ནས་རེ་བསྐུལ་དང་གོ་སྒྲིག་ཞུ་དོན་ལྟར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་མདད་གཙོ་དང་དྲུང་ཆེ་རྣམ་པ་དང་།  བོད་ཀྱི་ཐེབས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་རྒྱུན་ལས་དང་ལས་བྱེད་རྣམས་པར་ཚང་འཛོམས་སར་བོད་ཀྱི་ཐེབས་རྩའི་ས་གནས་འགན་འཛིན་ཤེས་རབ་འོད་ཟེར་ལགས་ནས་འཚམས་འདྲི་ངོ་སྤྲོད་དང་།  དེ་རྗེས་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཚོགས་གཙོ་སྐུ་ཞབས་ Mickey Lemle མཆོག་གི་ངོ་སྤྲོད་གསུང་བཤད་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་འཚམས་འདྲིའི་གསུང་བཤད་སྙིང་བསྡུས་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་གཟིགས་འབུལ་གྱིས་སྐུ་མགྲོན་ཡོངས་ནས་དགའ་བསུའི་བསྔགས་བརྗོད་གནང་རྗེས་བོད་ཀྱི་ཐེབས་རྩའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Bob Ankerson  ལགས་ནས་ཐུགས་རྗེ་ཆེ་ཞུས་རྗེས་སྐུ་མགྲོན་ཡོངས་ལ་ཐེབས་རྩ་ནས་གསོལ་སྟོན་འདེགས་འབུལ་ཞུས་སོང་། Dharamsala, September 18, 2026: The Tibetan Institute of Performing Arts (TIPA) hosted a…

📢 JOB VACANCY ANNOUNCEMENT (Assistance Accountant)

རྩིས་པའི་ལས་རོགས་ཀྱི་ཆོད་གན་ས་མིག་གསལ་བསྒྲགས། ༄༅།།བོད་ཀྱི་ཟློས་གར་ཚོགས་པར་རྩིས་པའི་ལས་རོགས་ཀྱི་ལས་གནས་སུ་ཆོད་གན་ངོ་བོའི་ཐོག་ཞུགས་བློ་ཡོད་ན།གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་ཞུ་སྙན་དང་དགོས་མཁོའི་ཡིག་ཆ་ཁག་གློག་འཕྲིན་ཁ་བྱང་ [email protected] བརྒྱུད་ཕྱི་ལོ་༢༠༢༦ཟླ་༡༠ཚེས་༧འགྱངས་མེད་ངེས་འབུལ་དགོས་པ་དང་།རྒྱུགས་སྤྲོད་ལས་རིམ་གྱི་དུས་ཚེས་འདི་ནས་དོ་བདག་སོ་སོའི་འཚང་སྙན་ཕུལ་འབྱོར་རྗེས་ཁུངས་སོ་སོར་བརྡ་ལན་འབུལ་རྒྱུའི་གསལ་བསྒྲགས་སུ། ལས་གནས། ཀ༽དགོས་ངེས་ཤེས་ཚད། ལོ་ཚད་དང་གསོལ་ཕོགས། དགོས་འདོད་ཆ་རྐྱེན། རྩིས་པའི་ལས་རོགས། ༡། མཐོ་སློབ་ཚད་ལྡན་ཞིག་ནསརྩིས་རིག་ཐོག་ཉེ་བའི་གཙུག་ལག་རམ་འབྱམས་པའི་སློབ་ཐོན་ལག་འཁྱེར་ཐོག་ཉུང་མཐར་བརྒྱ་ཆ། ༦༠% ལོན་དགོས་པ།༢། Tallyམཉེན་ཆས་བཀོལ་སྤྱོད་བྱེད་མྱོང་ཡོད་པ།༣། Income tax, GST, FCRAའགྲོ་ལུགས་ཐོག་ཤེས་མྱོང་ཡོད་པ།༤། ཀམ་པུ་ཊར་སྦྱོང་བརྡར་གྱི་ལག་འཁྱེར་ཡོད་པ།༥། བོད་ཡིག་དང་ཨིན་ཡིག་ཐོག་ཤེས་ཚད་རང་རྐྱ་འཕེར་བ། རང་ལོ་ ༤༠ ལས་མ་བརྒལ་བ།རྩ་ཕོགས། ༢༦,༦༠༠།༠༠ ༡།སྤྱི་སྒེར་ཚོགས་སྡེའི་ནང་རྩིས་པའི་ལས་མྱོང་ཡོད་པ།༢།ལོ་འཁོར་མཐའ་བསྡོམས་རྩིས་ཁྲ་བཟོ་འདོན་ཐུབ་པ།༣།རྩིས་དང་འབྲེལ་བའི་ཤེས་མྱོང་ཚད་ལྡན་ཡོད་པ། Designation Educational Qualification Age limit and Salary Desirable Assistant Accountant…

📢 JOB VACANCY ANNOUNCEMENT (Tibetan Language Teacher)

རིག་གནས་དགེ་རྒན་དང་སྒྱུ་རྩལ་ཉམས་ཞིབ་ལས་རོགས་ཀྱི་ས་མིག་གསལ་བསྒྲགས། ༄༅། །བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་དུ་རིག་གནས་དགེ་རྒན་དང་སྒྱུ་རྩལ་ཉམས་ཞིབ་ལས་རོགས་གཅིག་ལྕོགས་ཀྱི་ལས་གནས་ས་སྟོང་ཡོད་པ་ལགས་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཆོད་གན་ཐོག་ཞུགས་བློ་ཡོད་རིགས་ནས་རང་ཉིད་ཀྱི་ངོ་སྤྲོད་དང་མཚན་གནས་ལག་འཁྱེར་སོགས་གཤམ་འཁོད་གློག་འཕྲིན་ [email protected] བརྒྱུད་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༨ འགྱངས་མེད་ངེས་འབུལ་དགོས་པ་དང་། དོ་བདག་སོ་སོའི་འཚང་སྙན་ཕུལ་འབྱོར་རྗེས་ཁུངས་སོ་སོར་ངོ་གཏུགས་རྒྱུགས་སྤྲོད་ལས་རིམ་བརྡ་ལན་འབུལ་རྒྱུའི་གསལ་བསྒྲགས་སུ། ལས་གནས། ཀ༽ དགོས་ངེས་ཤེས་ཚད། ལོ་ཚད་དང་གསོལ་ཕོགས། དགོས་འདོད་ཆ་རྐྱེན། རིག་གནས་དགེ་རྒན་དང་སྒྱུ་རྩལ་ཉམས་ཞིབ་ལས་རོགས་གཅིག་ལྕོགས། ༡། བོད་ཀྱི་སྐད་ཡིག་དང་རིག་གནས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཐོན་ཟིན་ཞིང་། གནས་རིམ་དང་པོའི་སློབ་གནས་ཚད་འཛིན་ཡོད་པ།༢། དགེ་རྒན་འོས་སྦྱོང་ཡོད་པའམ་དེ་ལྟར་མེད་ཚེ་སློབ་ཁྲིད་ཉམས་མྱོང་ལོ་ལྔ་ལྷག་ཡོད་པ། རང་ལོ་ ༤༠ ནས་མ་བརྒལ་བ།རྩ་ཕོགས། ༢༧,༩༠༠།༠༠ ༡། སློབ་ཁྲིད་ཉམས་མྱོང་ལོ་གཉིས་ལྷག་ཡོད་པ།༢།བོད་ཀྱི་ཟློས་གར་སྒྱུ་རྩལ་རིག་གནས་ཐོག་སྤྲོ་སྣང་དང་གོ་རྟོགས་གང་ལེགས་ཡོད་པ།༣།ཀམ་པུ་ཊར་སྦྱོང་བརྡར་ཡོད་པ། ཁ༽    གཤམ་གསལ་ཡིག་ཆ་ཁག་མཉམ་སྦྱར་དགོས། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་ནས་ ༢༠༢༦ ཟླ་ ༩ ཚེས་…

ནོར་བཟང་ཐེབས་རྩའི་ཚོགས་གཙོ་སྐུ་ཞབས་ Chirstian Huggenbergསྣེ་ཁྲིད་ཚོགས་ཆུང་བོད་ཀྱི་ཟློས་གར་ཚོགས་པར་གཞུང་འབྲེལ་ཆེད་ཕེབས་སྐབས་དགའ་བསུ་ཞུས་པ།

ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༥ ཉིན་རྒྱབ་ཚོུད་ ༤ ཐོག་སུད་སིར་རྟེན་གཞི་བྱས་པའི་ནོར་བཟང་ཐེབས་རྩའི་ཚོགས་གཙོ་སྐུ་ཞབས་ Chirstian Huggenberg སྣེ་ཁྲིད་འོག་ཚོགས་མི་སྤྱི་ཟུར་སྐོུ་ཚེ་རིང་རྡོ་རྗེ་ལགས།  Mrs. Anna Huggenberg and Mr. Tenzin Choewang བཅས་བཞུགས་སྒར་དུ་གཞུང་འབྲེལ་ལས་དོན་ཕེབས་འབྱོར་དང་འབྲེལ་བོད་ཀྱི་ཟློས་གར་ཚོགས་པར་ཆེད་ཕེབས་གནང་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ཕེབས་བསུའི་སྣེ་ལེན་འོག་ལས་ཁུངས་གཙོས་པའི་ཁྱབ་ཁོངས་སྡེ་ཚན་ཁག་ལ་འཚམས་གཟིགས་ཀྱིས་དགོས་ངེས་ཅན་གྱི་འཆར་གཞི་ཁག་གཅིག་གསལ་བཤད་དང་གཟིགས་འབུལ་ཞུས། དེ་རྗེས་སྐུ་མགྲོན་ལྷན་རྒྱས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་ཕེབས་བཞུགས་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ནོར་བཟང་ཐེབས་རྩའི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམས་ད་རེས་དངོས་སུ་ཟློས་གར་ཚོགས་པ་པ་གཟིགས་སྐོར་ཕེབས་པ་ལ་དགའ་བསུའི་འཚམས་འདྲི་ཞུས། ནོར་བཟང་ཐེབས་རྩ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲོས་བསྟེན་དང་། ཤེས་ཡོན། སྤྱི་ཚོགས་བདེ་དོན་བཅས་ཀྱི་ལས་གཞིའི་ཐོག་རོགས་སྐྱོར་རྒྱ་ཆེ་གནང་མཁན་གྱི་ཐེབས་རྩ་ཞིག་ཆགས་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་གཅེས་འཛིན་དང་རྒྱུན་སྐྱོངས་ཐོག་ལ་ཡང་འདས་པའི་ལོ་མང་རིང་ལས་གཞི་མང་པོའི་ཐོག་རྒྱབ་སྐྱོར་གནང་བ་ལ་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཞུས་བ་སྦྲགས་། དགའ་བསུ་དང་ལེགས་སྐྱེས་མཚོན་བྱེད་དུ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས། ཐེབས་རྩའི་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་དོན་དུ་བོད་ཀྱི་ཟློས་གར་ཚོགས་པ་འདི་༸གོང་ས་༸མཆོག་གིས་ཐོག་མའི་དགོངས་གཞི་ལྟར་བོད་ཀྱི་རིག་གཞུང་གཅེས་འཛིན་དང་རྒྱུད་བསྒྲགས་སླད་ཕྱག་ལས་ཧ་ལས་པའི་ཡག་པོ་གནང་གི་འདུག།། འདི་ལོ་བོད་ཀྱི་ཟློས་གར་ཚོགས་པ་ཡོ་རོབ་དང་སུད་སིར་སྐོར་སྐྱོད་སྐབས་དངོས་སུ་འཁྲབ་སྟོན་གཟིགས་རྒྱུའི་གོ་སྐབས་བྱུང་བ་མ་ཟད། འཇར་མར་རྒྱས་ས་སྦར་ལེན་དུ་ཆེས་སྙན་གྲགས་ཅན་གྱི་རྒྱལ་སྤྱིའི་སྒྱུ་རྩལ་དུས་སྟོན་  BERLIN CARNIVAL 2026 ནང་བོད་ཀྱི་ཟློས་གར་ཚོགས་པས་མཉམ་ཞུགས་གནང་ནས་ཁྲོམ་སྐྱོད་འཁྲབ་སྟོན་གནང་འབྲས་དུས་སྟོན་དུ་མཉམ་ཞུགས་གནང་མཁན་རྒྱལ་ཁབ་མང་པའི་ནང་ནས་བོད་པར་རྩེད་ཕུད་བྱ་དགའ་ཐོབ་སོན་བྱུང་བ་དེས་བོད་དོན་དྲིལ་བསྒྲགས་དང་བོད་ཀྱི་གནད་དོན་གསོན་པོར་གནས་ཐབས་སུ་ཕན་ཐོགས་རླབས་ཆེན་བྱུང་ཡོད་པ་ཚང་མར་རྗེས་སུ་ཡིད་རངས་དང་ཐུགས་རྗེ་དང་། མུ་མཐུད་རྒྱུན་སྐྱོང་ཐོག་འབད་བརྩོན་གནང་རོགས་ཞེས་འབོད་བསྐུལ་གནང་། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་ཐེབས་རྩའི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམས་ལ་དྲན་རྟེན་ཕྱག་རྟགས་སུ་གྲུབ་ཐོག་ཐང་སྟོང་རྒྱལ་པོའི་སྐུ་ཐང་རེ་ཕུལ་ནས་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ་ཞུས། Norzang Foundation Chairman Christian Huggenberg Leads…

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་དུས་སྟོན་ལ་བོད་ཀྱི་ཟློས་གར་ཚོགས་པ་མཉམ་ཞུགས་གནང་བ།

༄༅།།ཕྱི་ལོ་༢༠༢༦ཟླ་བ་༩ཚེས་༠༣ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་།འཚེ་མེད་ཞི་བའི་ལམ་ལུགས་ཀྱི་ཐེབས་རྩ།བོད་ཀྱི་ཐེབས་རྩ་བཅས་མཉམ་འབྲེལ་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་དུས་སྟོན་གོ་སྒྲིག་གནང་ཡོད།སྐབས་དེར་མཁས་དབང་དང་།སྲིད་བྱུས་འཆར་འགོད་པ།རྩོམ་པ་པོ།ཆོས་ལུགས་ཀྱི་དབུ་ཁྲིད།དེ་བཞིན་མི་མང་བཅས་འདུ་འཛོམས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་གྷན་དི་དྲན་རྟེན་ཐང་ཆེན་ (Gandhi-King Memorial Plaza) དུ་དབུ་འབྱེད་མཛད་སྒོ་ཚོགས་ཡོད་ཅིང་།སྐབས་དེར་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་བསྟུན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་ཡོད།དབུ་འབྱེད་སྐབས་རྟེན་འབྲེལ་ཚུལ་དུ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཨ་ལྕེ་ལྷ་མོའི་ལྷ་གཞུང་ནས་རྣམ་ཐར་གསོལ་འདེབས་ཐོག་ནས་ལྷ་གསོལ་བཏང་།དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་རྣམས་ལ་རྒྱ་ནག་གི་ཡར་རྒྱས་ཀྱི་གནས་སྟངས་ཐོག་དོ་སྣང་གནང་དགོས་པ་དང་།ལྷག་པར་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དང་།དེས་བོད་མི་དང་རྒྱ་ནག་ནང་གི་མི་རིགས་གཞན་རྣམས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་ཐད་དོགས་ཟོན་གནང་དགོས་པ་གསུངས།དེ་བཞིན་ཁོང་གིས་ཁྲིམས་ཡིག་འདི་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་སྒྲོམ་གཞི་ནང་འཁོད་པའི་ཁས་ལེན་དམ་བཅའ་དང་འགལ་གྱི་ཡོད་པ་ནན་བརྗོད་གནང་། རྒྱ་ནག་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེས་ཡིད་ཆེས་དང་བར་སྡུམ་བྱ་རྒྱུ་མ་ཡིན་པར།རྒྱལ་ཡོངས་མཐུན་སྒྲིལ་གྱི་མིང་འདོགས་ཏེ་མི་རིགས་སིམ་སྒྱུར་གྱི་སྲིད་བྱུས་དེ་ཁྲིམས་མཐུན་བཟོ་རྒྱུར་དམིགས་ཡོད་པ་མ་ཟད།གྲོས་མོལ་ཚབ་ཏུ་བཙན་ཤེད་དང་།སྣ་མང་རང་བཞིན་ཚབ་ཏུ་སྒོ་བསྟུན་བྱ་ཐབས་ཡིན་པ་འགྲེལ་བརྗོད་གནང་།བོད་ཀྱི་དུས་སྟོན་ཏེ་ཕྱི་ལོ་༢༠༢༦ཟླ་༩ཚེས་༣ནས་༥བར་རྒྱ་གར་རྒྱལ་ས་ལྡི་ལིར་གཏན་གཞི་ཆགས་པའི་ India  International Centre, New Delhi ནང་ SPRIT OF TIBET – Celebrating Cultural and Compassion ཐོག་གཏམ་བཤད་ལས་རིམ་གྱི་བརྗོད་གཞི་Civilizational Confluence, Present Realities, and Strategic Horizons ཐོག་ཐབས་བྱུས་གནད་དོན་དང་།གསར་འགྱུར་བརྒྱུད་ལམ།ཤེས་ཡོན་སྡེ་ཚན།རྒྱ་ནག་ཐོག་སློབ་གཉེར་གནང་མཁན་བཅས་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ཕེབས་ཡོད།ཉིན་དང་པོའི་ཕྱི་དྲོ་ཚོུད་༦ཐོག་གཞུང་ཚབ་ཁག་དང་དེའི་སྐུ་ཚབ།རྒྱ་གར་གྱི་གནད་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་མི་སྣ་ཁག་ཅིག་ལ་གོ་སྒྲིག་ཚོགས་ཆུང་ནས་དགའ་བསུའི་རིག་གཞུང་དགོང་ཚོགས་དེར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་གཟིགས་འབུལ་སྐབས་སྐུ་མགྲོན་ཡོངས་ནས་ཐུགས་དགྱེས་ཚོར་ཆེན་པོས་ལེགས་གསོལ་བསྔགས་བརྗོད་གནང་ཡོད།དེ་བཞིན་ཉིན་གཉིས་པར་ཕྱི་དྲོ་ཚོུད་༦ཐོག་སྐབས་དེར་གཏམ་བཤད་གནང་མཁན་གྱི་མཁས་དབང་དང་གཏམ་བཤད་གསན་གཟིགས་མཁན་ཤེས་ཡོང་ཅན་དང་། མཐོ་སློབ་ཀྱི་སློག་ཕྲུག་རྒྱ་ཆེའི་མང་ཚོགས་ཡོངས་ལ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་སྐབས་ཚོགས་ཁང་གི་ཞབས་བཀྱག་ཆ་ཚང་ཁེངས་ནས་གཡས་ཡོན་དུ་སྐུ་བཞེངས་ཐོག་ཐུགས་སྣང་དང་སྤྲོ་སྣང་ཐོག་གཟིགས་མོ་གཟིགས་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་སོ་སོའི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་བཟང་པོ་དེ་དག་སྒྱུ་རྩལ་འཁྲབ་སྟོན་གྱི་ལམ་ནས་མང་ཚོགས་སུ་གཟིགས་འབུལ་ཞུས་ཐུབ་པ་དེས་གཟིགས་མོ་བ་ཚང་མའི་ཡིད་དབང་འཕྲོག་ནས་ཚང་མས་རྗེས་སུ་ཡིད་རངས་བསྔགས་བརྗོད་གནང་ནས་གང་ལྟར་བོད་ཀྱི་དུས་སྟོན་མིང་དོན་མཚུངས་པ་ཞིག་ཡོང་ཐབས་སུ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་ཆ་ཤས་གང་ལེགས་གནང་འབྲས་ཀྱིས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་གོ་རྟོགས་དྲིལ་བསྒྲགས་རྒྱ་གང་ཆེ་ཐུབ་པ་བྱུང་ཡོད། TIPA Performs at Spirit of Tibet Festival in New…

TIPA Hosts Welcome Reception for Delegates of the 66th Tibetan Democracy Day Celebration

ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡ ཉིན་ཕྱི་དྲོ་ཚོུད་ ༦ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དཔལ་ལྡན་བཀའ་ཤག་གི་གོ་སྒྲིག་འོག་བོད་ཀྱི་མང་གཙོའི་དུས་ཆེན་ཐེངས་ ༦༦ འི་གཞུང་འབྲེལ་མཛད་སྒོར་ཆེད་ཕེབས་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་རྒྱ་རིགས་ཤེས་ཡོན་ཅན་དང་། ལས་འགུལ་འགོ་ཁྲིད་པ། མང་གཙོའི་སྤྱི་ཚོགས་ཀྱི་ལས་འགུལ་བ་དང་ཆེད་ལས་མི་སྣ་རྣམས་ལ་ཕེབས་བསུའི་སྣེ་ལེན་དང་།  དཔལ་ལྡན་སྲིད་གཙོས་པའི་བཀའ་བློན་ལྷན་རྒྱས་བཅས་ཆེད་ ཕེབས་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ངོ་སྤྲོད་དང་འཚམས་འདྲི་ཞུས་རྗེས་ བོད་ཀྱི་ཟློས་གར་ཚོགས་པས་གནའ་བོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་ ལེགས་པར་གནང་གྲུབ་ཏེ་བོད་ཀྱི་ཟློས་གར་ཚོགས་པའི་གསོལ་མགྲོན་ཁང་དུ་སྐུ་མགྲོན་ཡོངས་ལ་གསོལ་སྟོན་འདེགས་འབུལ་ཞུས་གནང་སོང་། On September 1, 2026, at 6:00 p.m., the Tibetan Institute of Performing Arts (TIPA)…