High-level USID delegations, the Social and Resource Development Fund (SARD – CTA) organized a session at the TIPA.

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༠ ཉིན་ཨ་རིའི་གཞུང་གི་རོགས་ཚོགས་(USAID)ཀྱི་ཨེ་ཤེ་ཡ་ཁུལ་གྱི་འགན་འཛིན་ལས་རོགས་ཀྱི་སྣེ་འཁྲིད་པའི་སྐུ་ཚབ་ལྷན་བོད་མིའི་སྒྲིག་འཛུགས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་ཁུར་འོག་བོད་ཀྱི་ཟློས་གར་ཚོགས་པའི་གསོལ་མགྲོན་ཁང་དུ་རིག་གཞུང་མཉམ་གསན་ཀྱི་སྐུ་ཚབ་ལྷན་བཞུགས་མོལ་ཚོགས་འདུ་གོ་སྒྲིག་གིས་ལེགས་གྲུབ་རྗེས་རང་གཞུང་བཀའ་ཤག་གིས་རེ་སྐུལ་གནང་བར་ལྟར་བོད་ཀྱི་ཟློས་གར་ཚོགས་པའི་ཆེད་ལས་སྒྱུ་རྩལ་པ་ཚོས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཌོག་ཊར་ཧན་སི་གྷ་ཊི་མཆོག་དང་ཌོག་ཊར་ཨ་ཀྲི་རན་ཧེག་མཆོག ལྡི་ལི་ཀོན་རེནཌ་ཨུཌུ་ཝེ་ནཱ་ཐེབས་རྩའི་འགན་འཛིན་སྐུ་ཞབས་ཌོག་ཊར་ཨེ་རེན་ཧག་དང་། བྷེལ་ཇམ་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་རིག་འཛིན་ཆོས་སྒྲོན། དེ་བཞིན་ཨ་རིའི་གཞུང་གི་རོགས་ཚོགས་(USAID)ཀྱི་སྐུ་ཚབ་རྣམ་པར་གུས་བཀུར་མཚོད་བྱེད་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་བོད་ཀྱི་ཟློས་གར་ཚོགས་པའི་ལས་འཆར་ཁག་ངོ་སྤྲོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་༸དཔལ་ལྡན་བཀའ་ཤག་གི་སྲིད་ཚབ་ཤེས་རིག་བཀའ་བློན་སྐུ་ངོ་ཐར་ལམ་སྒྲོལ་མ་ཆོག་ནས་སྐུ་མགྲོན་རྣམ་པར་དགའ་བསུའི་འཚམས་འདྲིའི་དང་གསུངས་བཤད་གནང་། On November 20, 2023, in the presence of high-level USID delegations, the Social and Resource Development Fund (SARD –…

བོད་ཀྱི་ཟློས་གར་ཚོགས་པའི་མ་ཧོ་ས་ཧྥུ་ལ་འཁྲབ་སྟོན་ཞུས་པ།

བོད་ཀྱི་ཟློས་གར་ཚོགས་པའི་མ་ཧོ་ས་ཧྥུ་ལ་འཁྲབ་སྟོན་ཞུས་པ། རྒྱལ་ཡོངས་མ་ཧོ་ས་ཧྥུ་དུས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་གིས་གདན་འདྲེན་ཞུས་པ་ལྟར་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༠༢ ཉིན་མ་ཧོ་ས་ཧྥུ་དུས་སྟོན་གྱི་མཇུག་བསྡོམས་མཛད་སྒོར་ཧི་མ་ཅཱལ་མང་གཞུང་གི་བློན་ཆེན་སྐུ་ཞབས་ཤྲཱི་ཇ་ཊི་སིངྒ་ནེ་གྷི་མཆོག་གཙོ་མགྲོན་དུ་ཕེབས་བཞུགས་གནང་བ་དང་།གཞན་ཡང་ས་གནས་དཔོན་རིགས་དང་གནད་ཡོད་མི་སྣ་གཙོས་མི་མང་སུམ་སྟོང་འདུ་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པའི་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟབ་རྒྱས་གཟིགས་འབུལ་ཞུས། དུས་སྟོན་འདི་ནི་ཟླ་ ༡༠ ཚེས་ ༣༠ ནས་ཟླ་ ༡༡ ཚེས་ ༠༢ བར་རེབ་གོང་པུའུ་རྫོང་ནས་ལོ་ལྟར་སྲུང་བརྩི་ཞུ་སྲོལ་ཡོད། དུས་ཆེན་འདི་ནི་མངའ་སྡེའི་དུས་ཆེན་དུ་གཏན་འབེབས་བྱས་ཡོད་ཅིང་། ཕྱི་ལོ་ ༡༩༨༧ ལོ་ནས་བཟུང་མིང་འདྲ་མིན་བཀོལ་སྤྱོད་ཀྱིས་ཇནྟི་ཡ་ཨུཏྤ་སཱབ། ཕུ་ལ་ཨུཏྤ་སཱབ་དང་ད་དུང་ཚོ་ཁག་དུས་སྟོན་སོགས་འབོད། བོད་ཀྱི་ཟློས་གར་ཚོགས་པའི་སྐུ་ཚབ་རྣམས་གདན་ཞུས་ལྟར་ཚམ་ཚོམ་སྤུ་ཙམ་མེད་པར་དུས་ཡུན་ཚོུད་བཅུ་དྲུག་རིང་འགྲུལ་བཞུད་ཀྱིས་དཀའ་ཚེགས་སྤྱད་ནས་མཛད་སྒོ་འདིར་བཞུགས་པ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཆེན་འདི་ལ་བརྩི་བཀུར་མཚོན་བྱེད་དུ་ཐེངས་དང་པོར་བཅར་ཐུབ་པ་བྱུང་ཡོད།  དེ་ནི་བོད་མི་རིགས་ཀྱི་རིག་གཞུང་གི་འབྲེལ་ལམ་ཟབ་མོ་ཡོད་མཁན་གྱི་ཁུ་ནུའི་མི་རིགས་ལ་བསྐྱར་མཐུད་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་བོད་ཀྱི་མཐོུང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་ཟབ་རྒྱས་ངང་ཞུ་ཐུབ་པ་མ་ཟད་སྐུ་མགྲོན་གཙོས་པའི་རྒྱལ་ཆེའི་གཟིགས་མོ་བ་རྣམས་མཉམ་ཞུགས་ཀྱིས་སེམས་ཚོར་ཆེན་པོས་དགའ་ཚོར་དཔག་མེད་ངང་ཐལ་མོའི་རྡེབ་སྒྲས་ཁེངས་ཏེ་བསྔགས་བརྗོད་གནང་། TIPA makes debut at Mahotsav Festival, 2023…

TIPA’s Exceptional Artists Enthral Distinguished EU Parliament Delegation

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༠༥ ཉིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་གོ་སྒྲིག་འོག་བོད་ཀྱི་ཟློས་གར་པའི་གར་གླུའི་རིག་རྩལ་ཁང་དུ་ཟློས་གར་སྒྱུ་རྩལ་བ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གཟབ་རྒྱས་གཟིགས་འབུལ་ཞུས་པས་འཐུས་མི་རྣམས་ཡིད་དབང་རབ་ཏུ་འཕྲོག་སྟེ་དགའ་བསུ་འཚམས་འདྲི་དང་ཡི་རང་བསྔགས་བརྗོད་གནང་སོང་། ད་ལན་ Friedrich Naumann Foundation (FNF) ཚོགས་པའི་གོ་སྒྲིག་འོག་ཇར་མན་དང་ཝེཌ་ནམ། ཨོ་སི་ཀྲོ་ཡ་བཅས་ནས་གྲོས་ཚོགས་འཐུས་མི་བཅུ་བཞུགས་སྒར་དུ་ཕེབས་གནང་མཛད་ཡོད་པ་དང་། ཉིན་འདིར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྐུ་ངོ་དོན་གྲུབ་ཚེ་རིང་ལགས་ཀྱིས་དགའ་བསུའི་འཚམས་འདྲི་དང་སྦྲགས་བོད་ཀྱི་ཟློས་གར་ཚོགས་པའི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་། སྒྱུ་རྩལ་བ་རྣམས་ཀྱི་གར་སྟེགས་ཐོག་འཁྲབ་སྟོན་གནང་བའི་བོད་ཀྱི་དམངས་ཁྲོད་ཞབས་བྲོ་སྒྱུ་རྩལ་ལ་གཟིགས་མོ་བ་ཚོར་ཡིད་དབང་རབ་ཏུ་འཕྲོག་སྟེ་སྐུ་བཞེངས་ཐོག་ལག་པའི་ཐལ་རྡེབ་ཀྱིས་བསྔགས་བརྗོད་གནང་སོང་། མཐར་ཡོ་རོབ་མནའ་འབྲེལ་གྲོས་ཚོགས་ཀྱི་འཐུས་མི་ཚོགས་པར་ཐུགས་རྗེ་ལེགས་འབུལ་ཞུ་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་གཞོན་སྐུ་ངོ་སྒྲོལ་མ་ཚེ་རིང་མཆོག་ནས་གསུང་བཤད་གནང་རྗེས་འཐུས་མི་ཚོགས་པར་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་ཁོང་རྣམ་པ་ཚོས་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་གནང་བ་དེས་བོད་དང་ཡོ་རོབ་མནའ་འབྲེལ་ཚོགས་གཉིས་བར་སྔར་ལྷག་མཛའ་ཤེས་ཀྱི་འདུ་ཤེས་གོང་སྤེལ་གནང་བར་མཚོན་ཡོད། Dharamshala, October 5, 2023 – In a mesmerizing evening of cultural celebration, the…

དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་ཐེངས་དང་པོ་དབུ་འཛུགས་གནང་བ།

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༤ ཉིན་ཞོགས་པ་ཆུ་ཚོད་ ༡༠།༠༠ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་གར་གླུའི་རིག་རྩལ་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲིག་འོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཏན་སྡོད་བོད་རིགས་ན་གཞོན་སྒྱུ་རྩལ་ཐོག་དོ་དབྱིངས་དང་འདུན་པ་ཡོད་མཁན་ཚོར་དབྱར་དུས་ཀྱི་དགུང་སེང་དང་སྟབས་བསྟུན་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ཟབ་སྦྱོང་ཐེངས་དང་པོ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་དབུ་འབྱེད་ཐོག་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ངོ་དྲུང་ཆེ་མཆོག་ཆིབས་སྒྱུར་གནང་སོང་།  སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེ་མཆོག་གིས། སྤྱིར་བཏང་དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་གནང་མཁན་རྡ་སྟེང་བོད་ཁྱིམ་དང་ས་རཱ་མཐོ་སློབ་སོགས་མང་པོ་ཡོད་ཀྱང་། དེ་རིང་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲིག་ཞུས་པའི་ཟབ་སྦྱོང་འདི་ནི་ཧ་ཅང་གི་དམིགས་བསལ་དང་གལ་ཆེན་པོ་ཆགས་ཀྱི་ཡོད། དེའི་ནང་བོད་ཀྱི་ཟློས་གར་རིག་གཞུང་ཐོག་དམིགས་བསལ་གྱི་སློབ་ཁྲིད་གནང་གི་ཡོད་པར་སོང་ཚང་མས་དོ་སྣང་ཆེན་པོས་སློབ་སྦྱོང་གནང་རྒྱུ་གལ་ཆེན་པོོ་རེད། ཕ་མ་ཚོས་ཀྱང་བོད་ཀྱི་ཟློས་གར་རིག་གཞུང་གལ་ཆེར་འཛིན་ཏེ་རང་གི་ཕྲུ་གུ་ཟབ་སྦྱོང་དེའི་ཆ་ཤས་སུ་མཉམ་ཞུགས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྣམ་པ་ཚོའི་ངོས་ནས་རང་མི་རིགས་ཀྱི་ལོ་རྒྱུས་དང་ཕ་མེས་ཚོས་དཀའ་སྡུག་ཅི་ཞིག་མྱོང་བ་རྣམས་རང་གི་ཕྲུ་གུར་ངོ་སྤྲོད་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། གཞོར་དུ་ཟབ་སྦྱོང་ནང་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་དང་བོད་ཀྱི་རྒྱལ་གླུ་སློབ་ཁྲིད་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་འདུ་འཛོམས་གང་སར་བོད་རྒྱལ་ཁབ་ཆེན་པའི་རྒྱལ་གླུ་གཏོང་དགོས་ཀྱི་ཡོད་པར་བརྟེན་ཧ་ཅང་གི་ཕན་ཐོགས་ཡོད་ཅེས་བཀའ་སློབ་གནང་སོང་།    དེ་ནས་ཟློས་གར་འགན་འཛིན་སྐུ་ངོ་དོན་གྲུབ་ཚེ་ལགས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་ངོ་སྤྲོད་གནང་དོན། ཉེ་སྔོན་ཞིག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕ་མ་ཚོས་རང་གི་ཕྲུ་གུ་རྒྱ་གར་དུ་གུང་གསེང་ལ་འཁྲིད་གཞོར་བོད་ཀྱི་ཟློས་གར་ཚོགས་པར་བཅར་ཏེ་རོལ་ཆ་དང་ལྷ་མོ་སོགས་སློབ་ཁྲིད་གནང་རྒྱུའི་རེ་འདུན་ཞུ་མཁན་བྱུང་མུས་ཡིན་པར་སོང་ཕྱི་ལོ་ ༢༠༢༣ ཟླ་ ༣ པའི་ནང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དང་བོད་རིགས་སྤྱི་མཐུན་ཚོགས་པ། བོད་ཀྱི་ཟློས་གར་ངོ་དོབ་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་བརྒྱུད་གསལ་བསྒྲགས་སྤེལ་ཏེ་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་གི་སློབ་བསྡུ་གསལ་བརྡ་བཏང་བ་བཞིན། དེ་རིང་འདིར་དངོས་སུ་སློབ་ཕྲུག་བཅུ་མཉམ་ཞུགས་བྱུང་བར་འཚམས་འདྲི་གནང་བ་དང་། ཕ་མེས་ནས་བརྒྱུད་པའི་བོད་ཀྱི་རིག་གཞུང་བཟང་པོ་རྣམས་མི་རབས་རྗེས་མའི་རྒྱུན་འཛིན་བྱེད་དགོས་པར་སོང་ད་ལན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་བྱུང་བཞིན་པའི་ན་གཞོན་ཚོར་དམིགས་ཏེ་བོད་ཀྱི་ཟློས་གར་རིག་གནས་དང་སྒྱུ་རྩལ་ཐོག་ཟབ་སྦྱོང་སྤྲོད་རྒྱུའི་དམིགས་ཡུལ་འཛིན་ཡོད། ད་ལན་གྱི་ཟབ་སྦྱོང་འདི་ནི་བོད་ཀྱི་ཟློས་གར་ཚོགས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞོན་སྐྱེས་ཚོར་སྤེལ་བའི་ལས་འཆར་ཐེངས་དང་པོ་ཆགས་ཀྱི་ཡོད་པར་བརྟེན་ཟབ་སྦྱོང་གི་དུས་རིམ་འདི་ནས་བློ་བསྐྱེད་གང་མང་རག་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་སོང་།   སྤྱིར་དེ་རིང་གི་ཟབ་སྦྱོང་འདི་ནི་ཕྱི་ཟླ་…

The 88th birthday celebration of His Holiness the Dalai Lama

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ ཉིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཡི་འཁྲུངས་སྐར་གྱི་འཁྲུངས་ལྷ་ཡར་གསོལ་དང་བསྟུན། ཕྱི་ཚེས་ ༦ ཉིན་གྱི་དགོང་མོ་ཕྱག་ཚོད་ ༦།༠༠ ཐོག་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་རྟེན་འབྲེལ་དགའ་སྟོན་བསྲུ་བརྩི་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེ་གཞུང་འབྲེལ་དཔོན་རིགས་གཙོས་མི་གྲངས་ཉིས་བརྒྱ་ལྷག་མཉམ་འཛོམས་ཀྱིས་༸རྒྱལ་བའི་༸སྐུ་ཡི་འཁྲུངས་ལྷ་ཡར་གསོལ་སྲུང་བརྩི་གནང་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྐང་བྲོ་གླུ་གཞས་འཁྲབ་སྟོན་གཟབ་རྒྱས་ཞུས་པ་དང་གསོལ་སྟོན་རྒྱས་པ་ཞིག་འདེགས་འབུལ་ཞུས། On the 88th birthday celebration of His Holiness the Dalai Lama, the Central Tibetan Administration hosted a…