༄༅། །བོད་ཀྱི་ཟློས་གར་ཚོགས་པས་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་ཆེད་ཨོ་གཞིས་ཕུན་ཚོགས་གླིང་རྒྱ་ཆེའི་མང་ཚོགས་ལ་བོད་ཀྱི་རིག་གཞུང་གཞས་སྣ་དང་གཏམ་བརྗོད་གཟིགས་འབུལ་གཟིགས་ཞུས་གནང་སོང་།

      འདི་ལོར་བོད་ཀྱི་ཟློས་གར་ཚོགས་པ་ཞོ་སྟོན་རྒྱས་པ་ཐེངས་ ༢༩ པ་ཨོ་གཞིས་ཕུན་ཚོགས་གླིང་གཞིས་ཆགས་སུ་བསྐོང་ཚོགས་ཞུ་བའི་གོ་སྐབས་དང་བསྟུན། ས་གནས་སུ་བཞུགས་པའི་མི་རབས་རྒན་གྲས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་། ས་གནས་སུ་བཞུགས་ཏེ་བོད་མིའི་བསྟན་དོན་སྨིན་པའི་བྱ་བ་དང་གཞིས་ཆགས་སྲ་བརྟན་ཡོང་རྒྱུར་དམིགས་ཏེ་ལས་དོན་འདྲ་མིན་བརྩམས་དང་རྩོམ་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཡང་སྒོས་འདི་ལོར་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པར་སོང་འདི་ནས་བོད་མི་གནས་ཡུལ་ས་གནས་འགའ་རེ་བཅར་ཏེ་རིག་གཞུང་འཁྲབ་སྟོན་དང་གཏམ་བརྗོད་གཟིགས་འབུལ་ཞུ་རྒྱུའི་འོག་གྲབས་ཞུས་ཡོད།     ཁ་ཉིན་ཕྱི་ཚེས་ ༢༡ དང་ ༢༢ ཉིན་གཉིས་རིང་ཨོ་གཞིས་ཕུན་ཚོགས་གླིང་གཞིས་གྲོང་པའི་ཉེ་འཁྲིས་སུ་ཆགས་པའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ་ཕྱི་དྲོ་ཚོུད་ ༧།༠༠ ཐོག་སྐུ་མགྲོན་གཙོ་བོར་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རི་དགོན་ཐུབ་བསྟན་སྨན་སྒྲོལ་གླིང་གི་བསྟན་བདག་༸སྐྱབས་རྗེ་འཇིགས་མེད་རིན་པོ་མཆོག་དང་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་དགྱེས་པ་རྡོ་རྗེ་རིན་པོ་ཆེ་མཆོག་གདན་ཞུ་གནང་བ་དང་། དེ་བཞིན་ཨོ་གཞིས་ས་གནས་མི་མང་ལྔ་བརྒྱ་ལྷག་འདུ་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་ཉིན་དང་པོར་བོད་ཀྱི་གནའ་བོའི་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་པ་དང་། ཉིན་གཉིས་པར་བོད་ནང་གི་དངོས་ཡོད་གནས་སྟངས་མཚོན་པའི་གཏམ་བརྗོད་བཙན་གནོན་འོག་གི་བོད་ཅེས་པ་གཉིས་གཟིགས་འབུལ་ཞུས་སྐབས་སྐུ་མགྲོན་གཙོ་ས་གནས་འགོ་འཛིན་མཆོག་དང་ས་གནས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་དང་རྒྱ་ཆེའི་མང་ཚོགས་རྣམས་ནས་དགའ་སྐྱོ་འདྲེས་པའི་ཚོར་བ་དང་བཅས་བསྔགས་བརྗོད་ཆེན་པོ་གནང་བ་དང་། སྐུ་མགྲོན་གཙོ་བོ་མཆོག་ནས་ད་ལན་བོད་ཀྱི་ཟློས་གར་ཚོགས་པས་ཨོ་གཞིས་ས་གནས་སུ་འདི་ལྟར་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་སོང་།      གཞི་རྩའི་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། ཡང་སྒོས་ལྷ་མོའི་ཟློས་གར་རིག་གནས་རྒྱུན་འཛིན་བྱེད་མུས་ཡིན་ཀྱང་། ད་ལན་ས་གནས་སུ་འདི་ལྟར་འཁྲབ་སྟོན་ཞུ་བའི་དམིགས་ཡུལ་ནི་༸མགོན་པོ་གང་ཉིད་སྐུ་ཡི་དགུང་གྲངས་དགུ་བཅུ་བཞད་པའི་གོ་སྟོན་སྲུང་བརྩི་དང་། གཞིས་ཁོངས་སུ་མི་རབས་གཞོན་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཐོག་ཐུགས་སྣང་དང་རྒྱུན་འཛིན། བོད་ནང་གི་དངོས་ཡོད་གནས་སྟངས་སོགས་རྒྱུན་མངའ་ཡོང་རྒྱུར་དམིགས་ཏེ་གཟིགས་འབུས་ཞུས་གནང་སོང་། དེ་བཞིན་ས་གནས་སུ་བཞུགས་མཁན་མི་རབས་རྒན་པ་ཚོའི་དགའ་དད་སྤྲོ་གསུམ་གྱི་འཚམས་འདྲི་དང་བསྔགས་བརྗོད་གནང་ཞིང་། མུ་མཐུད་བོད་ཀྱི་རིག་གཞུང་བྱ་གཞག་ཐད་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་ཐུགས་རེ་གནང་བཞིན་འདུག    ད་ཐེངས་ཀྱི་འཁྲབ་སྟོན་འདི་བརྒྱུད་ནས་གཞིས་ཆགས་ཁག་ཏུ་བཞུགས་པའི་མི་རབས་གཞོན་པ་ཚོས་བོད་ཀྱི་རིག་གཞུང་ལ་དོ་སྣང་སྔར་ལྷག་ཡོང་རྒྱུའི་གོ་སྐབས་བྱུང་བ་དང་། མང་ཚོགས་ཀྱི་ངོས་ནས་ཀྱང་ལོ་ངོ་མང་པོའི་རྗེ་སུ་བོད་ཀྱི་ཟློས་གར་ཚོགས་པ་འཁྲབ་སྟོན་དུ་བཅར་ཐུབ་པར་དགའ་བསུ་དང་ཡིད་རང་ཆེན་པོ་གནང་སྟེ་ད་ལན་གྱི་རིག་གཞུང་འཁྲབ་སྟོན་དང་གཏམ་བརྗོད་གཟིགས་འབུལ་དེ་གཉིས་དོན་སྙིང་ལྡན་པ་ཞིག་བྱུང་སོང་། TIPA Showcases Cultural Excellence at…

༄༅། །བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་སྟོན་པ་རྣམས་ཀྱིས་རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་དགོན་དུ་གླིང་བྲོ་བདེ་ཆེན་རོལ་མོའི་འཁྲབ་སྟོན་གཟིགས་འབུལ་ཞུས།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༠ དགོང་དྲོ་ཚོུད་ ༦།༠༠ པ་རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་དུ་༸སྐྱབས་རྗེ་གཏེར་ཆེན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ༸སྐྱབས་རྗེ་འཇིགས་མེད་རིན་པོ་ཆེ་མཆོག་དང་རི་པ་བླ་བྲང་གི་སྐུ་འཁོར་ལྷན་རྒྱས། རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་དགོན་གྱི་མཁན་སྤྲུལ་རྣམ་པ་གཙོས་ཕྱོགས་མཐའི་ལྷ་མོ་ཚོགས་པའི་ཚོགས་མི་རྣམས་དང་ཨོ་གཞི་ཕུན་ཚོགས་གླིང་གི་སྐྱ་སེར་མང་ཚོགས་ལྔ་བརྒྱ་ལྷག་ཙམ་འདུ་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པས་གླིང་རྗེ་གེ་སར་རྒྱལ་པོའི་གཏམ་རྒྱུད་ལས་འཕྲོས་པའི་གླིང་བྲོ་བདེ་ཆེན་རོལ་མོའི་བྲོ་ཚན་མི་རྗེ་སེང་ཆེན་ནོར་བུ་དགྲ་འདུས་ཞེས་པའི་ལེའུ་དང། བོད་ཀྱི་གནའ་བོའི་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་གྲུབ་རྗེས་༸མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་བཀའ་དྲིན་བསྐྱངས་གནང་བདང་། རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་གིས་ད་ལན་ཞོ་སྟོན་རྒྱས་པ་ཐེངས་ ༢༩ ནང་མཉམ་ཞུགས་གནང་ཡོངས་ལ་དགོང་དྲོའི་གསོལ་ཚིགས་དང་ལེགས་འབུལ་གསོལ་བསྩལ་གནང་སོང་།     གཞི་རྩའི་གླིང་བྲོ་བདེ་ཆེན་རོལ་མོ་ཞེས་བྱ་བ་འདི་ནི་གསང་བ་མདོ་སྔགས་ཀྱི་དགོངས་སྤྱོད་ཡོངས་སུ་རྫོགས་པའི་གླུ་བྲོ་ངོ་མཚར་ཅན་ཞིག་སྟེ། རྗེ་བཙུན་འཇམ་པའི་དབྱངས་བསམ་བཞིན་མིའི་རྣམ་པར་རོལ་པ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་དགོངས་པའི་གཏེར་མཛོད་ལས་བྱུང་ཞིང་། འདི་ལྟར་བོད་ཁམས་མཐའ་དབུས་མེད་པར་ཁྱབ་བརྡལ་དུ་དར་ཞིང་གཞོན་ནུ་ཕོ་མོ་དག་གིས་བྲོ་གར་གྱི་སྟངས་སྟབས་དག་ལ་རྗེས་སུ་ཟློས་ཏེ་འཁྲབ་ཐུབ་པ་ཞིག་བྱུང་ན། ཡུལ་གངས་ཅན་དུ་བཀྲ་ཤིས་པ་རྟག་ཏུ་འཕེལ་ཞིང་འཛམ་གླིང་ཀུན་ཏུ་ནད་མུག་འཁྲུག་རྩོད་ཀྱི་བསྐལ་པ་ངན་པ་རྣམས་རྒྱུན་ཆད་ནས་དགའ་སྐྱིད་རྫོགས་ལྡན་གྱི་དཔྱིད་དཔལ་བླ་ལྷག་ཏུ་འཕེལ་བའི་རྟེན་འབྲེལ་རྨད་དུ་བྱུང་བར་བཞུགས་པར་གསུངས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། རང་ཅག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བ་དང་བསྟུན་རྭ་སྒྲེང་རྒྱལ་པོའི་བྲོ་དཔོན་ནོར་བཟང་མཆོག་དང་གང་ཉིད་ཀྱི་སྲས་མོ་དབྱངས་འཛོམས་དང་སྐལ་བཟང་ཆོས་སྒྲོན་བཅས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས། ཕྱི་ལོ་ ༡༩༦༤ ལོར་ཨོ་རི་ས་གཞིས་གྲོང་གསུམ་པར་༸སྐྱབས་རྗེས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གདན་ས་བདུད་འདུལ་རབ་བརྟན་གླིང་དུ་དོན་གཉེར་ཅན་རྣམས་ལ་ལམ་སེང་གླིང་བྲོའི་ཆོ་ག་སློབ་སྟོན་འཁྲབ་འཁྲོད་བཅས་ཀྱི་བཀའ་དྲིན་བསྐྱངས་པ་དང་། འཕགས་ཡུལ་ཨོ་རི་སར་གླིང་བྲོའི་ཆོ་ག་ཡང་དར་གྱི་འཁྲབ་འཁྲིད་དང་ཚོགས་པ་བཅས་ཐོག་མ་དེ་དབུ་བརྙེས། ཕྱི་ལོ་ ༡༩༦༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རི་ས་གཞིས་ཆགས་སུ་ཆིབས་བསྒྱུར་སྔ་ཕྱིའི་སྐབས་གླིང་བྲོ་རྒྱས་བསྡུས་ཅི་རིགས་ཀྱི་སྒོ་ནས་གཟིགས་འབུལ་ཞུས་པར་ཐུགས་དགྱེས་ཚོར་ཚད་མེད་ཀྱིས་བསྔགས་བརྗོད་མཐུན་རྐྱེན་རྒྱབ་སྐྱོར་ཡང་མཛད།…

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༨ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་བོད་ཀྱི་ཞོ་སྟོན་དུས་སྟོན་ཐེངས་ ༢༩ པའི་དབུ་འབྱེད་མཛད་སྒོ་ཚོགས་གནང་སོང་།

སྔ་དྲོ་ཚོུད་ ༩།༠༠ ཐོག་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་གྲོང་དང་པོའི་ཉེ་འཁྲིས་སུ་ཆགས་པའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ་བོད་ཀྱི་ཞོ་སྟོན་དུས་སྟོན་གྱི་དབུ་འབྱེད་མཛད་སྒོ་ཚོགས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་སྔ་འགྱུར་རྙིང་མའི་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་འཇིགས་མེད་རིན་པོ་ཆེ་མཆོག དེ་བཞིན་རི་པ་བླ་བྲང་གི་སྐུ་འཁོར་ལྷན་རྒྱས་དང་། ༸སྐྱབས་རྗེ་གསང་གྲོལ་རིན་པོ་ཆེའི་མཁའ་འགྲོ་མཆོག བདུད་འདུལ་རབ་རྒྱས་གླིང་དགོན་པའི་དབུ་འཛིན་བླ་མ་བསོད་ནམས་བཀྲ་ཤིས་ལགས་དང་ས་ས་གནས་འགོ་འཛིན་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་བཅས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལྔ་བརྒྱ་ལྷག་འདུ་འཛོམས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༩ དབུ་འབྱེད་མཛད་སྒོ་ཚོགས་གནང་སོང་།    ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ཞོ་སྟོན་དུས་ཆེན་གྱི་བྱུང་རིམ་དང་མཛད་སྒོའི་འཚམས་འདྲིའི་ངོ་སྤྲོད་གསུང་བཤད་ནང་། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཡི་དགུང་གྲངས་ ༩༠ བཞད་པའི་གོ་སྟོན་རྟེན་དང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་ཡོད་པར་སོང་། འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་འདི་ལོའི་བོད་ཀྱི་ཞོ་སྟོན་དུས་སྟོན་དེ་ཡང་བྱམས་བརྩེའི་ལོ་སྲུང་བརྩི་དང་འབྲེལ་ནས་ཨོ་གཞིས་ཕུན་ཚོགས་གླིང་གཞིས་ཆགས་སུ་གོ་སྒྲིག་ཞུ་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་།     མཛད་སྒོའི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་ནས་བོད་ཀྱི་གནའ་བོའི་ཐུན་མོང་མ་ཡིན་པའི་ཞོ་སྟོན་དུས་སྟོན་འདི་ཨོ་གཞིས་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་ཚོགས་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་བ་དང་། ལྷག་དོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ལྷ་མོའི་ཟློས་གར་ཐོག་ཐུགས་སྣང་ཆེན་པོ་གནང་གི་ཡོད་པར་སོང་། ད་བར་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་ཐུབ་པ་ནི་ཧ་ཅང་གི་ཡག་པོ་བྱུང་འདུག དེ་བཞིན་དེ་རིང་ཞོ་སྟོན་ནང་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཞིག་གཟིགས་འབུལ་ཞུས་པར་དགའ་པོ་ཞེ་དྲགས་བྱུང་སོང་། གཞོན་སྐྱེས་ཚོའི་བོད་ཀྱི་རིག་གཞུང་བདག་གཅེས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་བཀའ་སློབ་ཕེབས་སོང་།     ཞོ་སྟོན་དངོས་གཞིའི་གཟིགས་ཕུད་སྐབས་དང་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་རྔོན་པའི་འདོན་བརྒྱབ་རྗེས་ལྷ་མོའི་སྐྱིད་སྡུག་རེ་མོས་ཀྱིས་ལྷ་གཞུང་སྙིང་བསྡུས་རེ་གཟིགས་ཕུད་ཞུས་སོང་། སྐབས་དེར་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ལྷ་མོ་ཚོགས་པས་ལྷ་གཞུང་གཅུང་པོ་དོན་ཡོད་དོན་གྲུབ་དང་། ཅོན་རཱ་ར་བོད་ཁྱིམ་གྱིས་ལྷ་གཞུང་ཁྱེའུ་པདྨ་འོད་འབར། རྡ་སྟེང་བོད་ཁྱིམ་གྱིས་ལྷ་གཞུང་ས་སྐྱ་པཎྜི་ཏའི་རྣམ་ཐར། སྦན་རྡ་ར་ལྷ་མོ་ཚོགས་པས་ལྷག་ཞུང་རྒྱ་བཟའ་བལ་བཟའ། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ལྷ་མོ་ཚོགས་པས་ལྷ་གཞུང་འགྲོ་བ་བཟང་མོ། ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ལྷ་མོ་ཚོགས་པས་ལྷ་གཞུང་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་སྙིང་བསྡུས་རེ་གཟིགས་ཕུད་ཞུས་སོང་།  ལྷ་གཞུང་གཟིགས་ཕུད་གྲུབ་རྗེས་༸སྐྱབས་རྗེ་འཇིགས་མེད་རིན་པོ་ཆེ་མཆོག་ནས་བཀའ་སློབ་བཀྲིན་བསྩལ་སྐབས། བོད་ཀྱི་རིག་གཞུང་རྒྱུན་འཛིན་གནང་རྒྱུ་འདི་མི་ཐོག་རྒན་པ་གཅིག་པུ་མ་ཡིན་པར་མི་རབས་གཞོན་པ་ཚོས་བོད་ཀྱི་སྐད་ཡིག་གཙོས་བོད་ཀྱི་རིག་གཞུང་གླུ་བྲོ་གར་གྱི་ཟློས་གར་གང་ཡོད་པ་རྣམས་གཅེས་འཛིན་གནང་རྒྱུའི་འགན་འཁྲི་བབ་ཡོད། བླ་མ་དང་ཆོས་པ་ཚོས་ཆོས་ཉམས་ལེན་དང་བསྟན་པ་འཛིན་སྐྱོང་གནང་རྒྱུའི་ཐུགས་འགན་བཞེས་ཀྱི་ཡོད་སྟབས། མི་མང་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཕེབས་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་བོད་ཀྱི་ཟློས་གར་ཚོགས་པའི་བཀྲ་ཤིས་མཆོད་མཚམས་ཀྱི་ལེའུ་གཟིགས་འབུལ་ཞུས་ཏེ་དབུ་འབྱེད་མཛད་སྒོའི་ལས་རིམ་རྒྱལ་ཁའི་ངང་གྲུབ་སོང་། སྤྱིར་བོད་ཀྱི་ཞོ་སྟོན་ནང་མཉམ་ཞུགས་གནང་མཁན་ལྷ་མོའི་ཚོགས་པ་ཁག་བཅུ་གཉིས་ཙམ་ཡོད་ཀྱང་ད་ལན་སྐྱིད་སྡུག་འགའ་རེས་དམིགས་བསལ་དཀའ་ངལ་གྱི་རྐྱེན་པས་ཞོ་སྟོན་ནང་མཉམ་ཞུགས་གནང་ཐུབ་མེད་པ་དང་།དེའི་ཁོངས་སུ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ལྷ་མོ་ཚོགས་པ།  བལ་ཡུལ་ལྷ་མོ་ཚོགས་པ།…

བོད་་ཀྱི་ཟློས་གར་ཚོགས་པའི་པའི་སྒྱུ་རྩལ་བ་རྣམས་ནས་ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧  པར་ཆེད་དུ་གཞུང་འབྲེལ་ཐོག་གདན་ཞུ་ཕུལ་བའི་སྐུ་མགྲོན་ཡོངས་ལ་ཕེབས་སྟོན་གཟབ་རྒྱས་ཞུས།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༩ དགོང་དྲོ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གོ་སྒྲིག་འོག་ཆེད་དུ་གདན་ཞུ་ཕུལ་བའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ ( Michal Brand) མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ (Hans Gert Pottering) མཆོག་   དམིབས་གསལ་སྐུ་མགྲོན་རྣམ་པ།   བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ།  གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཕྲི་དྲིལ་དྲུང་ཆེ་དང་ལས་བྱེད་བཅས་ཚོགས་ཁང་ནང་བཞུགས་གྲལ་འཁོད་མཚམས།   བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་སྐོུ་ཀརྨ་ཆོས་དབྱིངས་ལགས་ནས་སྐུ་མགྲོན་ཡོངས་ལ་འཚམས་འདྲིའི་གསུངས་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་བོད་ཀྱི་ཟློས་གར་ཚོགས་པའི་ངོ་སྤྲོད་སྙིང་བསྡུས་གསལ་བཤད་ཞུས་ཏེ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་མཐར་སྐུ་མགྲོན་ཡོངས་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་རིག་གཞུང་ལ་ཐུགས་སྣང་ཆེན་པོས་དགའ་བརྩི་མཐོང་མངོན་པར་བསྟོད་པ་དང་འཁྲབ་སྟོན་པ་ཡོངས་ལ་དགའ་བསུའི་ཐལ་སྒྲ་འོག་ནས་སྒྱུ་རྩལ་བ་ལྷན་སྐུ་དཔར་སྒྲོན་ནས་ཚང་མས་ཡིད་རངས་བསྔགས་བརྗོད་གནང་རྗེས་གཞུང་འབྲེལ་གསོལ་སྟོན་ཟབ་རྒྱས་འདེགས་འབུལ་གྱིས་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་། Grand Cultural Reception by TIPA Artists for the 67th Tibetan National Uprising Day The artists of the…

༄༅།།ཕྱི་ལོ་༢༠༢༦ཟླ་༠༡ཚེས་༠༦ཉིན་༸སྐྱབས་རྗེ་ཞིང་ཆེན་རབ་འབྱམས་རིན་པོ་ཆེ་མཆོགས་གིས་སྔ་འགྱུར་བཀའ་མའི་དབང་ལུང་ལེགས་གྲུབ་ཀྱི་དགའ་སྟོན་དང་།  སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་འོག་མིན་ཨྱོན་སྨིན་གྲོལ་གླིང་དབུས་བརྙེས་ནས་ལོ་༦༠ཧྲིལ་བོ་འཁོར་བའི་དགའ་སྟོན་གྱི་མཛད་སྒོར་བོད་ཀྱི་ཟློས་གར་ཚོགས་པས་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུ་རྒྱུའི་བགོ་སྐལ་བཟང་པོ་བྱུང་བ།

རྒྱ་གར་འཕགས་ཡུལ་བྱང་ཕྱོགས་ཨུ་ཌར་ཀན་མངའ་སྡེའི་རྒྱལ་ས་སྡེ་ར་སྡུན་དོན་གྲུབ་གླིང་གཞིས་ཆགས་སུ་གཏན་གཞི་ཆགས་པའི་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་འོག་མིན་ཨྱོན་སྨིན་གྲོལ་གླིང་གི་༸སྐྱབས་རྗེ་སྨིན་གླིང་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན།  བཀའ་གཏེར་སྨིན་གྲོལ་རྒྱ་མཚོའི་མཛོད་འཛིན་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་མཆོག་གི་ཞལ་སྔ་ནས།  སྨིན་གླིང་གདན་སར་སྔ་འགྱུར་བཀའ་མའི་དབང་ལུང་ལེགས་གྲུབ་ཀྱི་དགའ་སྟོན་དང་འཕགས་ཡུལ་ཨོ་རྒྱན་སྨིན་གྲོལ་གླིང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་ཡང་སྲུང་བརྩི་ཞུ་བའི་བཀྲ་ཤིས་རྟེན་འབྲེལ་གྱི་དུས་ཚེས་ཁྱད་པར་ཅན་འདིར་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱིས་མཐུན་མོང་མ་ཡིན་སྲོལ་རྒྱུན་གཞས་སྣ་གཟིགས་འབུལ་ཞུས་ཡོད། དེ་ཡང་གཞི་རྩའི་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་གི་དགུན་ཁའི་གུང་སེང་དུས་ཚེས་ཁེལ་ཡོད་ནའང་། སྔ་འགྱུར་བཀའ་མའི་དབང་ལུང་ལེགས་གྲུབ་ཀྱི་དགའ་སྟོན་དང་ཨྱོན་སྨིན་གྲོལ་གླིང་ཕྱག་བཏབ་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་སྐལ་བཟང་དུས་སྟོན་འདིར་འབྲེལ་ཡོད་གོ་སྒྲིག་ཚོགས་ཆུང་གིས་གདན་ཞུ་ཕུལ་འབྱོར་བྱུང་བའི་གོ་སྐབས་བཟུང་སྟེ་དགུང་ཁའི་དགུང་སེང་ཕྱི་བསྣུར་གྱིས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱི་སྣེ་ཁྲིད་འོག  སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་དགེ་རྒན་དང་སྒྱུ་རྩལ་བ་བསྡོམས་གྲངས་ ༣༥ ངོ་བཅར་གྱིས་འདི་གའི་འགོ་ལས་སྒྱུ་རྩལ་བ་རྣམས་ལ་༸སྐྱབས་རྗེ་སྨིན་གླིང་ཁྲི་འཛིན་པོ་མཆོག་གི་སྐུ་གདུང་ཞལ་མཇལ་དང་། ༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་བཀའ་སྒོ་དང་མཇལ་ཁ། དེ་བཞིན་༸སྐྱབས་རྗེ་སྨིན་གླིང་རྗེ་བཙུན་མཁའ་འགྲོ་རིན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ།  གདན་ས་སྨན་གླིང་དུ་མཆོད་མཇལ་དང་། དེ་བཞིན་ཕྱི་ཚེས་ ༦ ཉིན་དགོང་དྲོ་ཕྱག་ཚོད་ ༧ ཐོག་རྟེན་འབྲེལ་གྱི་རོལ་མོའི་མཆོད་དབྱངས་ཀྱི་དགའ་སྟོན་ཉིན་སྐུ་མགྲོན་གི་གཙོ་བོ་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དང་།  ༸སྐྱབས་རྗེ་འཁོར་ཆེན་རིན་པོ་ཆེ་མཆོག  ༸སྐྱབས་རྗེ་སྨིན་གྲིང་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག་གཙོས་པའི་སྐྱེ་ཆེན་གྱི་བླ་སྤྲུལ་རྣམ་པ་དང་།   གྲྭ་བཙུན་སྔགས་གསུམ་གྱི་སྡེ།  ཕྱི་ནང་ནས་ཆེད་བཅར་དད་ལྡན་ཆོས་ཞུ་བ་སྟོང་ཚོ་གསུམ་ལྷག་འདུ་འཛོམས་ཐོག་ཨྱོན་སྨིན་གྲོལ་གླིང་གོ་སྒྲིག་ཚོགས་ཆུང་གི་ཟུང་དྲུང་བླ་མ་བསྟན་སྐྱབས་མཆོག་ནས་འཚམས་འདྲི་གསུང་བཤད་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་འཚམས་ཞུ་དང་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རྟེན་འབྲེལ་དགའ་སྟོན་གྱི་མཆོད་པའི་རོལ་དབྱངས་ཚུལ་དུ་བོད་ཀྱི་གནའ་བོའི་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་སྐབས་བསྟན་བདག་བླ་ཆེན་གཙོས་པའི་དད་ལྡན་ཆོས་ཞུ་བ་རིས་མེད་སེར་སྐྱ་ཕོ་མོ་རྣམས་ནས་དགའ་ཚོར་ཆེན་པོའི་ཐལ་སྒྲའི་ཁྲོད་ཡིད་རང་བསྔགས་བརྗོད་གནང་བ་ནི་བོད་ཀྱི་ཟློས་གར་ཚོགས་པའི་རིག་གཞུང་གཅེས་འཛིན་ཞུ་མཁན་སྒྱུ་རྩལ་བ་ཡོངས་ལ་ཆེ་མཐོང་དང་ཕྱི་ལོ་གསར་པའི་ཟླ་བ་དང་པོ་ཤར་བའི་སྐབས་བསྟན་བདག་བླ་ཆེན་དབུ་བཞུགས་ཐོག་དད་ལྡན་ཆོས་ཞུ་བ་སྟོང་ཚོ་མང་པོའི་མདུན་བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུ་ཐུབ་པ་ནི་སྒྲིབ་སྦྱང་ཚོགས་བསགས་ཀྱི་མཐུས་ཕྱི་ནང་གི་འགལ་རྐྱེན་ཐམས་ཅད་ཞི་བའི་རྟགས་དང་རྟེན་འབྲེལ་བཟང་པོའི་མཚན་མར་མངོན། ༸སྐྱབས་རྗེ་སྨིན་གླིང་རྗེ་བཙུན་མཁའ་འགྲོ་རིན་པོ་མཆོག་དབུས་པའི་སྔ་འགྱུར་རྙིང་མའི་གདན་ས་ཨྱོན་སྨིན་གྲོལ་གླིང་གི་གོ་སྒྲིག་ཚོགས་ཚུང་གི་ཟུང་དྲུང་བླ་མ་བསྟན་སྐྱབས་མཆོག་དང་ཚོགས་ཆུང་གི་རྒྱུན་ལས་རྣམས་ནས་བོད་ཀྱི་ཟློས་གར་ཚོགས་པའི་འགོ་ལས་འཁྲབ་སྟོན་པ་ཡོངས་ཀྱི་བཞུགས་གནས་དང་ཞལ་ལག་མཐུན་འགྱུར་མཐུན་འགྱུར་གང་ལེགས་གནང་བར་ལ་འདི་གའི་དགེ་ལས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་བ་དང་སྦྲགས་མ་འོངས་པ་ཡང་དེ་འདྲའི་གོ་སྐབས་སྐྱབས་འཇུག་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༧ ནས་ཟླ་ ༡༠ ཚེས་ ༡༥ བར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་རིག་གཞུང་ལྷན་ཁུང་ཟུང་སྦྲེལ་གྱིས་བོད་ཀྱི་ཟློས་གར་ཚོགས་པ་ཐེ་ཝན་དུ་༸རྒྱལ་བའི་གོ་སྟོན་སྲུང་བརྩི་དང་འབྲེལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་སོགས་འཁྲབ་སྟོན་དུ་གདན་ཞུ་གནང་བའི་གནས་ཚུལ་སྙིང་བསྡུས།

འདི་ལོར་རང་གཞུང་བོད་མིའི་སྒྲིག་འཛུགས་ནས་ལོ་ཧྲིལ་པོ་༸རྒྱལ་བའི་གོ་སྟོན་དུས་ཆེན་སྲུང་བརྩི་ཞུ་མུས་ལྟར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོས་ལས་ཁུངས་དང་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་རིག་གཞུང་ལྷན་ཁང་ཟུང་སྦྲེལ་ཐོག་བོད་ཀྱི་ཟློས་གར་ཚོགས་པ་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༧ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ བར་ཐེ་ཝན་དུ་གདན་ཞུ་གནང་བར་སོང་། འདི་གའི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་གིས་སྣེ་ཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་གཙོས་ཟློས་དགེ་དང་འཁྲབ་སྟོན་པ་ཁྱོན་མི་གྲངས་ ༡༨ ཕྱོགས་སྐྱོད་འཁྲབ་སྟོན་ཆེད་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༥ ཉིན་བཞུགས་སྒར་ནས་ཕྱིར་ཐོན་གྱིས་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་དེ་ཕྱི་ཚེས་ ༢༧ ཉིན་ཐི་ཝན་དུ་བདེ་འབྱོར་བྱུང་ཞིང་། སྐབས་དེར་གནམ་ཐང་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་དང་ལས་བྱེད།  ཐེ་ཝན་རིག་གཞུང་ལྷན་ཁང་གི་ལས་བྱེད་དང་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་ནས་ཕེབས་བསུ་ཞུས་རྗེས་ཐེ་ཝན་རྒྱལ་ས་ཐེ་པའི་མགྲོན་ཁང་དུ་ཕྱིར་ཐོན་གྱིས་བཞུགས་གནས་སོགས་གྲ་སྒྲིག་འཐུས་ཚང་གནང་འདུག་ཅིང་ཐེ་ཝན་རིག་གཞུང་ལྷན་ཁང་ནས་ཕྱི་ཟླ་ ༩ ཚེས་ ༢༧ ནས་ཕྱི་ཟླ་ ༡༠ ཚེས་ ༠༧ བར་འཁྲབ་སྟོན་དང་བཞུགས་གནས་གོ་སྒྲིག་གནང་བཞིན་ཡོད། ཕྱི་ཚེས་…

German Aid to Tibetans Chairperson Visits TIPA to Review Projects 

༄༅།  །ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཚོུད་ ༡༠ ཐོག་ཇར་མན་རོགས་ཚོགས་ (German Aid to Tibetans) ཀྱི་ཚོགས་གཙོ་ལྕམ་སྐུ་ (Heide Meyer) མཆོག་དང་ཕྱག་རོགས་ཚོགས་པའི་ལས་བྱེད་(Ms. Chritrians) རྣམ་གཉིས་བོད་ཀྱི་ཟློས་གར་ཚོགས་པར་ཆེད་ཕེབས་གནང་ཡོད། དེ་ཡང་རོགས་ཚོགས་ངོས་ནས་འདི་གའི་བུའི་སྡོད་ཁང་དང་ལས་ཤག་གསར་རྒྱག་གི་ལས་གཞིའི་ཐོག་འགྲོ་གྲོན་བརྒྱ་ཆ་ ༥༠ ལྷག་རོགས་སྐྱོར་གནང་ཡོད་པས། ད་ལན་སྡོད་ཁང་དང་ལས་ཤག་གསར་རྒྱག་གི་ལས་གཞི་མཇུག་བསྒྲིལ་ལ་ཉེ་བ་སོང་ཆེད་དུ་ལས་གཞིར་གཟིགས་ཞིབ་གནང་བར་ཕེབས་པ་ཞིག་ཡིན་ཞིང་། དེ་ཙམ་དུ་མ་ཟད་དེ་སྔོན་ཕྱི་ལོ་ ༢༠༡༧ ལོར་འདི་གའི་བུ་མོའི་ཉལ་ཁང་གསར་རྒྱག་ཐད་ལའང་འགྲོ་གྲོན་བརྒྱ་ཆ་ ༥༠ ལྷག་རོགས་སྐྱོར་དང་། བོད་ཀྱི་ཟློས་གར་ཚོགས་པའི་གསོལ་ཐབ་དང་གསོལ་ཚིགས་ཁང་གི་ཁང་ཐོག་གི་ལྕགས་ཤོག་བརྗེ་བསྒྱུར་དང་སྒྱུ་རྩལ་འཁྲབ་སྦྱོང་བྱ་ཡུལ་མདུན་ཐང་གི་གྱང་རྩིག་གསར་རྒྱག་ཐད་ལའང་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཡོད་པས། ད་ལན་བུའི་སྡོད་ཁང་དང་ལས་ཤག་གསར་རྒྱག་གི་ལས་གཞིའི་ཐོག་གཟིགས་ཞིབ་གནང་ཡོད་པ་མ་ཟད། ཇར་མན་རོགས་ཚོགས་ནས་རོགས་དངུལ་མཐུན་འགྱུར་ཞུས་ཡོད་པའི་དེ་སྔའི་ལས་གཞི་གྲུབ་ཟིན་པ་ཁག་ལའང་གཟིགས་རྟོག་གནང་ཡོད་ཅིང། ལས་གཞི་དང་འབྲེལ་བའི་དོགས་འདྲི་ཕེབས་ཁག་ལ་ཕན་ཚུན་དབར་གོ་བསྐོན་གསལ་བཀྲོལ་གྱི་གླེང་མོལ་ལྷུག་པོར་ཞུས་ཡོད། ཚོགས་གཙོ་ལྕམ་ Heide Meyer མཆོག་གིས་ཐུགས་འགན་རྐང་བཞེས་གནང་བའི་འོག་ཇར་མན་རོགས་ཚོགས་ཀྱིས་ད་བར་བོད་ཕྲུག་རྣམས་ཀྱི་སློབ་ཡོན་དང་།…

TIPA Performs at 10th Edition of Ladakh Zanskar Festival.

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༠-༢༡ ཉིན་གཉིས་རིང་ལ་དྭགས་ཟངས་དཀར་དུས་སྟོན་ཐེངས་བཅུ་པའི་ནང་བོད་ཀྱི་ཟློས་གར་ཚོགས་པའི་ཟློས་དགེ་བསྟན་འཛིན་ཡོན་ཏན་ལགས་ཀྱིས་སྣེ་འཁྲིད་འོག་འཁྲབ་སྟོན་གྲངས་བཅུ་བཞི་མཉམ་ཞུགས་གནང་ཡོད། ད་ལན་གྱི་དུས་སྟོན་འདིའི་ནང་གདན་ཞུའི་སྒྱུ་རྩལ་བ་ཆིག་སྟོང་བཞི་བརྒྱ་ལྷག་ཕེབས་ཡོད་པ་དང་། གཟིགས་མོ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་གཅིག་ཁྲི་ལྷག་འདུམས་འཛོམས་བྱུང་ཡོད་ཅིང་། དེའི་ནང་བོད་ཀྱི་ཟློས་གར་ཚོགས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་ཁག་གཉིས་ཙམ་འཁྲབ་སྟོན་གནང་སྟེ་རྒྱ་ཆེའི་མང་ཚོགས་ཚོས་བསྔགས་བརྗོད་དང་དགའ་བསུ་ཆེན་པོ་གནང་སོང་། From September 20 to 21, 2025, a delegation of fourteen performers from the Tibetan Institute of Performing Arts (TIPA),…

Celebration of His Holiness the Dalai Lama’s 90th Birthday

༄༅།  །ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༠ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ བཞེས་པའི་༸སྐུའི་གོ་སྟོན་དུ་ལྷོ་ཤར་ཨེ་ཤེ་ཡའི་ནང་པའི་རྒྱལ་ཁབ་ཁག་དང་ལྷོ་ཀོ་རི་ཡའི་ནང་པ་རྣམས་ནས་བརྟན་བཞུགས་བསྡུས་པ་ཞིག་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་བསྟར་འབུལ་གནང་ཡོད་པ་བཞིན། དེ་ཉིན་གྱི་དགོང་དྲོའི་ཚོུད་ ༦ ཐོག་ལྷོ་ཤར་ཨེ་ཤེ་ཡའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ཝི་ནི་ལགས་དང་ལྷོ་ཤར་ཨེ་ཤེའི་ཡའི་འབྲེལ་མཐུད་པ་སྐུ་ཞབས་སྦྱིན་པ་ལགས་གཉིས་ནས་རེ་བསྐུལ་གནང་དོན་ལྟར་བོད་ཀྱི་ཟློས་གར་ཚོགས་པར་ལྷོ་ཤར་ཨེ་ཤེ་ཡའི་དང་ལྷོ་ཀོ་རི་ཡའི་རྒྱལ་ཁབ་ཁག་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ལེགས་གྲུབ་བྱུང་བའི་བཀྲི་ཤིས་དགའ་སྟོན་གྱི་རྟེན་འབྲེལ་མཚོན་ཆེད་དུ་རིག་གཞུང་གཞས་སྣ་འཁྲབ་སྟོན་དང་དགོང་ཚིགས་བསྟར་འབུལ་ཞུ་རྒྱུའི་དགྱེས་འཛོམས་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད་པའི་ནང་་ཆེད་ཕེབས་སྐུ་མགྲོན་དུ་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཆོས་ཕྱོགས་བླ་ཆེན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དང་བདེ་སྲུང་བཀའ་བློབ་རྣམ་གཉིས། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་བཅས་ཆེད་ཕེབས་གནང་ཡོད་པས། མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་མཚམས་དྲིའི་གསུང་བཤད་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ཝེ་ལི་མཆོག་ནས་དགྱེས་འཛོམས་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་།  དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྣམ་གཉིས་དང་། དེ་བཞིན་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ནས་ཆེད་ཕེབས་ཆོས་ཕྱོགས་བླ་ཆེན་ཁག་ཅིག་ནས་༸རྒྱལ་བའི་གོ་སྟོན་དང་འབྲེལ་བའི་འཚམས་འདྲི་དང་གསུང་བཤད་གནང་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་མཐོུང་མ་ཡིན་པའི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གཞས་སྣ་རིམ་བཞིན་གཟིགས་འབུལ་དང་དགོང་ཚིགས་འདེགས་འབུལ་ཞུས།   དགོང་ཚོགས་རིག་གཞུང་དུས་སྟོན་དུ་ལྷོ་ཤར་ཨེ་ཤའི་ཡའི་ནས་དད་ལྡན་ཆོས་ཞུ་བ་མི་གྲངས་ ༡༠༠༠ ཡས་མས་འདུ་འཛོམས་བྱུང་ཡོད་པས་རྒྱལ་ཁབ་ཕན་ཚུན་དབར་རིག་གཞུང་འཁྲབ་སྟོན་བརྒྱུད་ཕན་ཚུན་མཛའ་བརྩེའི་འབྲེ་ལམ་ཇེ་ཟབ་ཏུ་བཏང་བའི་སྒོ་ནས་བྱམས་བརྩེའི་ཁོར་ཡུག་སྐྱེད་བསྲིངས་དང་གོང་སྤེལ་བྱུང་ཐུབ་པ་ནི་ཚང་མས་དགའ་སྤོབས་བྱེད་འོས་པའི་གནས་སུ་འགྱུར། On the morning of September 20, 2025, to commemorate the…