༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས་ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་འཇར་མན་རོགས་ཚོགས་ German Aid to Tibetans གཙོ་བོར་བསྒྱུར་བའི་ཨོ་སི་ཀྲི་ལི་རོགས་ཚོགས་ TCF སོགས་ནས་མཐུན་འགྱུར་འོག་གསར་བཞེངས་གནང་བའི་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བའི་སྡོད་ཁང་དང་ལས་ཤག་གསར་རྒྱག་ལེགས་གྲུབ་ཟིན་པའི་ “ཐང་སྟོང་ཁང་གསར།” དབུ་འབྱེད་གནང་སོང་། དེ་ཡང་གོང་ཚེས་ཉིན་ཞོགས་པ་ཕྱགས་ཚོད་ ༡༠ ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་ཁག་ཅིག་གིས་སྨོན་ལམ་གསུང་འདོན་གྱིས་རབ་གནས་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་འཇར་མན་རོགས་ཀྱི་དབུ་འཛིན་ཟུར་པ་ལྕམ་སྐུ་ Heide Meyer མཆོག་ནས་དབུ་འབྱེད་གནང་རྗེས་རོགས་ཚོགས་དང་སྐུ་མགྲོན་རྣམས་ནས་གཟིགས་སྐོར་གནང་སོང་།
དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་དུ་དབུ་འབྱེད་མཛད་སྒོར་དཔལ་ལྡན་སྲིད་ཀྱོང་མཆོག་དང་འཇར་མན་རོགས་ཚོགས་ཀྱི་དབུ་འཛིན་ཟུར་པ་ལྕམ་སྐུ་ Hiede Meyer མཆོག་དང་འཇར་མན་རོགས་ཚོགས་ཀྱི་འཐུས་མི་ Dr Franziska Schlarmann, Anna Wiencek and German Architect Mr. Mattihias Daxl ལགས་དང་ཁང་བཟོའི་འཆར་འགོད་པ་ Sharddha and Rita from Sejpal& Raje Mumbai, འཛུགས་བསྐྲུན་བཟོ་བཀོད་རིག་པ་ Mr. Manjeet Singh (UTKARSH VAASTU), ་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དང་རྡ་སྟེང་བོད་ཁྱིམ་ངེས་སྟོན་པ་བསོད་ནམས་སྲིད་ཆོས་ལགས། དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་དང་ནང་སྲིད་དྲུང་ཚབ་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས། ཟློས་གར་འགན་འཛིན་ཟུར་པ་ཤོད་སུར་བསོད་ནམས་ཆོས་འཕེལ་ལགས་དང་ནང་སྲིད་དྲུང་ཟུར་ཚེ་དབང་སྒྲོལ་མ་ལགས་དང་། བོད་ཀྱི་ཟློས་གར་ཚོགས་པའི་དགེ་ལས་ཚོགས་མི་ཡོངས་ཚང་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ཐང་སྟོང་ཁང་གསར་གྱི་ལས་གཞིའི་དགོས་དམིགས་དང་དམིགས་ཡུལ། ལས་གཞི་ཕུགས་འཕེར། བསྲ་བརྟན་དང་གནམ་གཤིས་བསྒྱུར་རྡོགས་ལ་བསྟུན་ནས་ཁང་བཟོའི་འཆར་འགོད་པ་བཀོད་རེས་བཟོ་སྐྲུན་ཐོག་ལག་བསྟར་བརྒྱུད་རིམ་གྱིས་ད་ཆ་དམིགས་དཔེ་འོས་པའི་ཁང་གསར་ལེགས་གྲུབ་བྱུང་བའི་ལས་བསྡོམས་དང་བྱུང་སོང་གི་རྩིས་ཁྲ་སྙན་སྒྲོན་ཞུས་པ་བོད་མིའི་སྒྲིག་འཛུགས་ནས་སྔ་ཕྱི་བར་གསུམ་ལ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་ལྟི་གནས་ཁང་འདི་གལ་ཆེར་དགོངས་ནས་ཕྱིའི་འཛུགས་སྐྲུན་མཐུན་རྐྱེན་འོག་རོགས་སྐྱོར་གནང་བ་མ་ཟད་སྒོས་སུ་ད་རེས་ཐང་སྟོང་ཁང་གསར་གྱི་རྒྱ་ཁྱོན་ཕོ་ཀྲི་གྲུ་བཞི་མ ༢༢༢༣༢ ནང་ཐོག་རྩེ་བཞི་དང་འོག་ཐོག་བཅས་སུ་སྒྱུ་རྩལ་བའི་སྡོད་ཁང་ ༢༤ དང་ IBHK གྲངས་ ༦ དང་ 2BHK གྲངས་ ༤ དང་འོག་ཐོག་དུ་ཁང་མིག་གཉིས་ཅན་གྱི་སྡོད་ཁང་བཅས་ཁྱོན་ཁང་མིག་ ༣༦ གསར་རྒྱག་དང་འཛིན་ཆས་སོགས་ཀྱི་འགྲོ་གྲོན་ཁྱོན་ཧིན་སྒོར་ས་ཡ་ ༡༠༠ ལྷག་ཙམ་དངོས་སོང་ནས་བོད་མིའི་སྒྲིག་འཛུགས་ནས་བརྒྱ་ ༥༥ དང་འཕྲོས་འཇར་མན་རོགས་ཚོགས་ནས་བརྒྱ་ཆ་ ༤༠ མཐུན་འགྱུར་གནང་བ་དང་། གློག་གི་འགྲོ་སོང་བསྲི་ཚགས་སླད་ Solar systems for water heating and lighting and street light སོགས་ཀྱི་འགྲོ་གྲོན་མཐུན་འགྱུར་ཨི་སི་ཀྲི་ལི་ཡ་རོགས་ཚོགས་ TCF མཐུན་འགྱུར་གནང་བར་རྗེས་སུར་ཡིད་རངས་ཞུས།


དེ་རྗེས་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་ཟློས་གར་ཚོགས་པ་ནས་འཇར་མན་རོགས་ཚོགས་ཀྱི་ལྕམ་སྐུ་ Heide Meyer མཆོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འདས་པའི་ལོ་ངོ་ ༤༠ ལྷག་ཙམ་རོགས་སྐྱོར་གནང་བར་བཀྲིན་རྗེས་དྲན་གྱི་བསྔགས་བརྗོད་ཕྱག་འཁྱེར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གནང་། ལས་གཞིའི་ཐོག་མཐུན་འགྱུར་རམ་འདེགས་གནང་མཁན་ཡོངས་ལ་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་དྲན་རྟེན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གནང་། དེ་རྗེས་འཇར་མན་རོགས་ཚོགས་ཀྱི་དབུ་འཛིན་ཟུར་པ་ Hiede Meyer མཆོག་ནས་བོད་པའི་སྤྱི་ཚོགས་སྤྱི་ཡོངས་དང་སྒོས་སུ་བོད་ཀྱི་ཟློས་གར་ཚོགས་པའི་ལས་གཞིའི་ཐོག་མཐུན་འགྱུར་གནང་ཕྱོགས་སྐོར་བཀའ་སློབ་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བོད་ཀྱི་ཟློས་གར་ཚོགས་པ་འདི་གལ་གནད་སྐོར་དང་དེའི་ནང་སློབ་གཉེར་སྒྱུ་རྩལ་བ་རྣམས་དང་དགེ་ལས་ཚོགས་མི་རྣམས་ལ་མཐུན་རྐྱེན་སྐྲུན་གལ། བོད་ཀྱི་རིག་གཞུང་དེ་སོ་སོའི་ཕ་མེས་ནས་བརྒྱུད་པའི་རྩ་ཆེན་རིག་གཞུང་ཞིག་ཡིན་པའི་ཆེ་མཐོང་གིས་ཚང་མས་འབད་བརྩོན་གནང་དགོས་པ་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་ཟློས་གར་སྒྱུ་རྩལ་རིག་གཞུང་ལ་ཆེ་མཐོང་དང་བརྩི་ཁུར་གྱིས་སོ་སོའི་ཕྲུ་གུ་ཟློས་གར་སྒྱུ་རྩལ་སློབ་གཉེར་བྱ་འདོད་ཡོད་ན་དེར་ཕ་མས་རྒྱབ་སྐྱོར་གནང་དགོས་པ་གལ་ཆེན་པོ་སོང་དེ་ལྟར་གནང་དགོས་གལ་ཆགས་ཡོད། ཐང་སྟོང་ཁང་གསར་གྱི་ཁང་པའི་དཔེ་རིས་དང་སྤུས་ཀ་སོགས་གང་ལེགས་བྱུང་ཡོད་པ་མ་འོངས་པ་བདག་གཅེས་དོ་ནན་བྱ་གལ་སོང་། འཇར་མར་རོགས་ཚོགས་ནས་བོད་པའི་སྤྱི་ཚོགས་ནང་རོགས་སྐྱོར་བྱེད་མཁན་གྱིས་རོགས་ཚོགས་རྙིང་ཤུས་དང་རྒྱ་ཆེ་ཤོས་གནང་མཁན་ཆགས་ཡོད། བོད་ཀྱི་ཟློས་གར་ཚོགས་པ་ལྟ་བུ་མཚོན་ན་ད་ཡོད་འཛུགས་སྐྲུན་གྱི་ཁང་ཁུངས་ཕལ་མོ་ཆེ་བ་འཇར་མན་རོགས་ཚོགས་ནས་རོགས་སྐྱོར་གནང་ཡོད་པ་རོགས་ཚོགས་ཀྱི་དབུ་འཛིན་གཙོས་པའི་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་འོངས་པ་ཡང་མུ་མཐུད་རོགས་སྐྱོར་གནང་སྐྱོང་ཡོང་བའི་ཞབས་བསྐུལ་ཞུས་ནས་ཟློས་གར་དྲུང་ཆེ་བསོད་ནསམ་ཆོས་འཕེལ་ལགས་ནས་ཐུགས་རྗེ་ཆེ་ཞུ་ཞུས་ཏེ་དཔལ་ལྡན་སྲིད་སྐྱོང་དབུ་བཞུགས་ཐོག་སྦྱིན་བདག་དང་། སྐུ་མགྲོན་དང་ཟློས་གར་དགེ་ལས་ཚོགས་མི་ཡོངས་ལྷན་དུ་སྐུ་དཔར་སྒྲོན་ནས་ཉིན་དགུང་གསོལ་ཚིགས་འདེགས་འབུལ་རྗེས་དབུ་འབྱེད་མཛད་སྒོ་ལེགས་གྲུབ་ངང་གྲོལ།
Sikyong Penpa Tsering inaugurates the new Thangtong Building of the Tibetan Institute of Performing Arts
On April 17, 2026, Sikyong Penpa Tsering officially inaugurated the newly constructed “Thangtong Building” of the Tibetan Institute of Performing Arts. The project was completed with support from the Central Tibetan Administration, German Aid to Tibetans, and the TCF, among others.
The inauguration ceremony began at 10:00 a.m. with prayers and consecration rituals conducted by monks from Gyutoe Monastery. Following the religious ceremony, Sikyong Penpa Tsering and former president of German Aid to Tibetans, Heide Meyer, jointly inaugurated the new facility. Guests and supporters were then given a guided tour of the premises.
A formal function was subsequently held in the institute’s hall, attended by representatives of supporting organizations, architects, engineers, and senior officials. During the event, the institute’s Director presented an overview of the project, outlining its objectives, long-term vision, and implementation process. The report highlighted the building’s sustainable design, including measures addressing climate change and durability.



The newly completed complex spans approximately 22,232 square feet and includes 36 residential units for artists, comprising single-bedroom, one-bedroom, and two-bedroom apartments. The total construction cost is around 10 crore, with 55% funded by the Central Tibetan Administration and 40% by German Aid to Tibetans. Additional support from the Tibetan Children’s Fund helped install solar-powered systems for water heating, lighting, and street illumination.
During the ceremony, Sikyong Penpa Tsering presented a certificate of appreciation to Heide Meyer in recognition of her more than 40 years of dedicated support to the Tibetan community in exile. Tokens of gratitude were also distributed to all contributors involved in the project.
In her remarks, Heide Meyer spoke about the long-standing partnership between German Aid to Tibetans and the Tibetan community, particularly in supporting cultural initiatives like the Tibetan Institute of Performing Arts.
Addressing the gathering, Sikyong Penpa Tsering emphasized the importance of preserving Tibetan performing arts as a vital cultural heritage passed down through generations. He urged the community to value and support such institutions, encouraging parents to motivate their children to pursue studies in traditional arts.
He also stressed the importance of maintaining the newly constructed facility to ensure its long-term benefit. Expressing gratitude to German Aid to Tibetans, he acknowledged the organization as one of the oldest and most significant supporters of the Tibetan community, noting that many infrastructure projects of the institute have been made possible through its assistance.
The ceremony concluded with a group photograph of dignitaries, donors, and staff, followed by a luncheon, marking the successful completion of the inauguration event.










